རྐང་ཚ་རྫོང་གི2023ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་གཉིས་པ་འཚོགས།


ཟླ11པའི་ཚེས16ཉིན། རྐང་ཚ་རྫོང་གི2023ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་གཉིས་པ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་བའི་ཚན་གཙོ་ཞའེ་ཅན་ཧྭ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཀྲེང་ཆིང་བཅས་བྱེད་སྒོར་ཞུགས་ལ། ཨ་ཁྱུང་གིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཉེ་བའི་ལོ་ཤས་རིང། རྐང་ཚ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་རྐང་ཚར་གཟིགས་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་བཟུང་སྟེ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐོན་ལས་བཀོད་སྒྲིག་ཁྲོད་རང་འགུལ་ངང་མཉམ་འདྲེས་བྱས་ནས། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གྱི་འགག་སྒོ་ལས་སྒྲོལ་ཏེ། ཞིང་ཕྱུགས་ལས་གཅིག་སྡུད་ཅན་དང་ཐོན་ལས་ཅན། སྐྱེ་ཁམས་ཅན། རིག་ལྡན་ཅན། ཆས་རྟགས་ཅན་དུ་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རིམ་བཞིན་ཞིང་ཕྱུགས་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཕྱོགས་སུ་བསྒྱུར་བ་དང་རྒྱུ་ཆ་ཕྱིར་གཏོང་དེ་ཐོན་རྫས་ཕྱིར་གཏོང་གི་ཕྱོགས་སུ་བསྒྱུར་ལ། ས་ཁོངས་རང་བཞིན་གྱི་འཛད་སྤྱོད་དེ་ཞིང་ཆེན་ཕྱིའི་ཚོང་རའི་འཛད་སྤྱོད་པའི་ཕྱོགས་སུ་བསྒྱུར་ཡོད་ཅིང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཚོང་རའི་དྲ་རྒྱའི་མ་ལག་བཙུགས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཡོད། ཐེངས་འདིར“དགུན་ཤའི་བྲོ་བ་མྱོང་། བདེ་ཐང་འཚོ་བ་རོལ”ཞེས་པ་བརྗོད་དོན་དུ་བྱས་པའི2023ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་གཉིས་པའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་ཁེ་ལས་ཀྱིས་རོགས་འདེགས་བྱེད་པར་བརྟེན་ནས་རྐང་ཚའི་ཆེས་ལེགས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་འཛད་སྤྱོད་པར་ངོ་སྤྲོད་བྱས་ཏེ་ཆས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད

ཐེངས་འདིའི་བྱེད་སྒོར། ཞིམ་ཟས་རོལ་མྱོང་དང་ཐོན་རྫས་འགྲེམ་སྟོན། ནོར་ལུག་འགྲེམ་སྟོན། དྲ་དཔོན་དོ་ར་སོགས་ཀྱིས་མཚོན་པའི་འགྲེམ་ཁུལ4བཙུགས་པ་དང་འགྲེམ་ཚོགས་སུ་ཐོན་རྫས་རིགས32ཡོད། དེ་དག་ཕྱུགས་ལས་ཐོན་རྫས་དང་འོ་མའི་ཐོན་རྫས། འབྲུ་སྣུམ་གྱི་ཐོན་རྫས། བསྙལ་རྫས། བོད་སྨན་གྱི་ཐོན་རྫས། གསར་བཟོས་ཐོན་རྫས། གཟུགས་འདས་ཤུལ་བཞག་གི་ཐོན་རྫས། དམངས་ཁྲོད་ཀྱི་བཟོ་རྩལ་ཐོན་རྫས། མི་རིགས་ཀྱི་གྱོན་ཆས། ཞིང་སྤྱོད་དངོས་རྫས། ཁྱད་ལྡན་ཟས་རིགས་སོགས་རིགས་ཆེན་པོ11དང་སྣ་ཁ50ལྷག་ཙམ་ཡུལ་དངོས་འགྲེམ་སྟོན་དང་ཐོན་རྫས་ངོ་སྤྲོད། སྒོ་འབྱེད་འགྲེམ་ཚོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་བོད་མཁར་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ཆོས་འགྲེམས་སྟོན་བྱས་པ་བརྒྱུད་ནས་འཛད་སྤྱོད་པ་མང་པོའི་ཡིད་སེམས་ཅིག་ཅར་འཕྲོག་སྟེ་འདེམས་ཉོ་བྱེད་ཀྱིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号