མཚོ་བྱང་ཁུལ་གྱིས་ཀྲུང་ཧྭའི་ཁྱིམ་སྲོལ་བཟང་པོའི་བརྗོད་དོན་འགྲེམས་སྟོན་སྤེལ།



ཟླ11པའི་ཚེས13ཉིན། ཀྲུང་གོའི་བུད་མེད་དང་བྱིས་པའི་རྟེན་མཛོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་བྱས་པའི“ཀྲུང་ཧྭའི་ཁྱིམ་སྲོལ་བཟང་པོའི་བརྗོད་དོན་འགྲེམས་སྟོན”གྱི་སྐོར་སྐྱོད་འགྲེམས་སྟོན་ནུབ་མཚོ་གྲོང་རྡལ་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་བཅས་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་གསུང་བཤད་གནང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལྷ་མོ་མཚོས་ཤིས་ཚིག་ཕུལ་ལ།  ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་གཙོ་སྐྱོང་གནང་།


གཡུ་སྒྲོན་མཚོས་གསུང་བཤད་གནང་སྐབས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐབས་འདིར། ཀྲུང་ཧྭའི་ཁྱིམ་སྲོལ་བཟང་པོ་བརྗོད་དོན་དུ་བྱེད་པའི་འགྲེམས་སྟོན་བྱེད་སྒོ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཁྱིམ་སྲོལ་རིག་གནས་གཅིག་སྡུད་ཐོག་མངོན་པར་བྱེད་པ། རྒྱ་ཆེའི་ཁྱིམ་ཚང་གིས་དུས་རབས་གསར་པའི་ཁྱིམ་ཚང་ལྟ་བ་ལག་བསྟར་བྱེད་པའི་རྣམ་པ་བཟང་པོ་གསོན་ཉམས་དོད་པོས་མངོན་པར་བྱ་རྒྱུ་དེ་ནི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་དཔལ་ཡོན་དར་སྲོལ་གསར་པ་དར་སྤེལ་གཏོང་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་ཡག་པོར་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ནས་ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱེད་པའི་བླང་བྱ་རང་འགུལ་ངང་ཁྱིམ་ཚང་གི་རིག་གནས་འཛུགས་སྐྱོང་ནང་བཅུག་སྟེ་རང་རྟོགས་ངང་ཁྱིམ་ཚང་གི་སྒྲིག་ལམ་ཡག་པོ་འཛུགས་པ་དང་ཁྱིམ་སྲོལ་ཡག་པོ་སྐྱོང་བ། ནང་མི་ལ་དོ་དམ་ཡག་པོ་བཅས་བྱས་ཏེ་ཏང་སྲོལ་དང་སྲིད་སྲོལ་ལ་སྐུལ་འདེད་བཏང་སྟེ་ནུས་ཤུས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་ཆེད“ཁྱིམ”ཚང་གི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པར་བསྟན།       


ལྷ་མོ་མཚོས་ཤིས་ཚིག་ཕུལ་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་མཐོན་པོའི་ཐོག་ནས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་སྲིད་སྐྱོང་རྩ་འཛིན་ནང་བཅུག་པ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པའི་སྐུལ་སློང་བཀའ་རྒྱ་བཏང་ཞིང་དུས་རབས་གསར་པའི་ཁྱིམ་ཚང་འཛུགས་སྐྱོང་གི་ལེའུ་གསར་པ་རྩོམ་རྒྱུར་ཁྲིད་སྟོན་བྱས་ཡོད། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གིས་བུད་མེད་མཉམ་འབྲེལ་རྩ་འཛུགས་ལ་སྤྲད་པའི་ཁྱིམ་ཚང་གི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་ལས་འགན་གལ་ཆེན་ཏན་ཏིག་འཁུར་བ་དང་། གོང་འོག་ཚང་མས་བློ་གཅིག་སེམས་གཅིག་གིས“ཁྱིམ་ཚང་གི་བདེ་སྐྱིད་ཁམས་བདེ་ལས་གྲྭ”ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་ནན་ཏན་བླངས་ནས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་གི་ལག་ལེན་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ས་གནས་ཀྱི་ཕུལ་བྱུང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་གྱི་གྲུབ་འབྲས་མངོན་པར་བྱེད་དགོས་ལ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་རྒྱུན་འཛིན་གྱི་མིག་དཔེ་ནུས་པ་འདོན་སྤེལ་བྱས་ཏེ། དུས་རབས་གསར་པའི་མཚོ་བྱང་ཁུལ་གྱི་ཁྱིམ་ཚང་དཔལ་ཡོན་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུ་འདོན་དགོས་ཟེར།


བྱེད་སྒོ་སྤེལ་ཡུལ་དུ། ཚོགས་ཞུགས་མགོ་ཁྲིད་ཀྱིས་མགོ་རྩོམ་མཛད་སྒོར་ཞུགས་པའི་གསུམ་བརྒྱད་དར་དམར་ཐོབ་པའི་ཐུན་མོང་དང་ཕུལ་བྱུང་ཁྱིམ་ཚང་གི་འཐུས་མིར《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་བསྐྱོད་པ》དང《ཞི་ཅིན་ཕིང་གི་འབྲེལ་ཡོད་ཁྱིམ་ཚང་སློབ་གསོའི་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཕུལ་བ་རེད།    


ཐེངས་འདིའི་བརྗོད་དོན་འགྲེམས་སྟོན་ནི་སྔོན་ཐོན་ཁྱིམ་སྲོལ་དང་གསར་བརྗེའི་ཁྱིམ་སྲོལ། དུས་རབས་ཀྱི་སྲོལ་གསར། དུས་རབས་གསར་པའི་ཁྱིམ་སྲོལ་འཛུགས་སྐྱོང་གི་གྲུབ་འབྲས་བཅས་ཁག་བཞི་ལས་གྲུབ་པ་དང་། བྱེད་སྒོའི་དམིགས་ཡུལ་ནི“ཁྱིམ་ཚང”གི་བརྗོད་དོན་པར་རིས་དང་ཡིག་གཟུགས། རི་མོ། ཤོག་དྲས་བཅས་ཀྱི་བརྩམས་ཆོས་དང་སྔོན་བྱོན་མཁས་པའི་ཕུལ་བྱུང་སྲོལ་རྒྱུན་ཁྱིམ་སྲོལ་དང་། རྒན་རབས་པ་དང་སྔོན་ཐོན་དཔེ་ལེགས་མི་སྣའི་གསར་བརྗེའི་ཁྱིམ་སྲོལ། རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་། རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་། རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་གི་དུས་རབས་སྲོལ་གསར་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་དང་མཚོ་བྱང་ཁུལ་གྱི་དུས་རབས་གསར་པའི་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་བཅས་ཡིན་པས་སྤྱི་ཚོགས་ལས་རིགས་སོ་སོའི་ཁྱིམ་ཚང་དག་དཔལ་ཡོན་འཛུགས་སྐྱོང་ཁྲོད་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱས་ནས་ཁྱིམ་ཚང་དེ་བས་མང་བས་སྤྱོད་བཟང་ལ་མཐོང་ཆེན་དང་བཟང་ཕྱོགས་ལ་འགྲོ་རྒྱུར་དཔེ་སྟོན་དང་སྐུལ་ཁྲིད་བྱས་ཏེ་རྒྱལ་གཅེས་ཁྱིམ་གཅེས་དང་བརྩེ་སེམས་ཟབ་མོ། དགེ་སྒྲུབ་ཡར་རྒྱས། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་དཔལ་ཡོན་སྲོལ་གསར་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་ཁྱིམ་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་བཟང་པོར་འདེགས་སྐྱོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་མ་གཏོང་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་ལེགས་སྐྱེས་སུ་དབུལ་རྒྱུ་དེ་རེད།


ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་། ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ལས་བྱེད་ལས་བཟོ་བ། ཁྱིམ་ཚང་གི་འཐུས་མི་བཅས་ཀྱིས་བརྗོད་དོན་འགྲེམས་སྟོན་ལ་ལྟ་སྐོར་བྱས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号