ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 

----ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་འཇམ་དབྱངས་དོན་ལྡན་ལ་བཅར་འདྲི་བྱས་པ། 



“ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས(རྒྱ་སྐྱེད)ཐེངས་བརྒྱད་པས་རང་ཁུལ་འཕེལ་རྒྱས་ལ་བླང་བྱ་གསར་པ་བཏོན་པ་དང་ལས་འགན་གསར་པ་གསལ་པོ་བཟོས་ཡོད། ང་ཚོས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་དུས་བབ་གསར་པ་སྟངས་འཛིན་དང་བླང་བྱ་གསར་པ་ལག་བསྟར་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་པའི་སྐད་ཆ་འདི་ཟླ1པོའི་ཚེས17ཉིན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་གསར་འགོད་པས་ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་འཇམ་དབྱངས་དོན་ལྡན་ལ་བཅར་འདྲི་བྱེད་སྐབས་དེ་ལྟར་བཤད།


འཇམ་དབྱངས་དོན་ལྡན་གྱིས་ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་མགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ཞིང་ཆེན་ཏང་ཨུས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བྱ་བའི་བླང་བྱར་དམ་པོར་དམིགས་ནས“ལོ་གཅིག་ནང་ཡར་རྒྱས་མགྱོགས་ཤོས”ཀྱི་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལ་ནུས་ཤུགས་ཡོད་རྒུས་དམིགས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་ངང་འཆམ་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཡོད། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་བྱ་ཐབས60ཡི་རྨང་གཞིའི་ཐོག་འགུལ་རྣམ་ལེགས་སྒྲིག་གི་བྱ་བའི་བྱེད་ཐབས་བཟོས་ནས“སྒྲུབ་གཉེར་གསལ་འདེབས་དང་ཁ་ཆད་གླེང་མོལ་གྱི་དྲན་སྐུལ+བྱ་བའི་ཁྱབ་བརྡ”དང“ཟླ་རེར་གནད་དོན་མེད་པར་བཟོ་བ་དང་། ཡ་ཟླ་རེའི་ཚོགས་འདུ་བཀོད་གཏོང་། དུས་ཚིགས་རེར་ལྟ་སྐུལ་ཞིབ་བཤེར། ལོ་མཇུག་དཔྱད་བསྡུར་གྱི་འགན་འཁྲི་རྩད་གཅོད”བཅས་ཀྱི་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད། ཏང་འཛུགས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་གི་སྣེ་ཁྲིད་པའི“རྫོང་གཅིག་ལ་ཆས་རྟགས་གཅིག”དང“རྫོང་གཅིག་ལ་ཆས་རྟགས་སྣ་མང”གི་དཔེ་སྟོན་བཟོ་སྐྲུན་སྐྱེད་སྲིང་དང་གསར་གཏོད་ཤུགས་ཆེན་བྱས་ནས་འཇུ་ལག་གི“136”བཅོས་སྒྲིག་གི་རྣམ་པ་གསར་པ་དང་། མདོ་ལའི“སོ་བ་བརྒྱ་སྟོང”། མདའ་བཞིས“ཆུང་བ་དྲུག”གི་བྱ་བའི་བྱེད་ཐབས། རྐང་ཚའི“རིམ་ལྔའི་བདེ་འཇགས་དྲ་བ”སོགས་སྤྱི་ཚོགས་བཅོས་སྐྱོང་གི་དཔེ་མཚོན་ཉམས་མྱོང་སྔ་རྗེས་སུ་ཁྱབ་གདལ་བཏང་ནས་བོད་འབྲེལ་ས་ཁུལ་གྱི་ཏང་འཛུགས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་དེ“མཚོ་བྱང་གི་ཉམས་མྱོང”ལེགས་སྐྱེས་སུ་ཕུལ་ཡོད། ས་ཁུལ་གཅིག་གིས་གསར་གཏོད་དང་ཁུལ་ཡོངས་ཀྱིས་མཉམ་སྤྱོད་བྱ་རྒྱུར་དམིགས་ནས“དམ་འཛིན་གསུམ་དང་འཛུགས་སྐྲུན་གསུམ”གྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལམ་སྲོལ་དང་། བདེ་འཇགས་འཛུགས་སྐྲུན་དྲ་མཐིལ་གྱི“གསུམ་ཅན་བཞིའི”བཟོ་སྐྲུན། ཡིག་བསྐུར་ངོ་བཅར“བརྒྱ་ཆའི་བརྒྱ་ཅན་གསུམ”སེལ་བ་དང་། འགལ་ཟླ་དང་རྩོད་གཞི“དབྱེ་འབྱེད་གསུམ”གྱི་ལམ་སྲོལ། “མེད་པ་བརྒྱད་དང་ཡོད་པ་དྲུག”གི་བདེ་འཇགས་སྡེ་བ་ཚང་མར་གཏོད་པ།“ལྟེ་གནས་ལྔ+སྒོ་གཅིག”གི་ཆ་འཕྲིན་ཅན་གྱི་སྟེགས་བུ་སོགས་བདེ་འཇགས་འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་སའི་བཟོ་སྐྲུན་རབ་དང་རིམ་པ་བདེ་བླག་ངང་བཏོད་ཡོད་ཟེར།


གོམ་སྟབས་རྗེས་མའི་བྱ་བའི་བསམ་ཕྱོགས་སྐོར་གླེང་སྐབས། འཇམ་དབྱངས་དོན་ལྡན་གྱིས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་ལྟར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པ་དང་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བྱ་བའི་བླང་བྱར་དམིགས་ཏེ་ནུས་ཤུགས་ཡོད་རྒུས“ལོ་གཉིས་ནང་ཕན་འབྲས་མངོན་པའི”དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་རྒྱུན་འཁྱོངས་ལྷོད་མེད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ། “རྡུང་རྡེག་དང་སྔོན་འགོག དོ་དམ། ཚོད་འཛིན”བཅས་གཞི་གཅིག་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་དྲ་བ་ཧུར་ཐག་འཛུགས་པ། སྲིད་ཁྲིམས་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་དངོས་འཐབ་འཇོན་ཐང་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་སྔོན་འགོག་དང་འདུམ་འགྲིག་ནུས་ལྡན་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号