ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


ཟླ12པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས56པ་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ། བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་པ། ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་གདན་ཞུས་ལྟར་ཚོགས་འདུར་སླེབས་ནས་མཛུབ་ཁྲིད་གནང་པ།


ཚོགས་ཐོག་ཏུ་ཟླ11པའི་ཚེས27ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་བཅོས་སྒྲིག་བཅས་འབྲེལ་མཐུད་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དང་སྲིད་ཇུས་ཀྱི་གོ་སྐབས་སོ་སོ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་ཏན་ཏིག་འགྱུར་བར་བྱེད་དགོས། “རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་མཐོ་ཚད་ཐོག་ནས་མ་ལག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་འགན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་པའི་ཕྱི་འབྲེལ་བྱ་བའི་སྲོལ་ཡིག》ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཕྱི་འབྲེལ་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱི་འབྲེལ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།


ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་བྱས་ཡོད་པས།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པར་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱེད་དགོས། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་དང་སྲིད་ཁྲིམས། མང་ཚོགས་ཚོགས་པའི་ལས་བྱེད་པ་གསོ་སྦྱོང་ལྟེ་གནས། ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་སོགས་ཀྱི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ། གཞོན་ནུ་ལོ་ཆུང་། ཆོས་ལུགས་ལས་དོན་མི་སྣ་སོགས་གཙོ་གནད་མི་ཚོགས་ལ་ཁྲིམས་སྐྱོང་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་དགོས། འགན་འཁྲི་ཁ་གསལ་བཟོ་བ་དང་ཁྲིམས་ལྟར་སྲིད་འཛིན་གྱི་ཆབ་སྲིད་བཅོས་སྐྱོང་མ་ལག་གང་མགྱོགས་བཙུགས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གཏོད་པའི་བྱ་བར་ཤུགས་སྣོན་དགོས་པར་བསྟན།


ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་མཚོ་བྱང་གི་བྱ་བར་མཆན་བཀོད་མཛུབ་སྟོན་གནང་བ་དེ་མཚོ་བྱང་གི་བྱ་བར་ཁས་ལེན་བྱས་པ་ཞིག་དང་མཚོ་བྱང་གི་བྱ་བར་སྐུལ་ལྕག་བྱས་པ་ཞིག་ཡིན།  མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་བྱེ་འགོག་བྱེ་བཅོས་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ།    ས་ནག་གྲམ་ཐང་བཅོས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་ལས་གཞིར་དམ་འཛིན་ཡག་པོ་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་གཞན་སྒྱུར་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།   “སྤུས་རྟགས་བཞིའི”འགྲན་བསྡུར་ལ་དམིགས་ནས“གནམ་ལོ་གསར་བ་བསུ་བའི”མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་འགྲན་བསྡུར་གྲ་སྒྲིག་ཡག་པོ་བྱས་ནས་རྟ་གསོ་དང་རྟ་རྒྱུག་འགྲན་བསྡུར། མདའ་འཕེན་ཉམས་ལེན། སྐྱ་རྩལ་རིག་གནས་འགྲེམས་སྟོན་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འབྲེལ་ཐག་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ་ལུས་རྩལ་འགྲན་བསྡུར་ཆེ་གྲས་ཀྱི་ཁུལ་གྲགས་ཅན་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་།  “དག་སྣང་མཚོ་བྱང”དང “གསེར་མདོག་འཇུ་ལག ” “ལྷ་ཡུལ་མདོ་ལ” “བོད་མཁར་རྐང་ཚ ” “བདེ་བརྟན་མདའ་བཞི”བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་དུ་བཏང་སྟེ་རང་འགུལ་ངང“མཚོ་སྔོན་དང་ཀན་སུའུ” མཚོ་སྔོན་དང་ཤིན་ཅང” “མཚོ་སྔོན་དང་བོད་ལྗོངས”བཅས་ཀྱི་ཡུལ་སྐོར་ལམ་ཆེན་ནང་ཞུགས་ཏེ་ཧྲན་ཏུང་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་བཅས་དང་བརྗེ་རེས་དང་མཉམ་ལས་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་ཡུལ་སྐོར་བ་དེ་བས་མང་བ་མཚོ་བྱང་ལ་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུག་དགོས་པར་བསྟན།  


ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“ཞབས་ཞུ་གསུམ”གྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་དཔེ་བསྡུར་ཚད་འཛིན་གྱིས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ”བཅས་ཀྱི་བླང་བྱ་ལྟར་འགན་འཁྲིའི་ངེས་གནས་ཁ་གསལ་བཟོ་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་ཐབས་གལ་ཆེན་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།    


ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་གྱིས་མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ཁ་ཕྱོགས་གསལ་སྟོན། ཐབས་ལམ་གསལ་སྟོན་བཅས་བྱས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ལས་རིགས་སློབ་གསོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ《མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་དང་བཅོས་སྒྱུར་བྱེད་པའི“གསལ་ཐོ་གསུམ”》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལས་རིགས་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས་ལ།  ཧྲན་ཏུང་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་སོགས་ལས་རིགས་སློབ་གསོ་དར་རྒྱས་ཆེ་བའི་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་རིམ་པ་དབྱེ་ནས་དོ་དམ། ས་གནས་གཙོ་བོར་བྱེད་པ། ལས་རིགས་ཀྱིས་མཛུབ་སྟོན། སློབ་གྲྭ་དང་ཁེ་ལས་མཉམ་ལས། སྤྱི་ཚོགས་ཐེ་ཞུགས་བཅས་ཀྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་།  ཁྲོམ་ར་དང་ཐོན་ལས་ཀྱི་དགོས་མཁོར་དམིགས་ཏེ་སློབ་གསོ་ལ་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་དགེ་རྒན་ལ་རོགས་རམ་བྱེད་པ། བཟོ་ལས་དང་ཁེ་ལས་གཞི་གཅིག་ཅན་དང་སློབ་གྲྭ་དང་ཁེ་ལས་མཐུན་སྦྱོར་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ། མདེལ་གཉིས་ཀྱི་དཔེ་དབྱིབས་དང་ཤིང་བཟོ་ཤིང་བརྐོས། རླངས་འཁོར་སྒྱུར་སྒྲིག རྡོ་བཟོ་རྡོ་བརྐོས། ཁྱིམ་ཆས། གྱོན་ཆས་སོགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་སྤྱོད་རྣམ་པའི་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པར་བསྟན།      



ཚོགས་ཐོག་ཏུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མིག་སྔའི་བྱ་བ་སོ་སོའི་དགོས་གཏུག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བྱ་བའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཚད་ཡོད་དུས་ཚོད་དམ་འཛིན་བྱེད་པ། གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མིག་སྔའི་བྱ་བ་སོ་སོ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། དཔེ་བསྡུར་ཚད་འཛིན་གྱིས་རིགས་ཆེ་གྲས10ཡི་དམངས་འཚོའི་བྱ་བ་དངོས་ཀྱི་བཟོ་སྐྲུན49རེ་རེ་བཞིན་ཞིབ་བསྡུར་དང་བྱེད་ཐབས་ལ་ཤུགས་སྣོན། སྐུལ་འདེད་ལ་དམ་འཛིན་བཅས་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་མགོར་མང་ཚོགས་ལ་བཞག་པའི་ཁས་ལེན་ཇི་མ་ཇི་བཞིན་ལག་བསྟར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱེད་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། དྲོད་འདོན་དྲོད་ལེན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་སློབ་གྲྭ་དང་སྨན་ཁང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་རོལ་རྩེད་སོགས་གཙོ་གནད་བྱ་ཡུལ་ལ་དོ་དམ་བྱ་རྒྱུར་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། སང་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་ལས་གཞི་གལ་ཆེན། གཙོ་གནད་བྱ་བ། ལས་འགན་གལ་ཆེན་བཅས་ལ་སྔོན་ནས་ཞིབ་འཇུག་དང་ཇུས་འགོད་བྱེད་དགོས་པ་ནན་གྱིས་བསྟན།


ཚོགས་ཐོག་ཏུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་ཁྲིམས་དོན་སྙན་ཞུར་ཉན་ལ། ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི“མགོ་བ་གཉིས” རྫོང་སོ་སོའི་རྫོང་ཨུའི་ཚན་ཁག་གིས་གནད་དོན་ལ་ཞིབ་བཤེར་དང་ལྟ་ཞིབ་བྱས་ཚུལ་ལ་ཞིབ་འཇུག་བྱས་པ་དང《ཁུལ་དང་རྫོང་ཏང་ཨུའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲིའི་གསལ་ཐོ་ལག་བསྟར་བྱེད་པ་སོགས་འགན་འཁྲིའི་གསལ་ཐོ་ལྔ》སོགས་ཀྱི་དོན་ཚན་ལ་གྲོས་ཞིབ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号