ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་པ།
ཟླ11པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདའ་བཞི་རྫོང་ནུབ་མཚོ་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་། གསེར་ཐང་ཡུལ་ཚོའི་གད་སྙིགས་སྦས་ས། གསེར་ཐང་ཡུལ་ཚོ་སྟོང་མདའ་སྡེ་བ། དཔལ་སྦྱིན་སོག་རིགས་ཡུལ་ཚོའི་ས་མེད་གཟན་རྩྭ་གསོ་སྤེལ་རྟེན་གཞི། དཔལ་སྦྱིན་སོག་རིགས་ཡུལ་ཚོའི་རྟ་ཐོག་མི་རིགས་མཉམ་འགུལ་སྒར་ཁ། རྫོང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱ་བ་སྤེལ་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སེམས་ནུས་ཡོད་རྒུས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།
ནུབ་མཚོ་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་གསེར་ཐང་ཡུལ་ཚོའི་གད་སྙིགས་སྦས་ས་རུ་ཤ་བོ་སྐྱབས་ཀྱིས་བྱ་བའི་སྙན་ཞུར་ནན་ཏན་ངང་ཉན་པ་དང་། བཙོག་ཆུ་གཙང་སེལ་སྒྲིག་ཆས་འཁོར་སྐྱོད་དང་ཉིན་རེའི་གཙང་སེལ་གཞི་ཁྱོན་དང་ཆུའི་མང་ཉུང་། ཆུ་འབུད་སའི་ཆུ་སྤུས་དམིགས་ཚད་དང་དེ་བཞིན་བཟོ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། ཡུལ་དངོས་ནས་གད་སྙིགས་སྦས་ས་འཛུགས་སྐྲུན་འཁོར་སྐྱོད་དང་། འཚོ་བའི་གད་སྙིགས་གཙང་སེལ་ནུས་པ། ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་མིག་སྔའི་བྱ་བའི་ཁྲོད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག བརྡར་གཅོད་བཅས་བྱས་ཤིང་བྱ་བར་བླང་བྱ་བཏོན། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པའི་བྱ་བར་གཞོགས་འདེགས་ཡག་པོ་བྱས་ནས་ཚུར་ལན་གནད་དོན་གྱི་དག་ཐེར་ལས་འགན་ཏན་ཏིག་ངང་ལེགས་བསྒྲུབ་བྱེད་དགོས་ཏེ། གཅིག་ནས་ཕྱོགས་བསྡུས་ཀྱིས་ཐབས་ཇུས་འདོན་པ་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ནས་ཁོར་ཡུག་གདེང་འཇོག་དང་མིག་སྔའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་ལྟར་བཙོག་ཆུ་དང་འཚོ་བའི་གད་སྙིགས་གཙང་བཅོས་དང་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། རྒྱུན་གཏན་གྱི་དོ་དམ་ཁྲོད་གནད་དོན་ཤེས་རྟོགས་དང་ཞན་ཆ་གསབ་པ། སྤུས་ཚད་མཐོར་གཏོང་བཅས་བྱང་ཆུབ་པར་བྱས་ནས་བཟོ་གྲྭ་གཅིག་དང་ར་བ་གཅིག་དེ་ཚན་རིག་ཅན་དང་ཞིབ་ཕྲ་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྲུན་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། གཉིས་ནས་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷུ་ཚིགས་སོ་སོའི་ལྟ་སྐུལ་དོ་དམ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། བཟོ་གྲྭའི(ར་བ)འཁོར་སྐྱོད་དང་དོ་དམ་བྱ་བ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། འཁོར་སྐྱོད་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གཅོད་པ། ནད་བསྟུན་སྨན་སྤྲོད་ཀྱིས་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། གསུམ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་རང་བྱུང་དང་མཐུན་སྦྱོར། མཛེས་དཔྱོད་བཅས་ཀྱི་བླང་བྱ་གཞིར་བཟུང་ནས་བཟོ་གྲྭའི(ར་བ)ཕྱི་ནང་གི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་གཏོང་བ་དང་དོན་དངོས་ཟུང་འབྲེལ་བྱས་ཏེ་ལྗང་སྒྱུར་མཛེས་བཟོའི་བྱ་བ་ཡག་པོར་བསྒྲུབ་ནས་ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་གཞིས་སྡོད་དང་བྱ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། བཞི་ནས་ཡུན་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་འབྲེལ་ཡོད་ལམ་ལུགས་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ནས་གནམ་སྔོ་ཆུ་དྭངས་ཀྱི་གནས་མཆོག་ཅིག་གཏོད་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།
གསེར་ཐང་ཡུལ་ཚོ་སྟོང་མདའ་སྡེ་བ་དང་དཔལ་སྦྱིན་སོག་རིགས་ཡུལ་ཚོ་དཔལ་སྦྱིན་སྡེ་བར་ཤ་བོ་སྐྱབས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་མང་ཚོགས་ཀྱི་རིག་གནས་བྱེད་སྒོ། སྡེ་བའི་རྣམ་པ་ལེགས་སྒྱུར། དེ་བཞིན་ས་མེད་གཟན་རྩྭ་འདེབས་གསོའི་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་ཞིབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་པ་ཆེ་རུ་གཏོང་རྒྱུར་གཞོལ་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། མང་ཚོགས་ཀྱི་རིག་གནས་འཚོ་བ་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། མི་སྡོད་ཁོར་ཡུག་ཧུར་ཐག་གིས་ཇེ་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས་ཏེ། གཅིག་ནས་སྡེ་སྲོལ་དམངས་ཆིངས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཆ་བསགས་དོ་དམ་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་ཡག་པོ་བྱས་ཏེ“ཁ་ཆད”འཇོག་པ་དང“སྒྲིག་སྲོལ”ཡོད་པ། “བྱ་དགའ”ཡང་ཡོད་པ་བཅས་ཀྱི་བྱེད་སྟངས་ལ་བརྟེན་ནས། ཡ་རབས་ཀྱི་ཡུལ་སྲོལ་དང་ཚུལ་མཐུན་དམངས་སྲོལ། འཆམ་མཐུན་སྤྱོད་ཚུལ་བཅས་ཀྱི“ཁ་ཆད”བཟོས་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་ནུས་པ་འདོན་དགོས། གཉིས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་པ་དང་། ལྷག་པར་དུ“བྱ་བའི་བྱེད་ཐབས་དྲུག”ལ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཁས་ལེན་གང་ལེགས་ཐོབ་ཡོད་པས། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་བེད་སྤྱོད་གཏོང་རྒྱུ་ཁྱབ་གདལ་ཧུར་ཐག་གཏོང་དགོས་པ་དང་། མང་ཚོགས་ཀྱི་དགོས་མཁོ་སྣ་མང་དང་རྩོད་གཞི་སྣ་མང་། ཞབས་ཞུ་སྣ་མང་བཅས་ཀྱི་ཁྱད་ཆོས་དངོས་ལ་དམིགས་ཏེ་མང་ཚོགས་ཉེ་འགྲམ་གྱི་འགལ་ཟླ་དང་རྩོད་གཞི་ནུས་ལྡན་ངང་ཐག་གཅོད་ཡག་པོ་བྱས་ནས་རྒྱུན་གཏན་གྱི་དོན་ཆུང་ནས་དམངས་འཚོའི་གནད་དོན་ཆེན་པོ་ཐག་གཅོད་ཏན་ཏིག་བྱས་ཏེ་སྤྱི་ཚོགས་ཀྱི་ཁོར་ཡུག་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ནུས་ལྡན་བྱེད་དགོས། གསུམ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རིག་གནས་གཡུལ་ས་འཛུགས་སྐྲུན་དང་རིག་རྩལ་བརྩམས་ཆོས་གསར་གཏོད། རིག་གནས་བྱེད་སྒོའི་འཁྲབ་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རིག་གནས་དགོས་མཁོ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མང་ཚོགས་ལ་དགེ་མཚན་ལྡན་པ། སྤྲོ་སྣང་ཆེ་བ། བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱས་ཏེ་མང་ཚོགས་ཀྱིས་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་གཅིག་སྡུད་དང་ཁྲིད་སྟོན་བྱེད་དགོས། བཞི་ནས་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་གཞིས་སྡོད་ལས་བརྩོན་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ་གྲོང་གསེབ་ཀྱི་ཁྱད་ཆོས་དང་མཛེས་ལྗོངས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གྲོང་ཚོའི་ས་ཁམས་གནས་བབ་དང་རང་བྱུང་སྤུས་ཚད། སྐྱེ་ཁམས་ཁོར་ཡུག་གནས་ཚུལ། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་སོགས་གནས་ཚུལ་མི་འདྲ་བར་གཞིགས་ཏེ་ཡུལ་བབ་དང་བསྟུན་ནས་གྲོང་ཚོར་སྲིད་ཇུས་ལག་བསྟར་འཆར་འགོད་བྱེད་པ། གྲོང་གསེབ་ཀྱི་རང་བྱུང་རྣམ་པ་ཕྱོགས་བསྡུས་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས། ལྔ་ནས་མཚོ་བྱང་ཅི་ཐེ་ཞིང་ཕྱུགས་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཕྱོགས་མང་བོའི་སྟོབས་ཤུགས་ལ་བརྟེན་པ། ཐོན་རྫས་ཀྱི་ཕན་ནུས་མགྱོགས་མྱུར་སྒོས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་པ་དང་། དུས་མཚུངས་སུ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས་གཟན་ཆས་འདེབས་འཛུགས་དང་གསོག་འཇོག ཕྱིར་ཚོང་། སྐྱེལ་འདྲེན་སོགས་ཀྱི་བྱ་བ་སྔ་མོ་ནས་ཡག་པོར་བསྒྲུབ་སྟེ་ཁེ་ལས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། དྲུག་ནས“ཁྱད་ཆོས”དང“སྤུས་ལེགས”ཀྱི་ཆས་རྟགས་གཉིས་མུ་མཐུད་ཡག་པོར་བཏོད་ནས་རོང་འབྲོག་མང་ཚོགས་ཀྱིས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་གང་ལེགས་སྤྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལག་རྩལ་གསར་པ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཤ་མོ་སེར་པོའི་ཤ་ཁུ་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་བྱེད་རྒྱུར་ཤུགས་བསྣན་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་དགོས་པ་ནན་གྱིས་བསྟན།
དེའི་རིང་། ཤ་བོ་སྐྱབས་ཀྱིས་དུས་མགོར་སྒྲུབ་རྒྱུར་སྤྲད་པའི་དཔལ་སྦྱིན་སོག་རིགས་ཡུལ་ཚོའི་རྟ་ཐོག་མི་རིགས་མཉམ་འགུལ་སྒར་ཁ་ལས་གཞི་བསྐྱར་དུ་སྤྱོད་མགོ་བརྕམས་པར་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། ལས་གྲྭའི་འཕེལ་རིམ་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སང་ལོའི་ཟླ་ལྔ་པར་སླར་གསོ་འཁོར་སྐྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注