ཡུལ་སྣང་ཏང་གི་སློབ་ཚན《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང》ཞེས་པ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རྡུལ་ཕྲན་མཁར་གྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། “མདེལ་གཉིས”ཞིབ་བཟོ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཡག་པོར་བཤད་པ། “མདེལ་གཉིས་སྐར་གཅིག”གི་རླབས་ཆེའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཟླ11པའི་ཚེས30ཉིན། ཁུལ་ཨུའི་དྲིལ་སྒྲོག་པུས་འཆར་འགོད་མཛུབ་སྟོན་དང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་སྒྲིག་བཟོ་ཞིབ་ཚགས་བྱས་པའི་ཡུལ་སྣང་ཏང་གི་སློབ་ཚན《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང》ཞེས་པ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས། དེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། རྡུལ་ཕྲན་མཁར་གྱི་གསར་བརྗེའི་གཞི་རྒྱུར་བརྟེན་ནས་རྡུལ་ཕྲན་མཁར་གྱི་རིག་གནས་ཤུལ་བཞག་སླར་གསོ་བེད་སྤྱོད་དང་བསམ་པའི་བཙན་ས་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཁུལ་གྱི་མགོ་ཁྲིད་ཤ་བོ་སྐྱབས་དང་། དབྱང་ཧའེ་ལུང་། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། སི་ཅི་ཧྲིན། མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། ཝང་ཞིང་ཧོས། ཚོ་ཅི་ཆང་། ཁྲང་ལིན། པོ་ཀྲེང་ཆིང་། ཝུའུ་ཧྲུའུ་རུང་། ཞོ་རོས་ཞིན། མ་ཝུན་ཆོན་བཅས་དང་། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ800ལྷག་གིས་འཁྲབ་སྟོན་ལ་གཟིགས།《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང་། 》ཞེས་པ་ནི“རྡུལ་ཕྲན་མཁར་གྱི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང‘མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས’དར་སྤེལ་གཏོང་རྒྱུ་བརྗོད་དོན་དུ་བཟུང་ནས“མདེལ་གཉིས”ཞིབ་བཟོ་བྱེད་པའི་ཁྲོད་གསེར་དངུལ་ཐང་དུ་བྱུང་བའི་གཏམ་རྒྱུད་ནང་དོན་དུ་བཟུང་སྟེ་གཏམ་བཤད་དང་ཡུལ་སྣང་ཟློས་གར། ཡུལ་དངོས་ཀྱི་འགྲེལ་བཤད་སོགས་ཀྱི་བྱ་ཐབས་བརྒྱུད་གསེར་དངུལ་ཐང་གི་འབྲོག་པས་ཏང་གི་འབོད་སྐུལ་ལ་ཉན་པ་དང་རྒྱལ་ཁབ་ཀྱི་དགོས་མཁོར་བསྟུན་ནས་ཡུལ་གཞན་དུ་གནས་སྤོ་བྱས་ཏེ་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་གཏམ་རྒྱུད་དངོས་ཇི་མ་ཇི་བཞིན་བརྗོད་པ་དང་། ཚན་ཞིབ་མཁས་པ་དང་ལག་རྩལ་མི་སྣ། ལས་བྱེད་ལས་བཟོ་བ་དང་དཔུང་སྡེའི་དཔོན་དམག་རྣམས་གསེར་དངུལ་ཐང་དུ་འཛོམས་ནས་དཀའ་སྤྱད་ལས་སྒྲུབ་དང་དཀའ་ངལ་ཁྱད་གསོད། འགག་སྒྲོལ་དཀའ་སེལ་དང་གྲུབ་འབྲས་གཟེངས་སུ་ཐོན་པར་བྱས་ཏེ། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་ཐོག་མར་ཞིབ་བཟོ་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་དང་། བརྩེ་སེམས་དངོས་ཀྱི་ཐོག་ནས་མཚོ་བྱང་མི་དམངས་ཀྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་སྔོན་རབས་པ་ཚོའི་ཞབས་རྗེས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་བརྗོད་ཡོད།ཏང་གི་སློབ་ཚན་མཇུག་སྒྲིལ་རྗེས། ཚོགས་ར་ཡོངས་ཀྱི་མི་སྣས་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པ་བླངས་ནས་མེས་རྒྱལ་ལ་བཅངས་པའི་ལྷད་མེད་ཀྱི་དགའ་ཞེན་དང་དེ་བཞིན་མེས་རྒྱལ་གྱི་འབྱུང་འགྱུར་ལ་བཅངས་པའི་མཛེས་སྡུག་ལྡན་པའི་ཡིད་སྨོན་གྱི་བརྩེ་སེམས་མཚོན་པར་བྱས་ཤིང་། ཐེངས་དང་པོར་འཁྲབ་སྟོན་བྱས་པ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རྡུལ་ཕྲན་མཁར་གྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། “མདེལ་གཉིས”ཞིབ་བཟོ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཡག་པོར་བཤད་པ། “མདེལ་གཉིས་སྐར་གཅིག”གི་རླབས་ཆེའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཟླ11པའི་ཚེས30ཉིན། ཁུལ་ཨུའི་དྲིལ་སྒྲོག་པུས་འཆར་འགོད་མཛུབ་སྟོན་དང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་སྒྲིག་བཟོ་ཞིབ་ཚགས་བྱས་པའི་ཡུལ་སྣང་ཏང་གི་སློབ་ཚན《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང》ཞེས་པ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས། དེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། རྡུལ་ཕྲན་མཁར་གྱི་གསར་བརྗེའི་གཞི་རྒྱུར་བརྟེན་ནས་རྡུལ་ཕྲན་མཁར་གྱི་རིག་གནས་ཤུལ་བཞག་སླར་གསོ་བེད་སྤྱོད་དང་བསམ་པའི་བཙན་ས་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།
ཁུལ་གྱི་མགོ་ཁྲིད་ཤ་བོ་སྐྱབས་དང་། དབྱང་ཧའེ་ལུང་། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། སི་ཅི་ཧྲིན། མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། ཝང་ཞིང་ཧོས། ཚོ་ཅི་ཆང་། ཁྲང་ལིན། པོ་ཀྲེང་ཆིང་། ཝུའུ་ཧྲུའུ་རུང་། ཞོ་རོས་ཞིན། མ་ཝུན་ཆོན་བཅས་དང་། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ800ལྷག་གིས་འཁྲབ་སྟོན་ལ་གཟིགས།
《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང་། 》ཞེས་པ་ནི“རྡུལ་ཕྲན་མཁར་གྱི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང‘མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས’དར་སྤེལ་གཏོང་རྒྱུ་བརྗོད་དོན་དུ་བཟུང་ནས“མདེལ་གཉིས”ཞིབ་བཟོ་བྱེད་པའི་ཁྲོད་གསེར་དངུལ་ཐང་དུ་བྱུང་བའི་གཏམ་རྒྱུད་ནང་དོན་དུ་བཟུང་སྟེ་གཏམ་བཤད་དང་ཡུལ་སྣང་ཟློས་གར། ཡུལ་དངོས་ཀྱི་འགྲེལ་བཤད་སོགས་ཀྱི་བྱ་ཐབས་བརྒྱུད་གསེར་དངུལ་ཐང་གི་འབྲོག་པས་ཏང་གི་འབོད་སྐུལ་ལ་ཉན་པ་དང་རྒྱལ་ཁབ་ཀྱི་དགོས་མཁོར་བསྟུན་ནས་ཡུལ་གཞན་དུ་གནས་སྤོ་བྱས་ཏེ་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་གཏམ་རྒྱུད་དངོས་ཇི་མ་ཇི་བཞིན་བརྗོད་པ་དང་། ཚན་ཞིབ་མཁས་པ་དང་ལག་རྩལ་མི་སྣ། ལས་བྱེད་ལས་བཟོ་བ་དང་དཔུང་སྡེའི་དཔོན་དམག་རྣམས་གསེར་དངུལ་ཐང་དུ་འཛོམས་ནས་དཀའ་སྤྱད་ལས་སྒྲུབ་དང་དཀའ་ངལ་ཁྱད་གསོད། འགག་སྒྲོལ་དཀའ་སེལ་དང་གྲུབ་འབྲས་གཟེངས་སུ་ཐོན་པར་བྱས་ཏེ། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་ཐོག་མར་ཞིབ་བཟོ་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་དང་། བརྩེ་སེམས་དངོས་ཀྱི་ཐོག་ནས་མཚོ་བྱང་མི་དམངས་ཀྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་སྔོན་རབས་པ་ཚོའི་ཞབས་རྗེས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་བརྗོད་ཡོད།
ཏང་གི་སློབ་ཚན་མཇུག་སྒྲིལ་རྗེས། ཚོགས་ར་ཡོངས་ཀྱི་མི་སྣས་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པ་བླངས་ནས་མེས་རྒྱལ་ལ་བཅངས་པའི་ལྷད་མེད་ཀྱི་དགའ་ཞེན་དང་དེ་བཞིན་མེས་རྒྱལ་གྱི་འབྱུང་འགྱུར་ལ་བཅངས་པའི་མཛེས་སྡུག་ལྡན་པའི་ཡིད་སྨོན་གྱི་བརྩེ་སེམས་མཚོན་པར་བྱས་ཤིང་། ཐེངས་དང་པོར་འཁྲབ་སྟོན་བྱས་པ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注