མདའ་བཞི་རྫོང་གིས་གསར་རྩོམ་བྱས་པའི་གསར་བརྗེའི་གཏམ་བརྗོད་ཟློས་གར《གསེར་དངུལ་ཐང》ཞེས་པ་ཟི་ལིང་དུ་ཐོག་མར་བཏང་།


ཟླ11པའི་ཚེས14ཉིན། ཀྲུང་གུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཨུ་དང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་རྡུལ་ཕྲན་མཁར་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་དྲིལ་སྒྲོག་འོས་སྦྱོར་དང་གསར་བརྗེའི་གཏམ་བརྗོད་ཟློས་གར《གསེར་དངུལ་ཐང》ཞེས་པ་མཚོ་སྔོན་ཟློས་གར་ཁང་ཆེན་མོར་ཐོག་མར་བཏང་།


《གསེར་དངུལ་ཐང》ཞེས་པ་ཁྱོན་ཁག5ལ་བགོས་ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ལིན་དབྱི་གྲོང་ཁྱེར་ཟློས་གར་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུན་ཆི་ཀྲུང་གིས་ཚོགས་པའི་སྒྲིག་ཁྲིད་པ་གཙོ་བོའི་འགན་བཞེས་ཤིང་། མདའ་བཞི་རྫོང་གི་ལས་བྱེད་ལས་བཟོ་བར་དུས་ཡུན་ཟླ3རིང་ནང་སྦྱོང་བྱས་པའི“མདེལ་གཉིས་སྐར་གཅིག”གི་བྱ་གཞག་རླབས་ཆེའི་ཁྲོད་ཐོག་མའི་བསམ་འདུན་སྲུང་བའི་རྒྱལ་ཁབ་ཀྱི་སྔོན་རབས་པར་བསྔགས་བརྗོད་བྱས་པ་དང་། མཚོ་བྱང་གསེར་དངུལ་ཐང་གི་མི་རིགས་ཁག་གི་འབྲོག་པ་མང་ཚོགས་ཀྱིས་རྒྱལ་སྲུང་བྱ་གཞག་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་རྒྱལ་གཅེས་བརྩེ་སེམས་ཁྱོན་ཡོངས་ནས་མངོན་ཡོད།




《གསེར་དངུལ་ཐང》ཞེས་པའི་ནང1958ལོ་ནས1964ལོའི་བར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་དུ་བྱུང་བའི་གཏམ་རྒྱུད་བརྗོད་ཡོད། 1958ལོའི་ཟླ5པར། ཏང་ཀྲུང་དབྱང་གིས་གསེར་དངུལ་ཐང་དུ་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་དང་གསར་བཟོ་བྱེད་པའི་རྟེན་གཞི་དང་པོར་ཐག་བཅད། མི་རབས་ཀུན་ཏུ་འདིར་སྡོད་པའི་ཁྱིམ་ཚང1279དང་འབྲོག་པ་མང་ཚོགས6000ལྷག་གིས་མེས་རྒྱལ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། ཉིན10ཡི་ནང་གསེར་དངུལ་ཐང་ནས་གནས་སྤར། རྒྱལ་ཡོངས་ས་གནས་ཁག་གི་གཞོན་ནུ་བློ་སྤོབས་ཅན་རྣམས་ཀྱིས་ཁྱིམ་བསྐྱུར་ལས་དོར་གྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3200ཡོད་པའི་གསེར་དངུལ་ཐང་དུ་ཐོན་ཏེ། རས་གུར་གསུམ་གྱི་ནང་དུ་རྒྱལ་གཉེར་བཟོ་གྲྭ221ཞེས་པའི་ལྐོག་གྱུར་གྱི་ལས་ཁུངས་ཤིག་བཙུགས་པ་དང་འཛམ་གླིང་རིམ་པའི་ཀྲུང་གོའི་ཚན་རིག་མཁས་ཅན་ཁག་གཅིག་ཕྱི་རྒྱལ་ནས་ལོག་སྟེ་དེར་འཛོམས་ནས་སྐ་རགས་དམ་པོར་བསྡམས་ནས་ཏང་དང་མེས་རྒྱལ། མི་དམངས་བཅས་ལ་བཅངས་པའི་བློ་དཀར་སེམས་དཀར་ལ་བརྟེན་ནས། འབད་པ་ལྷོད་མེད་ཀྱིས་ཕྱི་ཕྱོགས་ལ“རྒྱལ་གཉེར་བཟོ་གྲྭ221”ཞེས་འབོད་པ་དེའི་ནང་རྡུལ་ཕྲན་འབར་མདེལ་དང་ཆིང་ཏན་འབར་མདེལ་སྔ་རྗེས་སུ་ཞིབ་བཟོ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号