དྲོ་སྐྱིད་དང་ཕན་འབྲས་སྔར་ལས་ཆེ་བའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་ནུས་ཤུགས་ཡོད་རྒུས་མཁོ་འདོན་བྱེད་དགོས།

ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རིན་པ་ཐར་དང་ཉེ་བར་བཅར་པ།


ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་མ་འོངས་ཁུལ་ཡོངས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་གཏན་འཁེལ་བྱས་ཤིང་།  དེ་ཐེངས་སྔོན་མའི་ཚང་འཛོམས་གྲོས་ཚོགས་དང་གཅིག་རྒྱུན་གཅིག་མཐུད་བྱས་ཡོད་ལ།  ཁུལ་ཨུས་འཕེལ་རྒྱས་ལ་དམ་འཛིན་དང་བརྗིད་ཆེའི་འཆར་འགོད་མཐར་ཕྱིན་བྱེད་པར་འགན་འཁྲི་ཁུར་བ་མངོན་ཡོད། ང་ཚོས་བྱ་བ་དངོས་ཀྱི་ཁྲོད་དུ་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་ཞེས་པའི་སྐད་ཆ་འདི་ཟླ1པོའི་ཚེས17ཉིན།  ཁུལ་འཕྲོད་བསྟེན་བདེ་ཐང་རྒྱུན་ཨུའི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རིན་པ་ཐར་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།


པ་ཐར་གྱིས་འདས་པའི་ལོ་གཅིག་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བཟུང་བ་དང་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་འཕེལ་རྒྱས་འདུ་ཤེས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཧུར་ཐག་སྒོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བ་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་པ་དང་།  བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་བླངས་བ། ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་རྣམ་པ་གསར་བ་བཏོད་ཡོད།  རིམ་པ་གསུམ་པའི་སྨན་ཁང་གསར་འཛུགས་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ས་གནས་ཀྱི་ནད་རིགས་འགོག་བཅོས་ལ་ནུས་པ་དང་ཕན་འབྲས་ལྡན་པར་བྱས་པ།  གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ལ། ལས་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ། མང་ཚོགས་ཀྱི་བདེ་ཐང་གྲངས་ཚད་རྒྱུན་མཐུད་ངང་འཕར་བ་དང་བྱ་བ་སོ་སོ་ལས་གཞི་ཁག་མུ་མཐུད་གོང་དུ་འཕེལ་པའི་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཡོད་ཅེས་ངོ་སྤྲོད་བྱས།



“རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། ཁུལ་ཡོངས་དར་རྒྱས་གཏོང་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་སྨན་བཅོས་འཕྲོད་བསྟེན་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། གཞི་རིམ་སྟོབས་ཆེར་གཏོང་བ་དང་ཞན་ཆ་གསབ་པ། བྱེད་སྟངས་བསྒྱུར་བ། ལམ་སྲོལ་འཛུགས་པ་ནི་བྱ་བའི་དམིགས་འབེན་དུ་འཛིན་པ། མི་དམངས་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་བརྗོད་དོན་དུ་འཛིན་པ།  བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྨན་བཅོས་ཞབས་ཞུའི་ནུས་པ་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན། ཁུལ་མི་དམངས་སྨན་ཁང་གཉིས་པ་རིམ་གསུམ་སྨན་ཁང་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གཙོ་གནད་ཚན་ཁག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གསར་གཏོད་ལས་དོན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་བོད་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལུའུ་ཆིན་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་འཁོར་སྐྱོད་གཉེར་སྐྱོང་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབས་ཏེ་ཁམས་གསོ་དང་གཟུགས་པོར་བརྟག་དཔྱད། ལུས་ཁམས་བདེ་སྲུང་སོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཚབས་ཆེན་ལ་ཞིབ་འཇུག་དང་དཔྱད་དཔོག ཐབས་ཇུས། སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཀྱི་ནད་རིགས་དང་འགོས་ནད་ཚབས་ཆེན་འགོག་བཅོས་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ནང་ཟབ་ཞུགས་བྱེད་པ་དང་། རྫོང་དང་ཡུལ་ཚོ། གྲོང་རྡལ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ལ་སྐུལ་འདེད་ཤུགས་ཆེར་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་ཉེན་ཁ་ཆེ་བའི་ནད་གཞི་ལྕི་མོའི་རིགས་སྨན་བཅོས་བྱེད་པའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། གཉེན་སྒྲིག་མ་བྱས་གོང་གི་གསོ་རིག་ཞིབ་བཤེར་ལ་སྐུལ་འདེད་གཏོང་བ། མ་བུའི་བདེ་འཇགས་འགན་སྲུང་གང་ཐུབ་བྱེད་པ། བཅོལ་གསོ་ཞབས་ཞུ་འཛུགས་སྐྲུན་དོ་དམ་ཚད་ལྡན་དུ་གཏོང་བ། མི་ཚོགས་གཙོ་བོའི་བདེ་ཐང་ཞབས་ཞུ་དམ་འཛིན་བྱ་རྒྱུ་ཡིན།  བོད་ལུགས་གསོ་རིག་སྨན་ཁང་གི་སྒོ་བསྟེན་དང་ཞག་སྡོད་ཁང་གི་ཐོག་ཁང་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཀྲུང་བོད་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་བཏང་སྟེ་བོད་ལུགས་གསོ་རིག་སྨན་ཁང་གི་ལེགས་ཆའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号