སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་མཐའ་གཅིག་ཏུ་སྐུལ་འདེད་བཏང་སྟེ་མཚོ་བྱང་གི་གཙང་ཆུ་དྭངས་མོ་ལྷུང་ལྷུང་ཤར་དུ་བཞུར་བར་འགན་ལེན་བྱེད་དགོས།

——ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཅུས་ཀྲང་ཝང་ཆིན་དང་ཉེ་བར་བཅར་བ།

ཟླ1པོའི་ཚེས17ཉིན། མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པའི་རིང་རང་རེའི་ཚགས་པར་ཁང་གི་གསར་འགོད་པས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཅུས་ཀྲང་ཝང་ཆིན་ལ་བཅར་འདྲི་བྱས་ལ། ཁོས་བཤད་རྒྱུར“ཚང་འཛོམས་གྲོས་ཚོགས་ཐོག2023ལོར་རང་ཁུལ་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཕྱོགས་སྡོམ་བྱས་ཏེ་བྱ་བའི་ཁྲོད་ཀྱི་སྔོན་ཐོན་ཉམས་མྱོང་ཞིབ་བརྡར་བྱས་པ་དང་། དུས་རབས་གསར་པ་དང་དུས་སྐབས་གསར་པ། གྲུབ་འབྲས་གསར་པ་བཅས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འདས་པའི་ལོ་གཅིག་གི་རིང་ཁུལ་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་ནུས་ལྡན་རང་བཞིན་གྱི་ལག་ལེན་དང་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་ཕྱོགས་སྡོམ་བྱས་ཡོད་པས། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་ལས་བཟོ་བས་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་ཕོད་པ་དང་འབད་བརྩོན་ལྷོད་མེད་ཀྱིས་འབད་འཐབ་བྱེད་ཕོད་པ། རྒྱུན་ཆད་མེད་པར་འབད་འབུངས་ཡར་བརྩོན་བྱེད་པ་བཅས་ཀྱི་སྙིང་སྟོབས་མངོན་ཡོད”ཟེར།

 

ཝང་ཆིན་གྱིས་བཤད་རྒྱུར་ཚང་འཛོམས་གྲོས་ཚོགས་ཐོག2024ལོར་དམིགས་ཏེ་དམིགས་ཚད་ཁ་གསལ་དང་བྱ་ཐབས་ནུས་ལྡན་གྱི་འཐབ་ཇུས་བཀོད་སྒྲིག་བཟོས་ཡོད་ལ། ཁུལ་ཡོངས་ཀྱིས་སྐྱེ་ཁམས་འཛུགས་སྐྱོང་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་དོན་བྱེད་པ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་སྲུང་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་རིན་ཐང་ནུས་ལྡན་ངང་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་དགོས་པ་བཏོན་ཡོད། ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་གསུང་བཤད་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱི་སྙན་ཞུ་ཡིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ངར་ཤུགས་འཕེལ་བར་བྱེད་ཅིང་། མཚོ་བྱང་ཁུལ་གྱི་གནས་ཚུལ་གནད་ལ་འཁེལ་བའི་ངང་འགྲེལ་བཤད་བརྒྱབ་པ་དང་ལུགས་མཐུན་ངང་གཏན་འཁེལ་བྱས་ཡོད་ལ། ང་ཚོའི་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་འཆར་གཞི་བཀོད་དེ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཟེར།     


མ་འོངས་པའི་བྱ་བའི་སྐོར་གླེང་སྐབས། ཝང་ཆིན་གྱིས་གོམ་སྟབས་རྗེས་མར་ང་ཚོས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་འགན་ཁུར་ཡིད་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་ལྟ་སྐུལ་དོ་དམ་དང་ཁོར་ཡུག་ཁྲིམས་བསྟར། སྦགས་བཙོག་འགོག་བཅོས། ཐཱན་ཇེ་དམའ་དང་ཉུང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་སོགས་ཕྱོགས་སོ་སོའི་བྱ་བ་ཡག་པོར་བསྒྲུབ་ནས། མཚོ་བྱང་གི་སྔོ་ཞིང་བསངས་པའི་ནམ་མཁའ་དང་དྭངས་ཤིངས་བསིལ་བའི་ཆུ་མོ། གཙང་ཞིང་དག་པའི་ས་གཞི་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་དམ་པོར་དམིགས་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སོགས་ཀྱི་རིགས་སོ་སོའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ལ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་བཟང་པོ་འཛུགས་སྐྱོང་བྱས་ནས་མཚོ་བྱང་གི་རི་སྔོ་ཆུ་དྭངས་ཡིན་པ་དང་གཙང་ཆུ་ལྷུང་ལྷུང་ཤར་དུ་བཞུར་བར་འགན་ལེན་བྱེད་དགོས་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང“རི་བོ་གཉིས་ཀྱི་རིགས་པའི་གཞུང་ལུགས”མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་གྲུབ་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བྱང་གིས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་བསྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་དབུལ་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号