ནུབ་མཚོ་གྲོང་རྡལ་གྱི“དག་སྣང་མཚོ་བྱང་། དར་ཐོག་སྤྲོ་སྐྱིད”ཅེས་པ་སྒོ་འབྱེད་རྒྱུ་རེད།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད“གངས་འཁྱགས་ལུས་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་མང་ཚོགས་ཀྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གངས་འཁྱགས་ལུས་རྩལ་གྱི་རྩལ་འགྲན་ཆུ་ཚད་མཐོ་རུ་གཏོང་བ། གངས་འཁྱགས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དགུན་དུས་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་བའི”མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱི2023ལོའི“དགུན་དུས་མཚོ་བྱང་ཡུལ་སྐོར”གྱི་མུ་འབྲེལ་བྱེད་སྒོའི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ནུབ་མཚོ་གྲོང་རྡལ་གྱིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་བྱེད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ལ་སྐུལ་འདེད་གཏོང་བའི”ནང་དོན་དང་རིན་ཐང་། དོན་སྙིང་བཅས་གཞིར་བཟུང་སྟེ་དུས་བཞིའི་རྒྱུན་རྣམ་ཅན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། གསར་བརྗེའི་རིག་གནས་དང་སྐྱེ་ཁམས་ཁོར་ཡུག་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ནང་དོན་དུ་བྱས་ཏེ་ནུབ་མཚོ་གྲོང་རྡལ་ས་ཁུལ་གྱི་དགུན་དུས་ཡུལ་སྐོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་རྨང་གཞི་བཟང་པོ་བཏིང་སྟེ་ནུབ་མཚོ་གྲོང་རྡལ་ས་ཁུལ་གྱི་གངས་འཁྱགས་ཡུལ་སྐོར་ཐོན་ཁུངས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་དང་གངས་འཁྱགས་ཡུལ་སྐོར་ཆས་རྟགས་སྔར་བས་མངོན་པར་བྱ་རྒྱུ་ཡིན་ཏེ། ནུབ་མཚོ་གྲོང་རྡལ་གྱི་གསེར་མཚེའུ“དག་སྣང་མཚོ་བྱང་། དར་ཐོག་སྤྲོ་སྐྱིད”ཅེས་པའི་དར་ཐོག་སྤྲོ་སྐྱིད་གླིང་ཀ་མི་འགྱངས་པར་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ་དང་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བས་དར་ཐོག་རོལ་རྩེད་དང་ཁྱད་ལྡན་ཞིམ་ཟས་ལ་རོལ་མྱོང་བྱེད་པར་དགའ་བསུ་ཞུ།


སྒོ་འབྱེད་དུས་ཚོད། 2023ལོའི་ཟླ12པའི་ཚེས8ཉིན།

ས་གནས། ནུབ་མཚོ་གྲོང་རྡལ་གསེར་མཚེའུ། (མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་ཁ་གཏད་ཀྱི་སྨི100ཡི་མཚམས་སུ་ཡོད།)

དར་ཐོག་རོལ་རྩེད་རྣམ་གྲངས་ལ་མི་གཅིག་ཅན་གྱི་རྐང་འཁོར་དང་། མི་གཅིག་ཅན་གྱི་ལྕགས་རྟ། བྱིས་པའི་ལྕགས་རྟ། མི་གཉིས་ཅན་གྱི་ལྕགས་རྟ། གློག་རྡུལ་རྡེབ་འཁོར། ཁར་ཐིང་རླངས་འཁོར། བག་ཡངས་རྒྱུ་བའི་རླངས་འཁོར། མི་གཉིས་སྐོར་འཁོར་ལྕགས་རྟ། མི་བདུན་ཅན་གྱི་གྲུ་གཟིངས། པོ་པོ་སྤོ་ལོ། འཁྱགས་གྲི་ལྷམ། གངས་འཁོར་སོགས་ཡོད།  

རིན་མེད་བྱེད་པའི་རྣམ་གྲངསལ་དར་ཐོག་བཤུད་གྲུག་དང་དར་ཐོག་འཕང་འཁོར། ལྡིང་ཁྲི། དར་ཐོག་འཕྱང་རྡང་། 


བཟའ་བཏུང་ཞིམ་ཟས་ལ་རྒྱ་ཁོག་དང་ཚ་ཐབ་ཞོག་ཁོག མོག་མོག སྐྱུར་ཚལ། གོར་མོ་ཆེ། ཇ་སོགས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号