མཚོ་བྱང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི32ཚང་མ་ཐག་གཅོད་བྱས་པ།


ཟླ1པོའི་ཚེས29ཉིན། མཚོ་བྱང་ཁུལ་སྲིད་གྲོས་ཀྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་བྱ་བའི་གནས་ཚུལ་ཁྱབ་བརྡ་གཏོང་བའི་ཚོགས་འདུ་འཚོགས་ལ། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བ་དང་དམངས་འཚོའི་དོ་ཁུར་ལ་དམ་པོར་དམིགས་ནས་ཐབས་འདོན་ཇུས་འབུལ་དང་རང་འགན་གཙང་སྒྲུབ་ཀྱིས་ཁྱོན་གྲོས་གཞི71ཕུལ་བ་དང་། འགན་སྒྲུབ་འཁུར་བའི་ལས་ཁུངས་སོ་སོས་ཚིགས་གནས་མཐོ་རུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ། སྒྲུབ་རྒྱུར་སྤྲད་པའི་གྲོས་གཞི32ཚང་མ་དུས་བཀག་ལྟར་ཐག་གཅོད་བྱས་ནས་ཏང་སྲིད་སྡེ་ཁག་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།    

ལོ་གཅིག་གི་རིང་། ཁུལ་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ལྷག་པར་དུ་གྲོས་གཞིའི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ཏེ་སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱས་པར་གཙོ་བོ་ཁྱད་ཆོས་བཞི་མངོན་ཡོད་དེ།  གཅིག་ནི་གྲོས་གཞིའི་བྱ་བས་ཁུལ་ཡོངས་ཀྱི་དོན་ཆེན་ལ་དོ་སྣང་ཆེན་པོ་བྱས་ཡོད། “རྒྱལ་དོན་གྱི་ཆེ་ཕྱོགས”ལ་དམིགས་ནས་གྲོས་གཞིའི་བྱ་བ་སྤེལ་ཞིང་། “243”འཕེལ་རྒྱས་ཀྱི་བཀོད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན།  “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”བཅས་ཀྱི་འཕེལ་རྒྱས་དམིགས་འབེན་དང་འཐབ་ཇུས་བླང་བྱར་དམིགས་ཏེ། ཏང་སྲིད་བྱ་བའི་ལྟེ་བ་གང་དུ་སྐུལ་སྤེལ་བྱས་ན་གྲོས་གཞིའི་བྱ་བ་དེ་རུ་སྤེལ་ཐུབ་པར་བྱས་ཏེ། ཕྱོགས་ལྷུང་དང་ཕྱོགས་རེས་མི་བྱེད་པའི་འགན་ལེན་ཏན་ཏིག་བྱས་ཤིང་། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། གཉིས་ནི་གྲོས་གཞིའི་ནང་དོན་དམངས་འཚོའི་དོན་དངོས་ལ་དམིགས་ཡོད། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དམངས་འཚོའི་བདེ་སྐྱིད་ལ་དམ་པོར་དམིགས་ནས་གྲོས་གཞིའི་བྱ་བ་སྒྲུབ་སྟེ། དམངས་འཚོའི་བྱ་བར་དམིགས་ནས་གྲོས་གཞི20བཏོན་ལ། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་ཤུགས་སྣོན་ས་གལ་ཆེན་དུ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པས་ཁུལ་ཡོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞབས་ཞུའི་འགན་ལེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། གསུམ་ནི་གྲོས་གཞི་སྒྲུབ་པར་སྐུལ་འདེད་གཏོང་བར་ཚད་མཐོན་པོའི་སྒོ་ནས་རྒྱུན་འཁྱོངས་བྱས་ཡོད།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་གཙོ་གནད་གྲོས་གཞི་དངོས་སུ་སྒྲུབ་འགན་འཁུར་ནས་གོང་གིས་འོག་ལ་སྣེ་ཁྲིད་དེ་མགོ་ཁྲིད་ཀྱི་སྐུལ་འདེད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པ་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ། རྫོང་སོ་སོ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་གྲོས་གཞི་འགན་སྒྲུབ་དང་རོགས་སྒྲུབ་བྱས་ནས་གྲོས་གཞི་སྒྲུབ་གཉེར་དང་གཙོ་གནད་ལས་འགན་ཟུང་འབྲེལ་བྱས་ཏེ་སྲིད་གཞུང་གི་ལོ་འཁོར་མོའི་ལས་འགན་གྱི་བྱ་བའི་སྟེགས་བུ་ཆེན་པོ་དང་མཉམ་འདྲེས་བྱས་ནས་གཅིག་གྱུར་ཐོག་སྒྲིག་འཛུགས་དང་དོན་འཁྱོལ་བྱས་ལ། ཁུལ་སྲིད་གྲོས་ཀྱིས་གྲོས་གཞིའི་བྱ་བའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་གྲོས་གཞི་འདོན་པ་དང་ཐོ་འགོད་བྱེད་པ། སྒྲུབ་རྒྱུར་སྤྲད་པ། སྒྲུབ་པར་ལྟ་སྐུལ་བྱེད་པ་སོགས་ཀྱི་གོ་རིམ་སོ་སོ་སྤྱི་འདོམས་མཐུན་སྦྱོར་འབྲེལ་མཐུད་ཞབས་ཞུ་དང་རྗེས་འདེད་ལྟ་སྐུལ་སོགས་བྱེད་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་གཙོ་འགན་གཙོ་ལས་འགན་འཁྲི་ཏན་ཏིག་སྒོས་འཁུར་ཡོད། བཞི་ནི་གྲོས་གཞིའི་སྤུས་ཚད་ཚད་གཞི་མཐོན་པོའི་སྒོ་ནས་རྒྱུན་འཁྱོངས་བྱས་ཡོད།  གྲོས་གཞི་འདོན་སྐབས་ཨུ་ཡོན་རྣམས་ཀྱི་སྲིད་ཇུས་ཀྱི་གོ་བ་ལེན་ནུས་དང་བརྗེ་རེས་འབྲེལ་འདྲིས་བྱེད་ནུས། བརྟག་དཔྱད་ཞིབ་འཇུག་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྲིད་ཞུགས་སྲིད་གླེང་བྱ་རྒྱུ་དེ་གནད་འགག་ཆེ་སར་བཞག་ཅིང་། གྲོས་གཞི་སྒྲུབ་རིང་གྲོས་གཞི་འདོན་མཁན་གྱི་ཨུ་ཡོན་དང་འགན་སྒྲུབ་འཁུར་བའི་ལས་ཁུངས་དང་ངོ་ཐུག་ནས་འབྲེལ་གཏུག་བརྗེ་རེས་བྱ་རྒྱུར་དེ་བས་དོ་ཁུར་བྱས་ཏེ་གྲོས་མོལ་བྱས་པ་བརྒྱུད་སྒྲུབ་གཉེར་གྱི་གནད་སྨིན་དང་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད། གྲོས་གཞི་སྒྲུབ་པའི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ཁྲོད་ཨུ་ཡོན་དང་འགན་སྒྲུབ་ལས་ཁུངས། མང་ཚོགས་ཀྱི་འཐུས་མི་ཁ་ཤས་སོགས་སྒྲིག་འཛུགས་བྱས་ཏེ་ཕྱོགས་གཉིས་ཀྱི་དམངས་གཙོའི་དཔྱད་གླེང་ཚོགས་འདུ་འཚོགས་ནས་ཕྱི་རོལ་ཡུལ་དང་མཐུན་པ། དོན་དངོས་སྒྲུབ་པ། དམངས་གཙོའི་དཔྱད་གླེང་བཅས་ཀྱི་ཐོག་ནས་གྲོས་གཞིའི་སྤྱི་ཡོངས་ཀྱི་སྤུས་ཚད་ལ་གདེང་འཇོག་བྱས་པས་སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་འགན་ལེན་ནུས་ལྡན་བྱས་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号