མཚོ་བྱང་ཁུལ་གྱིས་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་ཚོགས།


    ཉེ་ཆར། རང་ཁུལ་གྱིས་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་ཚེ་བརྟན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཏེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།


  

ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཁག་དང་པོ་སྤྱི་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར70ལོན་པའི་ཚོགས་འདུའི་སྟེང་གི་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་སོགས་དགོངས་དོན་རབ་དང་རིམ་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འཐུས་མི་སོ་སོས་བརྗེ་རེས་གཏམ་བཤད་སྤེལ།


    

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཁེ་ལས་པས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་ཧུར་ཐག་དང་བརྟན་བརླིང་ངང་ལས་དོན་ཁག་ལ་གདོང་གཏོད་པ། རང་འགུལ་ངང་བྱ་བ་སྒྲུབ་སྟེ་ཁེ་ལས་ཀྱི་སྣེ་ཁྲིད་དེ་དཀའ་སྡུག་ཅི་ཡོད་གདོང་གིས་བསུས་ནས་བརྟན་བརླིང་འཕེལ་རྒྱས་ཐུབ་ཡོད་པས། དཔལ་འབྱོར་ཡར་སྐུལ་དང་དམངས་འཚོ་ལེགས་བསྒྱུར། གསར་གཏོད་སྐུལ་འདེད། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་དུ་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་བཏོན་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བརྟན་བརླིང་ཁྲོད་འཕེལ་རྒྱས་ཡོད་པ་དང་འཕེལ་རྒྱས་དེ་རྒྱུན་མཐུད་ཅན་དུ་འགྱུར་ཐུབ་པར་ཕན་འབྲས་བླ་ལྷག་ཐོན་ཡོད་པར་བསྟན།


    

ཚོགས་འདུའི་ཐོག་ཡིད་ཆེས་ཇེ་བརྟན་དང་ཚན་རིག་ལྟར་འཕེལ་རྒྱས་ཀྱི་དུས་བབ་སྟངས་འཛིན་གང་ལེགས་བྱེད་པ། རྒྱ་ཆེའི་ཁེ་ལས་པས་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་ཕྱོགས་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པར་ངེས་ཤེས་ཟབ་མོ་ཡོད་དགོས་པ་དང་། ཁུལ་ཡོངས་ཀྱི243འཕེལ་རྒྱས་བཀོད་སྒྲིག་གི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་འཕེལ་རྒྱས་དོན་དུ་གཉེར་ཞིང་དེང་རབས་ཅན་འཛུགས་སྐྲུན་ཁྲོད་སྔར་ལས་འགན་འཁུར་ལས་སྒྲུབ་བྱེད་དགོས་ལ། ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཏན་འཁེལ་བསམ་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་སྲིད་ཇུས་དོན་འཁྱོལ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས། ཁྲིམས་དང་སྒྲིག་སྲོལ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། ཁེ་ལས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་སེམས་ཁྲལ་དང་དཀའ་ངལ་སེལ་རྒྱུར་ཤུགས་བསྣན་བརྒྱབ་ཏེ་གཅེས་སྐྱོང་ཚད་ལྡན་དང་སྤྱོད་གཙང་ལས་སྒྲུབ་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་དགོས་པའི་བླང་བྱ་བཏོན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号