དེང་རབས་ཅན་གྱི་བགྲོད་ལམ་གསར་པར་སྐུལ་འདེད་གཏོང་བའི་ཁྲོད“མདོ་ལའི་ལེའུ”ནུས་ཤུགས་ཡོད་རྒུས་རྩོམ་དགོས།
——མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་དང་ཉེ་བར་བཅར་བ།
“ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་དོན་དངོས་ལ་གཞི་ཚུགས་ནས་གོམ་གང་མདུན་སྤོས་སྒོས་མཚོ་བྱང་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་སྔར་བས་ཁ་གསལ་བཟོས་པས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད། དེ་རིང་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཕུལ་བའི་སྙན་ཞུར་ཉན་ལ། ཡི་གེ་རེ་རེའི་ནང་དུ་དཔར་བསྡུར་ཚད་འཛིན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་གཅིག་ཏུ་བསྡུས་ཤིང་ཚིག་འབྲི་རེ་རེ་ལས་གྲུབ་འབྲས་དང་པོ་བརྩོན་ལེན་བྱེད་པའི་ཆོད་སེམས་དང་བློ་སྟོབས་མངོན་ཞིང་། གང་སར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་གྱིས་ཁེངས་ཡོད་ཅིང་། ‘གྲུབ་འབྲས’རེ་རེ་མངོན་པ་དེས་མི་རྣམས་ལ་སྐུལ་ལྕག་ཐེབས་སུ་འཇུག་ལ། བཙལ་བའི’གནད་འགག’རེ་རེ་གནད་དུ་འཁེལ་བ་དང་། འཆར་འགོད་བྱས་པའི“དམིགས་འབེན་དཔེ་དེབ”རེ་རེས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་བས་ང་ཚོས2024ལོའི་བྱ་བ་སོ་སོ་ཡག་པོར་བསྒྲུབ་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ལེགས་ཆ་བརྟན་པོ་ཡོང་བ་བཅས་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་པའི་སྐད་ཆ་འདི་ཟླ1པོའི་ཚེས17ཉིན་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྐབས་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བཤད་བྱུང་།
ཧོ་པིན་གྱིས་འདས་ཟིན་པའི་ལོ་གཅིག་ནང་། ང་ཚོས་དོན་དངོས་སྒྲུབ་པའི་རྣམ་འགྱུར་དང་མདུན་གྲལ་དུ་སྐྱོད་པའི་བསམ་བློ། རྩེར་སོན་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་བཅས་རྒྱུན་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ནས་ཞིང་ཆེན་ཏང་ཨུས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱར་གཞི་འཛིན་པ་དང་། ཞིང་ཆེན་ཏང་ཨུའི“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”འཛུགས་སྐྲུན་དང་ཁུལ་ཨུའི“མཚོ་བྱང་ལྔའི”འཛུགས་སྐྲུན་ལས་འགན་ལ་དམ་པོར་དམིགས་ཤིང་། རྫོང་ཨུའི“ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་འབེན་ཁ་གཏད་ནས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱས་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་ཡོད་ཟེར།
རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས། ཧོ་པིན་གྱིས་མདོ་ལ་རྫོང་གིས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་འཐབ་ཇུས་གསར་པ་དང་བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་ལ་དཔེ་བསྡུར་ཚད་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལག་བསྟར་དམ་འཛིན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། མི་རིགས་མཐུན་སྒྲིལ་བྱ་གཞག་ལ་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ། རྒྱུན་ཨུའི་ཚན་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་སོགས་ཕྱོགས་བརྒྱད་ཐད་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་མདོ་ལ་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ་མདོ་ལའི་དེང་རབས་ཅན་གྱི་བགྲོད་ལམ་གསར་པ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཁྲོད“མདོ་ལའི་ལེའུ”ཧུར་ཐག་གིས་རྩོམ་པ་དང“མདོ་ལའི་རྒྱུགས་ལེན”དབུལ་དགོས་ཟེར།
ཧོ་པིན་གྱིས་ད་ལོ་མདོ་ལ་རྫོང་གིས་གཤམ་གསལ་ཕྱོགས་བརྒྱད་ཐད་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་སྟེ། གཅིག་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་ལེགས་པོ་བྱ་རྒྱུ་ཡིན། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱིས་བཏོན་པའི་བཀོད་སྒྲིག་གལ་ཆེན་དང་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་མདོ་ལའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་བགོས་ཇུས་གཞི་བཟོས་ནས་བགྲོད་ལམ་གསར་པའི་ཐོག་རྣམ་པ་གསར་པ་གཏོད་པ་དང་ཚད་བརྒལ་གསར་པ་ཡོང་བར་བྱེད་སྲིད། གཉིས་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་ལ་ལག་བསྟར་བྱེད་པའི་དཔེ་སྟོན་རྫོང་འཛུགས་སྐྱོང་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་དང“123”Aརིམ་པའི་ལྗོངས་ཁུལ་གསར་འཛུགས་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་སྲིད། གསུམ་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བ་དང་། སློབ་གསོ་དང་སྨན་བཅོས། སྡོད་ཁང་། ལས་ཞུགས་འགན་སྲུང་བཅས་གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱས་ཏེ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་སྲིད། བཞི་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཡིན། མདོ་ལ་རི་བོའི་ལྷོ་འདབས་མདོ་ལ་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། བར་དམ་ཆུ་མགོའི་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་ལས་གཞི་ལག་བསྟར་ཡག་པོ་བྱེད་པ། “རི་བོ་གཉིས་ཀྱི་གཞུང་ལུགས”ལག་ལེན་རྟེན་གཞི་གསར་སྐྲུན་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་ཐཱན་འདུས་ཉོ་འཚོང་ཚོད་ལྟའི་དཔེ་སྟོན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་སྲིད། ལྔ་ནས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་ཡིན། མི་རིགས་སོ་སོ་དབར་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་སོ་སོ་སེ་འབྲུའི་ལྟར་དམ་པོར་སྦྲེལ་བའི”བླང་བྱ་གལ་ཆེན་མདོ་ལར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་གྲུབ་འབྲས་ཐོན་པར་བྱེད་སྲིད། དྲུག་ནས་བློ་བརྟན་འགྱུར་མེད་ངང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་རྒྱུ་ཡིན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”གཙོ་གནད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ“ནག་སེལ་ངན་འཇོམས”རྒྱུན་རྣམ་ཅན་དུ་སྤེལ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་དོ་དམ་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། བདེ་འཇགས་མ་ལག་ཆེན་པོ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་སྲིད། བདུན་ནས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། བརྗོད་དོན་སློབ་གསོ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་ལོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏན་ཏིག་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བྱེད་པ། བྱ་བ་སྒྲུབ་ཕོད་པ་དང་སྒྲུབ་མཁས་པའི་ལས་བྱེད་པ་བདམས་ནས་བཀོལ་སྤྱོད་ངོ་མ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་ངང་གཏོད་པ་བཅས་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་ཟམ་མི་ཆད་པར་འཕེལ་བར་བྱེད་སྲིད། བརྒྱད་ནས་བློ་བརྟན་འགྱུར་མེད་ངང་རྒྱུན་ཨུ་ཚན་ཁག་འཛུགས་སྐྱོང་དམ་འཛིན་བྱ་རྒྱུ་ཡིན། ཞིང་ཆེན་དང་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་འཛུགས་སྐྱོང་དང་དཔེ་བསྡུར་ཚད་འཛིན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་རིག་པ་དྭངས་གསལ་དང་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་འདོད་ཚུལ་ལ་བརྩི་བཀུར་དང་ཏང་གི་གཏན་འབེབས་ལག་བསྟར། ཏང་གི་དབང་གྲགས་སྲུང་སྐྱོང་བཅས་བྱ་སྲིད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注