ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དུས་བདེ་འཛུགས་སྐྱོང་། བརྗོད་དོན་སློབ་གསོ་བཅས་ཀྱི་བྱ་བར་བརྟག་ཞིབ་གནང་པ།


ཟླ12པའི་ཚེས1ཉིན་ནས་ཚེས2ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་བྱ་སློབ་གསོ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དུས་བདེའི་མཚོ་བྱང་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས་བརྟག་ཞིབ་གནང་པ།



འཇུ་ལག་རྫོང་གི་ཧའེ་ཤིན་གསེར་གཏེར་དང་འཇུ་ལག་གྲོང་རྡལ་གྱི་ཤར་གྱི་ཁྲོམ་གཞུང་དང་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ ཏུང་ཁྲོན་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས་བཅས་སུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་སུ་ལྗང་མདོག་གཏེར་རི་འཛུགས་སྐྲུན་དང་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བར་ལྟ་ཞིབ་གནང་པ་དང་། མཁར་གྲོང་ལྗང་སྒྱུར་དང་ཁོར་ཡུག་བཅོས་སྒྲིག་བྱ་བར་ཡུལ་དངོས་ནས་མཛུབ་ཁྲིད་གནང་། བཟོ(ར་བ)ཁུལ་གྱི་ཐོན་སྐྱེད་འཚོ་བ་དང་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་གྱི་འབྲེལ་ཡོད་བྱ་བར་ཞིབ་བཤེར་བཅས་བྱས་ཏེ་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་བྱང་དུ་བསྐྱོད་ནས་ཞིབ་བཤེར་མཛུབ་ཁྲིད་བྱ་བ་སྤེལ་དོན་ནི་མཚོ་བྱང་གིས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་ཆེད་ཡིན་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཐོག་ནས་ལྟ་ཞིབ་ཚན་ཆུང་ལ་གཞོགས་འདེགས་བྱས་ཏེ་བྱ་བ་སྒྲུབ་ནས་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་གསལ་ཐོ་བཅོས་སྒྲིག་བྱེད་པ། འགན་འཁྲི་ཏན་ཏིག་སྒྲུབ་པ། གནད་དོན་ཆ་ཚང་མེད་པར་བཟོ་བ་བཅས་བྱས་ནས་མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཟེར། འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཁའ་ཁོངས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་ལྗང་མདོག་གཏེར་རི་གསར་སྐྲུན་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་དང་། དུས་བཀག་ལྟར་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་དགོས། སྐྱེ་ཁམས་དམར་ཐིག་ལ་རེག་པར་ནན་འགོག་བྱས་ཏེ། ཐོན་ཁུངས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་མཆོག་ཏུ་བརྩི་བའི”འདུ་ཤེས་བརྟན་པོ་བཅངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་སྟེ། རི་ཉིལ་བ་དང་ས་རྡུབ་པ་སོགས་བདེ་འཇགས་ཀྱི་མི་མངོན་རྐྱེན་ངན་མི་ཐོན་པ་སྔོན་འགོག་ནན་མོ་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཁུར་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་ལེགས་སྐྱེས་འབུལ་དགོས་པ་དང་། གཏེར་ཁུལ་ལྗང་སྒྱུར་བྱ་བ་ཏན་ཏིག་སྤེལ་ནས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་མངོན་དགོས། གཉིས་ནས་བཙོག་ཆུ་གཙང་སྒྱུར་བཟོ་གྲྭའི་འཁོར་སྐྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་པ་དང་། བཙོག་ཆུའི་གཞི་གྲངས་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ། བཙོག་ཆུ་གཙང་སྒྱུར་སྒྲིག་བཀོད་བརྟན་པོའི་ངང་འཁོར་སྐྱོད་དང་མཇུག་ཆུ་ཚད་མཐུན་ཕྱིར་འབུད་འགན་ལེན་བཅས་བྱས་ནས་གཙང་ཆུ་དྭངས་མོ་ཞིག་ཤར་ཕྱོགས་སུ་བཞུར་བའི་འགན་ལེན་བྱེད་དགོས། གད་སྙིགས་སྦས་ས་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་རིམ་ཚང་མ་ཚད་ལྡན་ངང་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པ་དང་། ལས་དོན་མི་སྣའི་སྤྱི་ཚོགས་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལས་ཞུགས་མི་སྣའི་གསོ་སྦྱོང་སློབ་གསོར་ཤུགས་སྣོན་བྱས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་རིགས་ཀྱི་ཚད་གཞི་གཏོད་དགོས། གསུམ་ནས་མཁར་གྲོང་ལྗང་སྒྱུར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལྗོན་ཤིང་ཆེན་པོ་སྣ་ཚོགས་བཙུགས་ཏེ་མཛེས་ལྗོངས་གཏོད་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་དགོས། “ལྗོན་ཤིང་ཆེན་པོ་གྲོང་ཁྱེར་དུ་འཛུགས་པའི”བྱེད་སྟངས་ཁྱབ་གདལ་དུ་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་ལྗང་སྒྱུར་ཁུལ་ཇུས་འགོད་ལུགས་མཐུན་བྱེད་དགོས། རྫོང་མཁར་གྱི་བགྲོད་ལམ་གཙོ་བོ་དང་གྲོང་ཁུལ་རྙིང་པར་ཡུན་ཧྲན་གསོམ་ཤིང་། ཡོ་འབོག་ཤིང་། མེ་ཏོག་སྡོང་ཐུང་སོགས་ལྗོན་ཤིང་འདེབས་འཛུགས་བྱེད་དགོས་པ་དང་རྗེས་ཕྱོགས་ཀྱི་སྲུང་སྐྱོང་དང་བདག་སྐྱོང་གི་བྱ་བ་ཡག་པོ་སྒྲུབ་དགོས། “སྒོ་ཁའི་འགན་ལེན་གསུམ”གྱི་འགན་འཁྲིའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཁར་གྲོང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་པར་བསྟན། 



འཇུ་ལག་རྫོང་དང་ཏུང་ཁྲོན་གྲོང་རྡལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་དང་གྲོང་རྡལ་ཁྲིམས་འཛིན་ཁང་དང་མི་དམངས་ཁྲིམས་ར་བཅས་སུ་ཤ་བོ་སྐྱབས་ཀྱིས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དང་མི་སྣ་བཀོད་སྒྲིག་བྱས་ཚུལ་ལ་ལྟ་ཞིབ་དང་ལས་སྒོའི་གནས་ཚུལ་རྒྱུས་ལོན་བྱས་ནས་ཏུང་ཁྲོན་གྲོང་རྡལ་ཁྲིམས་འཛིན་སུའོ་ཡི“365འདུམ་འགྲིག་ཁང”དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས“རྒྱལ་ཡོངས་དཔེ་བཟང་ཁྲིམས་འཛིན་ཁང”དུ་བདམས་པའི་གྲུབ་འབྲས་ལ་གདེང་འཇོག་དང་ཁས་ལེན་གནང་པ། ཤ་བོ་སྐྱབས་ཀྱིས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་ཁྲིམས་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་སྲིད་ཁྲིམས་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་བདེའི་མཚོ་བྱང་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཏེ། གཅིག་ནས་ཞིང་ཆེན་ཏང་ཨུའི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བྱ་བའི་བླང་བྱར་དམིགས་ཏེ་ཁུལ་དང་རྫོང་། ཡུལ་ཚོ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་།  དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། “པད་མ་ཉམས་མྱོང”དང་མདའ་བཞི་རྫོང་གི་སྤྱི་ཚོགས་བཅོས་སྐྱོང་གི“བྱ་བའི་བྱེད་ཐབས་ཆུང་གྲས་དྲུག”སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པ་དང་བཅའ་ཁྲིམས་ཞབས་ཞུ། ཡིག་བསྐུར་ངོ་བཅར་སྣེ་ལེན་སོགས་ཀྱི་བྱ་བ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་རྒྱུན་མཐུད་ཡོང་བར་འགན་ལེན་བྱེད་དགོས། གཉིས་ནས་ལག་རྩལ་གྱི་འགོག་ཟོན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། འགྲིམ་འགྲུལ་གྱི་འགག་གནད་དང་ཐང་ཆེན་ཚོང་ཁྲོམ། སྡེ་བའི་གཞིས་ཁུལ་དང་དེ་བཞིན་ཁེ་ལས་དགོན་སྡེ་སོགས་མི་སྣ་འདུ་འཛོམས་མང་བའི་ས་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་ལ། ཆབས་ཅིག་བརྙན་ལམ་དྲ་སྦྲེལ་དང་བརྗེ་རེས་མཉམ་སྤྱོད་ཀྱི་སྟེགས་བུ་འཛུགས་སྐྲུན་གྱི་བྱ་བ་ཡག་པོ་སྒྲུབ་དགོས། གསུམ་ནས་མཚོ་བྱང་ཏང་གི་སློབ་གྲྭ་དང་མཚོ་བྱང་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སོགས་ལས་སྟེགས་ལ་བརྟེན་ནས་སྲིད་ཁྲིམས་ལས་བྱེད་པའི་དཔུང་ཁག་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཆེད་ལས་ཀྱི་བྱང་ཚད་གཉིས་ཀ་མཐོ་རུ་བཏང་ནས་སྒྲིག་ཁྲིམས་ནན་སྲུང་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པོ་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་དཔུང་ཁག་ཅིག་གཏོད་དགོས་པའི་བླང་བྱ་བཏོན།



དེའི་རིང་། ཤ་བོ་སྐྱབས་ཀྱིས་ཏུང་ཁྲོན་གྲོང་རྡལ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ལྟ་སྐུལ་བྱས་ཤིང་།  གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། སྡེ་བ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོག་འཇོག དམངས་ལ་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་བསྟན་དོན། ཏུང་ཁྲོན་གྲོང་རྡལ་ནི་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་བརྗོད་དོན་སློབ་གསོའི་ཐད་ཀའི་འབྲེལ་གཏུག་ས་ཚིགས་ཤིག་ཡིན་ལ། “དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག”གི་སྤྱིའི་བླང་བྱ་ལྟར་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྐུལ་སྤེལ་བཏང་ཞི་དགེ་མཚན་ལྡན་པའི་ཕན་འབྲས་བླངས་ཡོད་དེ། གཅིག་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སྲིད་ཇུས་གསལ་འགྲེལ་ལ་ཤུགས་སྣོན་དགོས་པ་དང་། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་བརྗོད་དོན་ཏང་གི་ཉིན་མོ་སོགས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་སློབ་སྦྱོང་གི་གྲུབ་འབྲས་མུ་མཐུད་ཇེ་བརྟན་དུ་གཏོང་དགོས། གཉིས་ནས་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བྱ་བར་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་རྣམས་གཞི་རིམ་དུ་བསྐྱོད་ཐུབ་པ་དང་བྱ་སྤྱོད་སྤེལ་ཐུབ་པ་བྱས་ནས་ཡོང་འབབ་ཁག་གཉིས་མུ་མཐུད་དམ་འཛིན་བྱེད་དགོས་པ་དང་། ནོར་ལུག་བཤས་གཏོང་དང་གཟན་རྩྭ་གྲབས་གསོག་སོགས་གཙོ་གནད་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས། མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་སྟེ་བདེ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས། གསུམ་ནས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་འཛུགས་སྐྲུན་ཐོན་ལས་ཀྱི“གནས་བཞིའི”བྱ་བའི་བླང་བྱ་གཞིར་བཟུང་ནས་གྲོང་གསེབ་ཡུལ་སྐོར་དང་ཚད་མཐོའི་གསོ་སྤེལ། ཚན་རིག་དང་མཐུན་པའི་འདེབས་འཛུགས་སོགས་ཀྱི་ཞིབ་ཕྲའི་བྱ་བར་དམིགས་ཏེ་ཡུལ་ཚོ་དང་གྲོང་རྡལ་རིམ་པས་སྔོན་ལ་ཇུས་འགོད་དང་སྔོན་ལ་བཀོད་སྒྲིག་བྱས་ཏེ་སངས་ལོའི་བྱ་བ་སོ་སོར་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཟེར།



ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号