ཤ་བོ་སྐྱབས་ཀྱིས་རྩོམ་པ་པོ་བསོད་ནམས་ཚེ་རིང་ལ་མཇལ་འཕྲད་གནང་།


ཟླ11པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་རྩོམ་པ་པོའམ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བསོད་ནམས་ཚེ་རིང་ལ་མཇལ་འཕྲད་གནང་། ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་ཝང་ཡུང་ཁྲང་གིས་ཕེབས་རོགས་གནང་།    

ཤ་བོ་སྐྱབས་ཀྱིས་བསོད་ནམས་ཚེ་རིང་གི་འཚོ་བ་དང་ཉེ་ལམ་གྱི་གསར་རྩོམ་གནས་ཚུལ་གྱི་སྙན་ཞུ་ལ་རྒྱུས་ལོན་དང་གསན་ཉན་ཞིབ་ཕྲ་བྱས་ཤིང་། ཁོས་དུས་ཡུན་རིང་བོར་མཚོ་བྱང་གི་རྩོམ་རིག་ལས་དོན་ལ་བཞག་པའི་བྱས་རྗེས་འབུར་ཐོན་ལ་ཁས་ལེན་གང་ལེགས་གནང་པ་དང་། ཁོ་ཕ་ཡུལ་མི་དམངས་ལ་དུང་ཞིང་ཕ་ས་ཕ་ཡུལ་ལ་ཡོད་ཚད་ཕུལ་བའི་བརྩེ་སེམས་ལ་བསྔགས་བརྗོད་གནང་། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ནི་མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ་སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་ཀྱི་མཛེས་པས་ཡོངས་སུ་བརྒྱན་ཡོད། མངའ་ཁོངས་སུ་སྨོན་ལམ་མཐོན་པོ་དང་གཉན་ཆེན་ཞལ་དཀར། ཨ་མྱེས་སྟོང་སོ། གངས་དཀར་རི་བོ་བཅས་ཀྱིས་མུ་ཁྱུད་བསྐོར་ཡོད་ལ། ཙོང་ཆུ་དང་འཇུ་ལག་ཆུ་བོ། བར་དམ་ཆུ། དེ་མིན་སེམས་ཉིད་རྒྱལ་ཁབ་སྤྱི་གླིང་སོགས་རི་ཀླུང་གྲགས་ཅན་མང་དུ་མཆིས་པས་རབ་མཛེས་མཚོ་སྔོན་གྱི་བསྡུས་གཟུགས་སུ་གྲུབ་ཡོད། མཚོ་བྱང་དུ་གསར་བརྗེ་ཐོན་ཁུངས་ཕུན་སུམ་ཚོགས་ལ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་འབྱུང་ཡུལ་གནས་འདི་ཡིན་པ་དང་། དམར་དམག་ནུབ་ལམ་དམག་དཔུང་གིས་ཁྲག་བཏོན་དམར་འཛིང་ཡང་གནས་འདི་ནས་བྱས་མྱོང་སའི་རྒྱལ་ཡོངས་ཀྱི་གསར་བརྗེ་ཉམས་ཞིབ་རྟེན་གཞི་གལ་ཆེན་ཞིག་ཡིན། མཚོ་བྱང་གི་རིག་གནས་ཕུན་སུམ་ཚོགས་ཤིང་། ནུབ་མཚོ་ཅུན་གནའ་མཁར་དང་། དཔལ་དགེ་གནའ་མཁར། མཁར་དམར་གནའ་མཁར། འཇུ་ལག་གནའ་མཁར་སོགས་གནའ་ཤུལ་མང་པོ་ཡོད་པ་དེ་དག་གིས་ལོ་རྒྱུས་ཀྱི་འཕོ་འགྱུར་བདེན་དཔང་བྱས་པ་དང་དུས་ཡུན་རིང་ཞིང་འོད་སྟོང་འཕྲོ་བའི་མི་རིགས་རིག་གནས་སྐྱེད་སྲིང་བྱས་ཡོད་ཅིང་། མཚོ་བྱང་ནི་སྔར་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ཞིང་ས་གཤིན་པོ་ཞིག་ཡིན་པས་གསར་རྩོམ་གྱི་རྒྱུ་ཆ་མོད་པོ་ཡོད་པར་བསྟན། ཤ་བོ་སྐྱབས་ཀྱིས་བསོད་ནམས་ཚེ་རིང་གིས“མཚོ་སྔོན་ལ་རྒྱུས་མངའ་ཡོད་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་བླང་བྱ་ལྟར་འཚོ་བ་དང་མི་དམངས་ཀྱི་ཁྲོད་དུ་ཟབ་ཞུགས་ཀྱིས་ཚ་ཚ་འུར་འུར་གྱི་འཚོ་བ་དངོས་ནས་གསར་རྩོམ་གྱི་ལེགས་ཆ་བསྡུ་ལེན་བྱས་ཏེ་མཚོ་བྱང་གི་ལོ་རྒྱུས་ཁྲོད་ནས་འཆར་སྣང་འཚོལ་ཞིབ་ཀྱིས་ས་གཞི་དེའི་ཐོག་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་སྲུང་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་སོགས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་བྱས་ཏེ་མཚོ་བྱང་གི་ཁྱད་ཆོས་དང་ཉམས་འགྱུར་ལྡན་པའི་རྩོམ་རིག་བརྩམས་ཆོས་མུ་མཐུད་གསར་རྩོམ་བྱས་ནས་མཚོ་བྱང་གི་རྩོམ་རིག་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུའི་བླང་བྱ་བཏོན། ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བྱ་བ་དང་འཚོ་བའི་ཐད་ནས་བསོད་ནམས་ཚེ་རིང་ལྟ་བུའི་ཕུལ་བྱུང་རྩོམ་པ་པོ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་གསར་རྩོམ་གྱི་སེམས་ཁྲལ་སེལ་རྒྱུར་རེ་བ་ཡོད་པར་བཤད།

བསོད་ནམས་ཚེ་རིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་། ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ལ། ཁོང་གིས་ཕ་ཡུལ་ནི་རིག་གནས་ཀྱི་གནས་མཆོག་ཡིན་པས། བློ་རྩེ་གཅིག་སྒྲིམ་ངང་གསར་རྩོམ་བྱས་ཏེ་ཕ་ཡུལ་གྱི་གཏམ་རྒྱུད་ཡག་པོར་བཤད་རྒྱུ་དང་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་དྲང་ནུས་གཅིག་ཏུ་འདུས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ནས་ཕ་ཡུལ་དྲིལ་སྒྲོག་ཡག་པོ་དང་མཚོ་བྱང་དྲིལ་སྒྲོག་ཡག་པོ་བྱ་རྒྱུ་ཡིན་པར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号