རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྒྲོག་འགྲེལ་ཚོགས་པ་མཚོ་བྱང་དུ་ཡོང་ནས་སྒྲོག་འགྲེལ་བྱས་པ།


ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཁག་གཉིས་པའི་བྱ་བ་དང་ཟུང་འབྲེལ་བྱ་ཆེད། ཟླ11པའི་ཚེས15ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྒྲོག་འགྲེལ་ཚོགས་པས་མཚོ་བྱང་ཁུལ་དུ་སྙན་ཞུའི་ཚོགས་འདུ་འཚོགས་ལ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་མ་ཧུའུ་ཁྲིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་སྙན་ཞུའི་ཚོགས་འདུར་ཕེབས།      


ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་ཡོངས་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། རྫོང་བཞིའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི། རྫོང་ཐད་གཏོགས་ལས་ཁུངས་སོ་སོ་དང་ཡུལ་ཚོ་དང་གྲོང་རྡལ་སོ་སོ། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། མཚོ་སྔོན་པོ་ཞིང་རའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་མི400ལྷག་སྙན་ཞུའི་ཚོགས་འདུར་ཞུགས།     


སྙན་ཞུའི་ཚོགས་འདུའི་ཐོག མ་ཧུའུ་ཁྲིན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏིང་ཟབ་པའི་ནང་དོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་དོན་སྙིང་གལ་ཆེན། རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས། གཞི་རྩའི་ལས་འགན། ལག་ལེན་གྱི་བྱ་ཐབས། རྩ་བའི་འགན་ལེན་བཅས་ཕྱོགས་དྲུག་གི་ཐད་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས།  སྒྲོག་འགྲེལ་བྱེད་སྐབས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིསསྒྲུབ་ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ངོས་འཛིན་ཚད་དེ་བས་མཐོ་བ་དང་གོང་བུར་སྒྲིལ་ཤུགས་དེ་བས་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པ་ནན་གྱིས་བསྟན།


སྒྲོག་འགྲེལ་ལ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་།  ཚང་མས་དངོས་སྒྲུབ་བརྩོན་ལེན་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་འཕེལ་བར་བྱས་ནས་རང་ངོས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་།  དམིགས་ཚད་གསར་པ་དང་བླང་བྱ་གསར་པ་སྟངས་འཛིན་འཕྱུགས་མེད་བྱེད་པ། བྱ་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བཤད།


སྙན་ཞུའི་ཚོགས་འདུ་མ་འཚོགས་གོང་། ཤ་བོ་སྐྱབས་དང་། ཀྲང་ཧྲིང་ཡོན། འབྲེལ་ཡོད་སྡེ་ཁག་གི་སྒྲོག་འགྲེལ་བྱ་བའི་འགན་འཁུར་བློ་མཐུན་གྱིས་སྒྲོག་འགྲེལ་ཚོགས་པ་དང་བཞུགས་མོལ་བརྗེ་རེས་གནང་ལ།  སྒྲོག་འགྲེལ་ཚོགས་པས་མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་བརྟན་དུ་གཏོང་བ་དང་མཚོ་བྱང་གི་སྒྲོག་འགྲེལ་བྱ་བ་ཡག་པོར་བསྒྲུབ་རྒྱུར་བསམ་ཕྱོགས་དང་གྲོས་གཞི་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号