“གནམ་ལོ་གསར་བ་བསུ་བའི”མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས།


ཟླ12པའི་ཚེས4ཉིན། “གནམ་ལོ་གསར་བ་བསུ་བའི”མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་གིས་ཁུལ་ཡོངས་སུ་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྤེལ་བའི་བྱེད་སྒོའི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་པ། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་། འཇུ་ལག་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྐང་བགྲོད་འགྲན་བསྡུར་ཆེན་མོའི་གྲ་སྒྲིག་གནས་ཚུལ་དང་བྱེད་སྒོའི་བཀོད་སྒྲིག་ངོ་སྤྲོད་བྱས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་དང་། ཁུལ་ནགས་ལས་དང་རྩྭ་ཐང་ཅུས། ཁུལ་ཆུ་བེད་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་མཚོ་བྱང་ཁུལ་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་དམ་པོར་དམིགས་ཏེ་ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་གི་ཕྱུགས་རའི་ཡུལ་སྐོར་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཁྱབ་གདལ་རྟེན་གཞི། ཆུ་བེད་ཐོན་ཁུངས་སོགས་ཀྱི་ཐད་ནས་ངོ་སྤྲོད་མདོར་བསྡུས་བྱས།



མཚོ་བྱང་ཁུལ་ནི“རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་མདོ་ལ་རིང་མོ་དང་། མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་སྟེ”རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་ཀྱི་མཛེས་ལྗོངས་སྣ་ཚོགས་གཅིག་ཏུ་བསྡུས་ཡོད་པས། ཕྱི་རོལ་གྱི་ལུས་རྩལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། “མདོ་ལ་རི་ཡིས་ཕྱུག་པ། རྐང་ཚ་མཚོ་ཡིས་ཕྱུག་པའི”མཚན་སྙན་ཐོབ་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “མདེལ་གཉིས་སྐར་གཅིག”དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བརྗོད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་བྱ་བར་གནས་ཐིག་གཏན་འཁེལ་བྱས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མདུན་གྲལ་དུ་སྐྱོད་པའི་བཀོད་སྒྲིག་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ། རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོའིལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མངའ་ཁུལ་གྱི་སྤྱི་པའི་ཆས་རྟགས་བསྐྲུན་པ་དང་། འགྲན་བསྡུར་བྱེད་སྒོས་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་གཏོང་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཏན་འབེབས་ཐོབ་པ་བརྒྱུད། གནམ་ལོ་གསར་ཚེས་སྔོན་ལ་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས“གནམ་ལོ་གསར་བ་བསུ་བའི”མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་སྤེལ་རྒྱུར་འཆར་འགོད་གཏན་འབེབས་བྱས།



ཝང་ཡུང་ཁྲང་གིས་བྱེད་སྒོ་གྲ་སྒྲིག་བྱས་ཚུལ་ངོ་སྤྲོད་གནང་སྐབས་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས“གནམ་ལོ་གསར་བ་བསུ”བའི་མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་དེ“དགུན་དུས་མཚོ་བྱང་དུ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོའི་གྲས་ཀྱི་གཅིག་ཡིན་པ་དང་། རྐང་ཐང་དུ་བསྐྱོད་རྒྱུ་གཞི་རྟེན་དུ་བྱས་ནས“དག་སྣང་མཚོ་བྱང”གི་དགུན་དུས་ཀྱི་རི་ཀླུང་དང་གངས་རི། ལྗོན་ཤིང་། མཚོ་མཚེའུ་ཐོན་ཁུངས་ཀྱི་རང་བྱུང་མཛེས་ལྗོངས་གང་ལེགས་མངོན་པར་བྱས་པ་དང་ཆབས་ཅིག་མཚོ་བྱང་གི་དུས་ཚིགས་ཧྲིལ་པོ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ཕུན་སུམ་ཚོགས་པའི་ནང་དོན་གཏིང་ཟབ་ཏུ་བཏང་ཡོད། ཐེངས་འདིའི་རྐང་བགྲོད་འགྲན་བསྡུར་ཆེན་མོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན་བྱ་ཆེད། ཁུལ་ཨུའི་མགོ་ཁྲིད་གཙོ་བོས་ཁུལ་ཐད་གཏོགས་དང་རྫོང་སོ་སོའི་བྱེད་སྒོའི་ཇུས་གཞི་དང་བྱ་བའི་ལས་འགན་སོགས་ཀྱི་ནང་དོན་ལ་སྐུ་དངོས་སུ་འཆར་འགོད་བཀོད་སྒྲིག་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཞིང་། རྫོང་བཞིའི་སྲིད་གཞུང་གིས་དང་ལེན་ཧུར་ཐག་དང་མགྱོགས་མྱུར་འགུལ་སྐྱོད་སྤེལ་བ་དང་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་བཙུགས་ནས་འགྲན་བསྡུར་སྒྲིག་འཛུགས་དང་བདེ་འཇགས་འགན་ལེན། དྲིལ་སྒྲོག་ཇུས་འགོད་སོགས་ཀྱི་ཐད་ནས་བྱེད་སྒོར་གཅིག་འདོམས་བཀོད་སྒྲིག་བྱས་ཏེ་ལས་འགན་གཞིར་བཟུང་ཕྱོགས་བསྡུས་མཐུན་སྦྱོར་དང་འགྲན་བསྡུར།  དྲིལ་སྒྲོག  རྒྱབ་ཕྱོགས་མཁོ་སྒྲུབ་དང་སྨན་བཅོས་འགན་ལེན་སོགས་ཀྱི་བྱ་བའི་ཚན་ཆུང་བཙུགས་ནས་ལས་འགན་ཁ་གསལ་བཟོས་པ་དང་འགན་འཁྲི་ནན་སྒྲུབ་བྱས་ཤིང་བྱེད་སྒོ་ནན་ཏན་ངང་ཡག་པོར་སྒྲུབ་སྟེ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས་ཡོད། རྐང་བགྲོད་འགྲན་བསྡུར་ཆེན་མོའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་རྗེས་ཝང་ཡུང་ཁྲང་གིས“དགུན་དུས་མཚོ་བྱང་དུ་ཡུལ་སྐོར་བྱེད”ཅེས་པའི་རིམ་སྤེལ་གཟིགས་སྐྱོང་སྲིད་ཇུས་ངོ་སྤྲོད་མདོར་བསྡུས་བྱས་པ་དང་འབྲེལ་ཞིང་ཆེན་ཕྱི་ནང་གི་རྐང་བགྲོད་དགའ་མཁན་རྣམས་གདན་འདྲེན་བྱས་ཏེ་མཚོ་བྱང་ཁུལ་གྱིས་སྤྲོ་སེམས་འཁོལ་བས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་རྒྱུ་ཡིན་ཞེས་བསྟན།



རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་དེ་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས“གནམ་ལོ་གསར་བ་བསུ་བའི”མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་དེ་སྤྱིའི་བརྗོད་དོན་ཡིན་ལ། དེའི་ཁྲོད། ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས“གནམ་ལོ་གསར་བ་བསུ”བའི་མཚོ་སྔོན་པོསྨོན་ལམ་མཐོན་པོའི་རྐང་བགྲོད་འགྲན་སྡུར་ཆེན་མོ་ནི་བརྗོདདོན་དུ་བཟུང་ཡོད། འཇུ་ལག་རྫོང་གིས་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས་གསེར་མདོག་གི་འཇུ་ལག·མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གངས་དཀར་རི་བོའི་རྐང་བགྲོད་འགྲན་སྡུར་ཆེན་མོ་ནི་བརྗོད་དོན་དུ་བྱས་ཡོད། མདོ་ལ་རྫོང་གིས་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས“མདོ་ལ་ལྷ་ཡི་ཞིང་ཁམས། གངས་བྲོ་གནས་མཆོག་སྐྱིད་པོའི ”མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྟོང་སོ་ཆེ་བའི་རྐང་བགྲོད་འགྲན་སྡུར་ཆེན་མོ་བརྗོད་དོན་དུ་བཟུང་ཡོད། རྐང་ཚ་རྫོང་གིས་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས2024ལོའི་ལོ་གསར་བསུ་བའི་འདུ་འཛོམས་དང་མཚོ་སྔོན་པོའི་ལྷ་ཆབ་ཁུག་གི་རྐང་བགྲོད་འགྲན་སྡུར་ཆེན་མོ་ནི་བརྗོད་དོན་དུ་བྱས་ཡོད། མདའ་བཞི་རྫོང་གིས་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་ལས“གསར་བརྗེའི་རྗེས་ཤུལ་འཚོལ་བའི”མཚོ་སྔོན་པོའི་བྱེ་མ་གསེར་ལྡན་གྱི་རྐང་བགྲོད་འགྲན་བསྡུར་ཆེན་མོ་དེ་བརྗོད་དོན་དུ་བཟུང་ཡོད། ཐེངས་འདིའི་རྐང་བགྲོད་འགྲན་སྡུར་ཆེན་མོའི་ཚོགས་ར་གཙོ་བོ་རྐང་ཚ་རྫོང་དུ་ཡོད་པ་དང་། 2024ལོའི་ཟླ1པོའི་ཚེས1ཉིན་སྤེལ་རྒྱུ་རེད། ཁུལ་ཐད་གཏོགས་དང་འཇུ་ལག་དང་། མདོ་ལ། མདའ་བཞི་བཅས་རྫོང་གསུམ་དུ་ཡན་ལག་ཚོགས་ར་བཙུགས་ནས2023ལོའི་ཟླ12པའི་ཚེས29ཉིན་དུས་མཉམ་དུ་སྤེལ་རྒྱུ་རེད། འགྲན་བསྡུར་གྱི་ལམ་དུམ་དེ་མཚོ་སྔོན་པོའི་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གངས་དཀར་མཛེས་ལྗོངས་ཁུལ་གྱི་ཚོན་མདོག་སྣ་བདུན་གྱི་རྦབ་ཆུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྟོང་སོ་ཆེ་བ་སྒེར་འཁོར་ཡུལ་སྐོར་སྒར་འདེབས་རྟེན་གཞི། མཚོ་སྔོན་པོའི་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ། མཚོ་སྐོར་ཤར་ལམ་གྱི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་སོགས་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱས་ཡོད་པ་དང་། ལམ་དུམ་ཁག་གི་གནས་བབ་ཧ་ཅང་ཡག་པོ་ཡོད་པས་རྐང་བགྲོད་བྱེད་སྒོ་སྤེལ་རྒྱུར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།



ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་དྲ་བ་དང་ཤིན་ཧྭ་གསར་འགྱུར་ཁང་། མི་དམངས་དྲ་བ། ཤིན་ཧྭ་དྲ་བ། ཀྲུང་གོ་གསར་འགྱུར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ནུབ་མཚོ་ཚོང་ཁྲོམ་ཚགས་པར། མཚོ་སྔོན་དཔལ་འབྱོར་འཕྲིན་ལམ། མཚོ་སྔོན་གསར་འགྱུར་དྲ་བ། ཟི་ལིང་དགོང་དྲོའི་ཚགས་པར་ཁང་། མཚོ་སྔོན་བོད་ཡིག་ཚགས་པར། མདོ་ལ་ཚགས་པར་ཁང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་གི་རྫོང་བཞིའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་གསར་འགྱུར་སྨྱན་སྦྱོར་ལས་ཁུངས18གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号