ཤ་བོ་སྐྱབས་དང་ཞུའེ་ཅན་ཧྭས་རྐང་ཚ་རུ་ཐོན་ལས་ཀྱི“གནས་བཞིར”རྟོག་ཞིབ་གནང་སྐབས། གོ་སྐབས་དམ་འཛིན་དང་འགན་འཁྲི་དངོས་འབེབས་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་རྒྱུན་མཐུད་ངང་གཏོད་དགོས་པ་ནན་གྱིས་བསྟན།
ཟླ11པའི་ཚེས16ཉིན། “གཞི་རིམ་དུ་བསྐྱོད་པ་བཞིའི”བླང་བྱ་ལག་བསྟར་བྱས་ཏེ། བརྗོད་དོན་སློབ་གསོ་ལག་བསྟར་གཏིང་ཟབ་ལ་སྐུལ་འདེད་གཏོང་ཆེད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞུའེ་ཅན་ཧྭ་རྐང་ཚ་རུ་བསྐྱོད་དེ་ཐོན་ལས་ཀྱི“གནས་བཞིའི”འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་བྱ་བའི་ཐད་རྟོག་ཞིབ་གནང་ཞིང་། སྐྱེ་ཁམས་ཁོར་ཡུག་སྐྲུང་སྐྱོབ་བྱ་བ་རྒྱུན་འཁྱོངས་ཀྱིས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོ་སྐབས་དམ་འཛིན་དང་འགན་འཁྲི་དངོས་འབེབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་གཞོགས་འདེགས་བྱ་དགོས་པ་བསྟན། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས་སོགས་ཀྱིས་ཕེབས་རོགས་གནང་།
རྐང་ཚ་རྫོང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཐོན་ལས་གླིང་དང་སྐྱིད་སྨོན་ཡུལ་ཚོའི་ཁྲི་ནོར་གནག་ཁྲི་ཡི་གསོ་སྤེལ་རྟེན་གཞི། མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་སྡེ་བའི་བྲག་ཐོ་ཁྲ་རིས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་ཡུལ་དངོས་སུ་ཤ་བོ་སྐྱབས་དང་ཞུའེ་ཅན་ཧྭས་ཞིབ་ཕྲའི་ངང་ཐོན་ལས་གླིང་གི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གནས་ཚུལ་དང་། ནོར་གནག་ཁྲི་ཡི་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་གནས་ཚུལ། མཉམ་ལས་ཁང་གི་འཁོར་སྐྱོད་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་དང་ཆབས་ཅིག སྐྱིད་སྨོན་ཡུལ་ཚོ་དང་མཚོ་འཁྱིལ་ཡུལ་ཚོའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་གྱི་བྱ་བའི་སྙན་ཞུར་གསན། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཐོན་ལས་གླིང་ལ་བརྟེན་ནས་ཞིང་ཕྱུགས་ལས་ཚོང་གཉེར་ཕུང་བོ་རྣམ་པ་གསར་བར་ཁ་ཕྱོགས་ཏེ། སྐམས་ཤ་དང་ལུག་ཤ་ལས་སྣོན་སྒོས་བདག་དམ་དང་ཐོན་ལས་འཁོར་རྒྱུག་སོགས་ཀྱི་ཐོན་ལས་མཉམ་སྦྲེལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཀྱི་གཅིག་ཅན་བརྒྱད་ཀྱི་སྒྲིག་ཆས་བཟོ་གྲྭ་འཛུགས་སྐྲུན་སྐུལ་འདེད་དང་ཕྱོགས་ཡོངས་ནས་ནོར་གནག་སྟོང་དང་བོད་ལུག་ཁྲི། གཟན་རྩྭ་མུའུ་ཁྲི། འབྲུ་སྣུམ་མུའུ་ཁྲི་བཅས་ཀྱི་ཚད་ལྡན་རང་བཞིན་གྱི་ཐོན་ལས་རྟེན་གཞི་གསར་དུ་གཏོད་དེ། ཞིང་ཕྱུགས་ཐོན་རྫས་ཐད་ཐོག་མཐའ་བར་གསུམ་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས། ཟུར་སྣོན་རིན་ཐང་གོང་འཕར་གྱིས་ཐོན་ལས་ཀྱི་ཡོང་འབབ་གོང་དུ་འཕར་བ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་འདེགས་བཟང་བོ་བྱ་དགོས། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཡུལ་འཛུགས་སྐྲུན་ལ་དམིགས་ཏེ། “རྐང་ཚའི་མཚོ་སྔོན་པོའི་བོད་ལུག”དང“རྐང་ཚའི་མཚོ་སྔོན་པོའི་ནོར་གནག”གི་ལྷད་མེད་སྐྱེ་ལྡན་ཚོང་རྟགས་སྟོབས་ལྡན་དུ་གཏོང་བ། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཤུགས་རྐྱེན་རྒྱ་བསྐྱེད་དེ། ཁུལ་ཡོངས་ཀྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད་རྒྱུར་སྐུལ་ཁྲིད་བྱ་དགོས། ས་ཁུལ་གཞན་དག་གི་ནོར་གནག་རྟེན་གཞིར་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་ཀྱིས་བཟོ་གྲྭའི་ནུས་ཤུགས་དང་། བཟོ་སྐྲུན་གོང་སྤེལ་ལ་ཤུགས་བསྣན་ཏེ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ལྕི་བ་གནོད་མེད་ཅན་དུ་ལེགས་པོར་བསྒྱུར་ནས། ལེགས་བསྡུས་ཞིབ་གཉེར་ཅན་དང་ཐོན་ལས་ཅན། སྐྱེ་ཁམས་ཅན། ཤེས་སྟོབས་ཅན། ཚོང་རྟགས་ཅན་སོགས་ཀྱི་ཕན་འབྲས་མཐོ་བའི་ཕྱུགས་ལས་འཕེལ་རྒྱས་སྒྲིག་གཞི་ལེགས་པོར་བསྐྲུན་དགོས། ཐོན་ལས་གླིང་གི་བེད་མེད་བཟོ་ཁང་སོགས་རྒྱུ་ནོར་བེད་སྤྱོད་གང་ལེགས་བྱས་ཏེ་ཁ་བཏགས་དང་སྣམ་བུ། མི་རིགས་གྱོན་གོས་སོགས་མི་རིགས་རིག་གནས་ཐོན་ལས་སྔོག་འདོན་ལེགས་པོ་བྱ་དགོས། གྲོང་གསེབ་ཡུལ་སྲོལ་གྱི་རྣམ་པ་བཟང་བོ་བསྒྱུར་བཅོས་སྒོས་རང་སྐྲུན་བཅོས་སྐྱོང་བྱ་བ་ནན་གྱིས་སྤེལ་ཏེ། ཡུལ་ཚོ་དང་གྲོང་རྡལ་སྟབས་བདེ་ཁང་བའི་ཁ་མདོག་གཅིག་གྱུར་སྒོས་གྲལ་དག་པར་འབད་དགོས། བྱ་བའི་འགག་རྩ་དམིགས་སུ་བཟུང་སྟེ། ཆད་ལྷག་ལ་ཁ་གསབ་དང་རྒྱུན་རྣམ་ཅན་གྱིས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དང་། སྡོད་ཁང་བདེ་འཇགས་སོགས་ཀྱི་ཐོན་ལས་ཉེན་ཁ་གསར་བ་དང་། མི་མངོན་རྐྱེན་ངན་གསར་བ། གནད་དོན་གསར་བ་བཅས་གྲལ་བཤེར་དང་དག་ཐེར་བྱས་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་སྲུང་གི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།
འོམ་ཆུ་གྲོང་རྡལ་ཆུ་ཤར་སྡེ་བ་དང་མཚོ་སྔོན་པོ་ལྷ་ཆབ་ཁུག་གི་སྒར་འདེབས་རྟེན་གཞི། བྲ་སོག་སྡེ་བའི་འོད་ལེབ་གླིང་ཁུལ། བྲ་སོག་དགོན་པ་སོགས་ཀྱི་ཡུལ་དངོས་སུ་ཤ་བོ་སྐྱབས་དང་ཞུའི་ཅན་ཧྭས་སྒར་འདེབས་རྟེན་གཞི་དང་འོད་ལེབ་གླིང་ཁུལ་གྱི་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་བ་དང་ཆབས་ཅིག རྐང་ཚའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་གཉན་ཆེན་ཞལ་དཀར་རི་བོ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་ཡུལ་སྐོར་ཐོན་ཁུངས་དམིགས་བསལ་ཡིན་པ། ནུས་རྒྱུ་ཁྱད་འཕགས་དང་ས་ཁུལ་གྱི་ཐོན་ཁུངས་ལེགས་སུ་བཟུང་སྟེ། རྐང་ཚའི་ཁྱད་ཆོས་ལྡན་པའི་ལྷད་མེད་འཕེལ་རྒྱས་ཀྱི་ལམ་བུ་མུ་མཐུད་དུ་འཚོལ་ཞིབ་བྱ་དགོས་པ་དང་། གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་བསམ་ཕྱོགས་སྔར་བས་ཁ་གསལ་བཟོས་ཏེ་བྱ་བའི་གནས་ཐིག་གཏན་འཁེལ་ཡང་དག་དང་། རྫོང་མཁར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པར་བརྟེན་ནས་ས་གནས་ཀྱི་ཤེས་ལྡན་མི་སྣའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤྲོ་གསེང་གླིང་དང་གླིང་ག མགྲོན་ཁང་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་བཟའ་སྡོད་ཡུལ་སྐོར་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་གྱི་རྣམ་པ་གསར་བ་གཏོད་དགོས། དམིགས་བསལ་ཆོག་མཆན་སྤྲད་པའི་ཚོང་གཉེར་ས་ཚིགས་ཀྱི་རིམ་སྤོར་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། མཚོ་སྐོར་བྱང་ངོགས་ཀྱི་མཛེས་བསྒྱུར་ལྗང་བསྒྱུར་སོགས་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ། དགུན་དུས་ཀྱི“རྟ་རྒྱུག་དང་མདའ་འཕེན། རྐང་བགྲོད། ལྕགས་རྟ”བཅས་ཀྱི་ཆས་རྟགས་བཞི་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། མཚོ་སྔོན་པོའི་འཁྱགས་རོམ་སྟེང་གི་ཞབས་བྲོ་དང་ལྷ་ཆབ་ཁུག་མཚོ་སྐོར་རྐང་བགྲོད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་དང་ས་ཆ་གཞན་གྱི་ཡུལ་སྐོར་བ་མཚོ་སྔོན་པོར་བཀུག་ནས། སྐྱེ་ཁམས་ཐོན་ཁུངས་དེ་དཔལ་འབྱོར་ཕན་འབྲས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་བེད་སྤྱོད་མགྱོགས་པོ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བརྩོན་དགོས། སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞིའི་དམིགས་ཚད་ལ་གཞིགས་ཏེ་རླུང་ནུས་དང་ཉི་ནུས་སོགས་ཐོན་ཁུངས་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། འོད་ལེབ་དང་རླུང་གློག་རྟེན་གཞི་ཅན་དང་གཞི་ཁྱོན་ཅན་གྱི་གསར་སྤེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། “ཁུངས་དྲ་གསོག་འཇོག”གཞི་གཅིག་ཅན་དང་ཀྲུང་གོ་ཉིང་རྡུལ་འདུས་ནུས་ཀྱི“འཕར་ཚད་མཉམ་བསྲེས”འོད་ལེབ་གློག་འདོན་སོགས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དྲ་ཞུགས་བགོས་འབོར་བརྩོན་ལེན་ཧུར་ཐག་བྱས་ནས་དྲ་སྦྲེལ་གང་མགྱོགས་མངོན་འགྱུར་བྱེད་དགོས། “ཕྱུགས་འོད་གསབ་རེས”ལ་དམིགས་ཏེ་ལྟ་ཞིབ་ཚད་ལེན་དང་། ལྗོངས་གཟིགས། རྒྱང་ལྟ་བཅས་གཞི་གཅིག་ཅན་གྱི་ལྟ་སྐོར་སྟེགས་བུ་བསྐྲུན་ནས་ནུས་རྒྱུ་གཙང་མ་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་དགོས། གེ་སར་རིག་གནས་དང་ཁུ་ནུ་རིག་གནས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་བསྣན་ཏེ། གླིང་སྒྲུང་རིག་གནས་གླེང་སྟེགས་གྲབས་འཛུགས་ཀྱིས་ཁུ་ནུ་ལྷ་ཁང་བེད་སྤྱོད་གང་ལེགས་བྱས་ནས། མི་དེ་བས་མང་བར་གཟུགས་འདས་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་དང་ཤེས་རྟོགས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ངོ་མཚར་མྱོང་རོལ་ཐུབ་པར་བྱེད་དགོས་པ་ནན་གྱིས་བསྟན།
བརྟག་ཞིབ་བྱེད་སྐབས་ཤ་བོ་སྐྱབས་ཀྱིས་གྲོང་གསེབ་དར་སྤེལ་གྱི་ཕྱོགས་གསུམ་པའི་དཔྱད་དཔོག་ལྡོག་འདྲེན་གྱི་གནད་དོན་དག་ཐེར་དང་། བདེ་འཇགས་འཛུགས་སྐྲུན། བེད་མེད་རྒྱུ་ནོར་གང་འགབ་ཅི་སྤྱོད་སོགས་ཀྱི་གཙོ་གནད་བྱ་བར་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་བཀོད་གཏོང་བྱས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམིགས་ཏེ། “བསམ་བློ་སློབ་སྦྱོང་དང་ཏང་གཤིས་ཆེར་གཏོང་། ལག་ལེན་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་བཏོན་པའི“ལས་བྱེད་པ་རིགས་གསུམ”དང་། ཞིང་ཆེན་ཏང་ཨུས“ལས་སྒྲུབ་དོན་འཁྱོལ་དང་བསམ་ཕྱོགས་གསལ་བཟོ། རང་གཅུན་ཏན་ཏིག”གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། བྱ་བ་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པའི་ཐད་འབད་བརྩོན་བྱས་ཏེ། གོ་སྐབས་དམ་འཛིན་དང་འགན་འཁྲི་དངོས་འབེབས་སྒོས་བྱ་བ་སོ་སོ་ཁུལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།
རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན། ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注