“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་མཁོ་འདོན་བྱེད་དགོས། 

——ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཀྲའོ་ཁྲང་མེན་ལ་བཅར་འདྲི་བྱས་པ། 

དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངེས་པར་དུ་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་གཏོང་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དེ་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན། སྣེ་ཁྲིད་རང་བཞིན། ཞབས་ཞུའི་རང་བཞིན་བཅས་ཀྱི་ལས་རིགས་ཤིག་ཡིན་པའི་ངོས་ནས་ཁྱད་ལྡན་ཐོན་ལས་ལ་འདེགས་སྐྱོར་བྱེད་པ་དང་ལྷག་པར་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གསར་གཏོད་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་འདེགས་སྐྱོར་དང་སྐུལ་འདེད་ཀྱི་ནུས་པ་ཐོན་དགོས་ཞེས་པའི་སྐད་ཆ་འདི་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཚོགས་རྗེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཅུས་ཀྲང་ཀྲའོ་ཁྲང་མེན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་ལ། གོམ་སྟབས་རྗེས་མར་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས“243”གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང“གནས་བཞིའི”འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་དང་དམངས་འཚོ་ལེགས་གཏོང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དཔེ་བསྡུར་བྱས་ཏེ། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་པ་དང་། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོད་ལྟའི་བྱ་བར་སྣེ་ཁྲིད་བྱེད་རྒྱུ་ཡིན་པ་དང་།“ཞིང་སྡེ་བགྲོད་ལམ་ལེགས་པོ་བཞིའི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཞིང་སྡེའི་གཞུང་ལམ་གྱི་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི“ཞན་ཆ”མུ་མཐུད་ཁ་གསབ་བྱེད་པ། “སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། དངོས་སུ་སྒྲུབ་པའི”བྱ་སྤྱོད་གསར་པར་བརྟེན་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་མཁོ་འདོན་བྱེད་རྒྱུ་ཡིན་ཟེར།


ཀྲའོ་ཁྲང་མེན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་བྱང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་དང་དོ་དམ། བདག་སྐྱོང་། གཉེར་སྐྱོང་། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་སོགས་བྱ་གཞག་སོ་སོར་རྒྱུན་ཆད་མེད་པར་སྐུལ་འདེད་མགྱོགས་པོ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྐྱིད་བདེ་གསུམ་གྱི་སྣང་བ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།


ཀྲའོ་ཁྲང་མེན་གྱིས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཚོད་ལྟའི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ལས་འགན་ལས་བགོས་སྔར་བས་ཞིབ་ཚགས་སུ་བཏང་ནས“མགྱོགས་བསྐྱོད་དལ་སྐོར་གྱི”མ་ལག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཆབས་ཅིག་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན། གཞུང་ལམ་དྲ་བ་འཛུགས་སྐྲུན་གྱི་སྒྲོམ་གཞི་གཙོ་བོ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་གཙོ་གནད་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཁག་གཅིག་འཆར་འགོད་དང་བརྩོན་ལེན་ཧུར་ཐག་བྱས་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཡོང་ཆེད་འགྲིམ་འགྲུལ་གྱི་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ལ། “ཞིང་སྡེ་བགྲོད་ལམ་ལེགས་པོ་བཞིའི”འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཞིང་སྡེའི་གཞུང་ལམ་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ཞིང་སྡེའི་བགྲོད་ལམ་སྐྱེལ་འདྲེན་འགན་ལེན་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་སྨོན་ལམ་མཐོན་པའི་ལྗོངས་ཁུལ་མུ་མཐུད་བསྐྲུན་རྒྱུ་དང་། ཆ་འཕྲིན་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞིའི་མཚན་སྙན་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་འབྲེལ་སྙན་པ་མཐོ་རུ་གཏོང་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号