ཁུལ་ཨུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།


ཟླ12པའི་ཚེས7ཉིན། ཁུལ་ཨུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཧེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་བའི་བློ་མཐུན་ཀྲུའུ་ཀྲེང་ཆིང་ཚོགས་འདུར་སླེབས་ནས་མཛུབ་སྟོན་གནང་།



ཚོགས་འདུའི་ཐོག་ཨ་ཁྱུང་དང་ལའེ་མེན། ཞུ་ཡུང་ཀུང་། ལི་ཞི་ཀྲེན། མ་རུའུ་ཞང་། པོ་ཀྲེང་ཆིང་། ཞོ་རོས་ཞིན། མ་ཝུན་ཆོན་སོགས་ལྟེ་བའི་ཚན་ཆུང་གི་ཁོངས་མིས“དམངས་འཚོ་འགན་ལེན་དང་ལེགས་སྒྱུར་གྱི”བརྗོད་དོན་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས་པ་དང་ལྟེ་བའི་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད་དཔྱད་གཞི་སྤྲད།



ཤ་བོ་སྐྱབས་ཀྱིས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སྒྱུར་གཏོང་རྒྱུ་ནི་མི་དམངས་བདེ་སྐྱིད་ཀྱི་རྨང་གཞི་དང་སྤྱི་ཚོགས་འཆམ་མཐུན་གྱི་རྩ་བ་ཡིན། མིག་སྔར་མཚོ་བྱང་ཁུལ་ལ་འཕེལ་རྒྱས་ཀྱི་རྨང་གཞི་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་སྟེ་རོང་འབྲོག་མང་ཚོགས་རྣམས་སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བའི་བྱ་བ་ཞིག་ཏུ་གྱུར་ཡོད་པས་ངེས་པར་དུ་ཁུར་པོ་ལྕི་མོ་འཁུར་བ་དང་དཀའ་ངལ་ལ་མི་འཛེམ་པར་དམངས་འཚོའི་ཞན་ཆ་མགྱོགས་མྱུར་གསབ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པར་བསྟན།


ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན་ཏེ། གཅིག་ནས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་དམིགས་ཚད་སྣེ་ཁྲིད་རྒྱུན་འཁྱོངས། ནུས་ཤུགས་གཅིག་སྒྲིལ་གྱིས་ཞབས་ཞུ་བཅས་བྱས་ཏེ་དམངས་འཚོ་འགན་ལེན་བྱ་བ་དང་གཙོ་གནད་བྱ་བ་སོ་སོ་གཅིག་གྱུར་བཀོད་སྒྲིག་དང་བཀོད་འདོམས། དོན་འཁྱོལ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་མུ་མཐུད་དུ་སྤྱོད་པ་དང་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ལས་ཞུགས་དང་སྨན་བཅོས། སྡོད་ཁང་། སློབ་གསོ་སོགས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ཐོག་ཐོབ་པར་བྱ་དགོས། གཉིས་ནས་གཙོ་གནད་དང་དཀའ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལས་ཞུགས་ལས་གཏོད་དང་ཁག་ཐེག་དངུལ་བུན། ཁེ་ལས་རོགས་རམ་ལས་བསྡུ་སོགས་ཀྱི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བོད་ཟས་དང་འཐེན་ཐུག གཙང་འཁྲུ་བཅས་ཀྱི་ཐོན་ལས་སྔོག་འདོན་དང་སྐྱེད་སྲིང་གཏིང་ཟབ་བྱས་ཏེ་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རིགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གཉེར་གཞི་ཁྱོན་རྒྱ་སྐྱེད་དུ་གཏོང་དགོས། སྨན་བཅོས་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་དང་། སྤྱི་པའི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རིམ་གསུམ་ཁ་པའི་སྨན་ཁང་གསར་འཛུགས་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། “ཡོང་འབབ་གཉིས”ལ་དམིགས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི་ཆེད་དོན་མ་དངུལ་གང་ལེགས་སྤྱད་དེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་སྐྱེད་བྱ་དགའ་ཁ་གསབ་དང་ནོར་ལུག་བཤས་གཏོང་ཁ་གསབ་དོན་འཁྱོལ་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། “རྒན་པ་དང་ལོ་ཆུང་བྱིས་པ”དང་ཉམས་ཐག་ལ་རོགས་སྐྱོར་དང་དབང་སྐྱོན་ལ་རོགས་རམ་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། གཙོ་གནད་མཐའ་སྐྱོང་ཐོག་བཞག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། གསུམ་ནས་འགན་ལེན་བྱ་ཐབས་ལ་ཤུགས་སྣོན་པ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བྱ་བའི་ལམ་སྲོལ་དང་འགན་ལེན་བྱ་ཐབས་སོ་སོ་འཐུས་ཚང་དུ་གཏོང་བ། “1+10”མགོ་ཁྲིད་ལས་བྱེད་པས་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང“4+1+N”ཡི་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་བྱེད་པ། “གཞི་རིམ་དུ་བསྐྱོད་པ་བཞི”དང“འཐབ་ཕྱོགས་དང་པོའི་བྱ་བའི་བྱེད་ཐབས”ཁྱབ་གདལ་ཤུགས་ཆེན་གཏོང་བ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་ཇེ་ལེགས་སུ་གཏོང་བ། དམངས་འཚོའི་བྱ་བ་དངོས་དམ་འཛིན་ཏན་ཏིག་བཅས་བྱེད་དགོས། ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་སྨན་བཅོས་རོགས་སྐྱོར་སྟེགས་བུའི་ལེགས་ཆར་བརྟེན་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་རྗེས་སྙེག་བྱས་ཏེ་ཁྱད་ལྡན་ཚན་ཁག་སྐྱེད་སྲིང་དང་། སྨན་བཅོས་ལྟེ་གནས་འཛུགས་པ། ཆེད་ལས་ཚན་ཁག་གི་སྨན་ཁང་གཏོད་པ་སོགས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱེད་དགོས། ཞིང་པ་ལས་བཟོ་བའི་གླ་ཆ་ཆད་འགྱངས་དང་ཡིག་བསྐུར་ངོ་གཏུག བདེ་འཇགས་ཐོན་སྐྱེད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དོ་ཁུར་དང་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ནས་མང་ཚོགས་བརྟན་ལྷིང་དང་འཆམ་མཐུན་ངང་དུས་ཆེན་རོལ་རྒྱུའི་འགན་ལེན་བྱེད་དགོས་ཟེར།

ཕག་མོ་ཚེ་བརྟན་གྱིས་བསྒྱུར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号