ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།
ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།
ཟླ11པའི་ཚེས17ཉིན། ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ། ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ལ། ད་ལོའི་ཚུན་ཁུལ་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ་དང་དེ་བཞིན་གཞུང་ལས་ཁང་གི་ཞིབ་སྲོལ་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་ནས་ཉེ་དུས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཚོགས་འདུར་ཕེབས། ཤ་བོ་སྐྱབས་ཀྱིས་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སླར་གསོ་ནུས་ལྡན་དང་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་ཅིང་། དུས་མཚུངས་སུ། ཐོན་ལས་སྦྲེལ་ཐག་མི་རིང་བ་དང་སྟོབས་ཞན་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་མིན་པ། བཟོ་ལས་བརྟན་པོའི་ངང་འཁོར་སྐྱོད་བྱེད་དཀའ་བ། ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་ལེགས་སྒྱུར་མི་འདང་བ་སོགས་ཀྱི་འགལ་བ་དང་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཧེ་བག་ལ་དམིགས་པ། གནོན་ཤུགས་ཆེ་རུ་བཏང་ནས་སྐུལ་འདེད་གཏོང་བ། དཔལ་འབྱོར་བྱ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བྱ་བའི་མཇུག་བསྡུའི་དམག་འཐབ་ཡག་པོར་རྒྱག་དགོས་པར་བསྟན། ཤ་བོ་སྐྱབས་ཀྱིས་ཁུལ་དང་རྫོང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་རིམ་བྱུང་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་ནོར་སྲིད་དཔལ་འབྱོར་བྱ་བའི་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་བརྟན་པོ་ཡོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དཔལ་འབྱོར་གྱི་འཕེལ་ཕྱོགས་བརྟན་དུ་བཏང་སྟེ་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས་ཤིང་། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་དང་འཆར་གཞི་ཟུང་འབྲེལ་གྱིས་ཁུལ་དེ་ག་དང་སྡེ་ཁག་དེ་གའི་དཔལ་འབྱོར་བྱ་བའི་ཁྲོད་ཐག་གཅོད་བྱ་དགོས་པའི་གནད་དོན་མ་ནོར་བར་འཚོལ་བ། རྒྱུན་དུ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ། གནད་དོན་དངོས་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་པ། ལོ་འཁོར་གྱི་དམིགས་འབེན་དང་ལས་འགན་སོ་སོ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱ་དགོས་ལ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་དང་། “123”Aརིམ་པའི་ལྗོངས་ཁུལ་གཏོད་པ། གཙོ་གནད་ནུས་རྒྱུ་གཙང་མའི་བྱ་བ་དོན་འཁྱོལ་ལག་བསྟར་བཅས་བྱས་ནས་ཞིང་ཕྱུགས་ལས་ཀྱི་སྤྲེལ་ཐག་ཐག་སྣུར་སྲིང་དང་། ཁ་གསབ་བརྟན་གཏོང་། ཚོང་འགུགས་མ་འདྲེན་བཅས་ཀྱི་ལས་གཞི་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་དགོས། མ་འཇོག་གི་འགག་རྩའི་རང་བཞིན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཁུལ་རིམ་པའི་མགོ་ཁྲིད་ཀྱི“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མཉམ་འབྲེལ་འགན་ལེན་གྱི་ལས་གཞི་གལ་ཆེན་གྱི་བྱ་བའི་ལམ་སྲོལ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ། འཕེལ་རིམ་འགོར་བ་དང་སྐུལ་འདེད་ནུས་ལྡན་མ་བྱུང་བ་སོགས་ཀྱི་ལས་གཞི་བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་མ་འཇོག་གི་གཞོང་ཆེན་བརྟན་དུ་གཏོང་དགོས། ས་གནས་ཀྱི་བུ་ལོན་གནས་ཚུལ་སྔར་བས་གསེད་དཀྲོལ་བྱས་ཏེ“རྨང་གཞི་གསལ་བ་དང་གནས་ཚུལ་གསལ་བ། གཞི་གྲངས་གནད་ལ་འཁེལ་བ”བཅས་ཡོང་བར་བྱས་ནས་བཀོལ་སྤྱོད་ཐུབ་པའི་བུ་ལོན་གྱི་བྱ་ཐབས་ཞིབ་ཕྲ་དང་ཁ་གསལ་བཟོས་ནས་བུ་ལོན་ཐག་གཅོད་བྱ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ནན་དུ་བཏང་ནས་དུས་ཡུན་རིང་པོར“འཚོ་བ་བབ་ཆགས་སྐྱེལ་རྒྱུའི”གྲ་སྒྲིག་ཡག་པོ་བྱས་ཏེ་གཏོང་སྒོའི་སྔོན་རྩིས་ཀྱི་འགག་སྒོ་ནན་སྲུང་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་ཤུགས་ཆེན་གཏོང་བ། འགྲོ་གྲོན་སོ་སོའི་གཏོང་སྒོའི་ཚད་གཞི་ལག་བསྟར་ནན་མོ་བཅས་བྱེད་དགོས་པ་ནན་གྱིས་བསྟན། ཤ་བོ་སྐྱབས་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་བྱ་བར་དམ་འཛིན་ཡག་པོ་བྱེད་པའི་འགག་རྩ་ནི་ལས་བྱེད་པ་དང་གཙོ་གནད་ནི་སྤྱོད་ཚུལ་ལ་བརྟེན་པ། སྲོག་ཤིང་ནི་དོན་འཁྱོལ་བྱ་རྒྱུ་དེ་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་དང་དངོས་སུ་དམ་འཛིན་ཞིབ་ཕྲ་བྱེད་དགོས་ལ། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་གྱིས་ཞིང་ཆེན་ཏང་ཨུས“ལས་བྱེད་པས་བྱ་བ་ཡག་པོར་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་བཤས་གཏོང་ཚད་འགན་ལེན་དང་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ། བཟོ་ལས་བརྟན་པོ་དང་ཐོན་སྐྱེད་ལ་སྐུལ་འདེད། ལས་གཞི་དམ་འཛིན། མ་འཇོག་ལ་སྐུལ་འདེད། ཁྲོམ་རར་དྲོ་སྐྱིད་སྐྱེལ་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། བྱ་བ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་ཐོན་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན།ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཨ་ཁྱུང་། སུང་ཞུག་ཙུང་། སངས་འབུམ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། མདོ་ལ་དང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི། མཚོ་སྔོན་པོ་ཞིང་རའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
ཟླ11པའི་ཚེས17ཉིན། ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ། ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ལ། ད་ལོའི་ཚུན་ཁུལ་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ་དང་དེ་བཞིན་གཞུང་ལས་ཁང་གི་ཞིབ་སྲོལ་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་ནས་ཉེ་དུས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཚོགས་འདུར་ཕེབས།
ཤ་བོ་སྐྱབས་ཀྱིས་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སླར་གསོ་ནུས་ལྡན་དང་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་ཅིང་། དུས་མཚུངས་སུ། ཐོན་ལས་སྦྲེལ་ཐག་མི་རིང་བ་དང་སྟོབས་ཞན་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་མིན་པ། བཟོ་ལས་བརྟན་པོའི་ངང་འཁོར་སྐྱོད་བྱེད་དཀའ་བ། ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་ལེགས་སྒྱུར་མི་འདང་བ་སོགས་ཀྱི་འགལ་བ་དང་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཧེ་བག་ལ་དམིགས་པ། གནོན་ཤུགས་ཆེ་རུ་བཏང་ནས་སྐུལ་འདེད་གཏོང་བ། དཔལ་འབྱོར་བྱ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བྱ་བའི་མཇུག་བསྡུའི་དམག་འཐབ་ཡག་པོར་རྒྱག་དགོས་པར་བསྟན།
ཤ་བོ་སྐྱབས་ཀྱིས་ཁུལ་དང་རྫོང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་རིམ་བྱུང་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་ནོར་སྲིད་དཔལ་འབྱོར་བྱ་བའི་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་བརྟན་པོ་ཡོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དཔལ་འབྱོར་གྱི་འཕེལ་ཕྱོགས་བརྟན་དུ་བཏང་སྟེ་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས་ཤིང་། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་དང་འཆར་གཞི་ཟུང་འབྲེལ་གྱིས་ཁུལ་དེ་ག་དང་སྡེ་ཁག་དེ་གའི་དཔལ་འབྱོར་བྱ་བའི་ཁྲོད་ཐག་གཅོད་བྱ་དགོས་པའི་གནད་དོན་མ་ནོར་བར་འཚོལ་བ། རྒྱུན་དུ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ། གནད་དོན་དངོས་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་པ། ལོ་འཁོར་གྱི་དམིགས་འབེན་དང་ལས་འགན་སོ་སོ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱ་དགོས་ལ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་དང་། “123”Aརིམ་པའི་ལྗོངས་ཁུལ་གཏོད་པ། གཙོ་གནད་ནུས་རྒྱུ་གཙང་མའི་བྱ་བ་དོན་འཁྱོལ་ལག་བསྟར་བཅས་བྱས་ནས་ཞིང་ཕྱུགས་ལས་ཀྱི་སྤྲེལ་ཐག་ཐག་སྣུར་སྲིང་དང་། ཁ་གསབ་བརྟན་གཏོང་། ཚོང་འགུགས་མ་འདྲེན་བཅས་ཀྱི་ལས་གཞི་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་དགོས། མ་འཇོག་གི་འགག་རྩའི་རང་བཞིན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཁུལ་རིམ་པའི་མགོ་ཁྲིད་ཀྱི“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མཉམ་འབྲེལ་འགན་ལེན་གྱི་ལས་གཞི་གལ་ཆེན་གྱི་བྱ་བའི་ལམ་སྲོལ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ། འཕེལ་རིམ་འགོར་བ་དང་སྐུལ་འདེད་ནུས་ལྡན་མ་བྱུང་བ་སོགས་ཀྱི་ལས་གཞི་བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་མ་འཇོག་གི་གཞོང་ཆེན་བརྟན་དུ་གཏོང་དགོས། ས་གནས་ཀྱི་བུ་ལོན་གནས་ཚུལ་སྔར་བས་གསེད་དཀྲོལ་བྱས་ཏེ“རྨང་གཞི་གསལ་བ་དང་གནས་ཚུལ་གསལ་བ། གཞི་གྲངས་གནད་ལ་འཁེལ་བ”བཅས་ཡོང་བར་བྱས་ནས་བཀོལ་སྤྱོད་ཐུབ་པའི་བུ་ལོན་གྱི་བྱ་ཐབས་ཞིབ་ཕྲ་དང་ཁ་གསལ་བཟོས་ནས་བུ་ལོན་ཐག་གཅོད་བྱ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ནན་དུ་བཏང་ནས་དུས་ཡུན་རིང་པོར“འཚོ་བ་བབ་ཆགས་སྐྱེལ་རྒྱུའི”གྲ་སྒྲིག་ཡག་པོ་བྱས་ཏེ་གཏོང་སྒོའི་སྔོན་རྩིས་ཀྱི་འགག་སྒོ་ནན་སྲུང་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་ཤུགས་ཆེན་གཏོང་བ། འགྲོ་གྲོན་སོ་སོའི་གཏོང་སྒོའི་ཚད་གཞི་ལག་བསྟར་ནན་མོ་བཅས་བྱེད་དགོས་པ་ནན་གྱིས་བསྟན།
ཤ་བོ་སྐྱབས་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་བྱ་བར་དམ་འཛིན་ཡག་པོ་བྱེད་པའི་འགག་རྩ་ནི་ལས་བྱེད་པ་དང་གཙོ་གནད་ནི་སྤྱོད་ཚུལ་ལ་བརྟེན་པ། སྲོག་ཤིང་ནི་དོན་འཁྱོལ་བྱ་རྒྱུ་དེ་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་དང་དངོས་སུ་དམ་འཛིན་ཞིབ་ཕྲ་བྱེད་དགོས་ལ། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་གྱིས་ཞིང་ཆེན་ཏང་ཨུས“ལས་བྱེད་པས་བྱ་བ་ཡག་པོར་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་བཤས་གཏོང་ཚད་འགན་ལེན་དང་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ། བཟོ་ལས་བརྟན་པོ་དང་ཐོན་སྐྱེད་ལ་སྐུལ་འདེད། ལས་གཞི་དམ་འཛིན། མ་འཇོག་ལ་སྐུལ་འདེད། ཁྲོམ་རར་དྲོ་སྐྱིད་སྐྱེལ་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། བྱ་བ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་ཐོན་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཨ་ཁྱུང་། སུང་ཞུག་ཙུང་། སངས་འབུམ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། མདོ་ལ་དང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི། མཚོ་སྔོན་པོ་ཞིང་རའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注