ཤ་བོ་སྐྱབས་ཀྱིས་ཁུལ་སྤྱི་བདེ་ཅུས་ཉེན་དོན་སྦྱོང་བརྡར་རྟེན་གཞིར་བརྟག་ཞིབ་གནང་པ།


ཟླ11པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་སྤྱི་བདེ་ཅུས་ཉེན་དོན་སྦྱོང་བརྡར་རྟེན་གཞིའི་ཚོམས་ཆེན་དང་གསོ་སྦྱོང་ཁང་། སྒྲིག་ཆས་མཛོད་ཁང་། ལུས་སྦྱོང་ཁང་། དཔེ་ཀློག་ཁང་། ངལ་གསོ་དང་སྦྱོང་སྒྲིག་བྱེད་ཁུལ། སྨྱན་མང་སྐས་རིམ་སློབ་ཁང་། ཉལ་ཁང་། ཟ་ཁང་སོགས་སུ་བསྐྱོད་དེ་ལས་གཞི་འཆར་འགོད་དང་འཛུགས་སྐྲུན། བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་།


ཤ་བོ་སྐྱབས་ཀྱིས་ཉེན་དོན་སྦྱོང་བརྡར་རྟེན་གཞིའི་འཛུགས་སྐྲུན་བྱ་བར་ཁས་ལེན་གནང་པ་དང་། མཚོ་བྱང་ཁུལ་གྱི་རྒྱབ་ཕྱོགས་མདོ་ལ་རི་བོ་དང་མདུན་ཕྱོགས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ལ་གཏད་ཡོད་ཅིང་། ཀྲུང་གོའི་རྡུལ་ཕྲན་མཁར་པང་བར་རུམ་ཡོད་པས་སྐྱེ་ཁམས་ཀྱི་གནས་བབ་གལ་ཆེན་ཡིན་པ་དང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་གནང་བར་ཕེབས་པའི་ས་ཆ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་ས་བཅས་ཡིན་ལ།  དམར་དམག་ནུབ་ལམ་དམག་མིས་ཁྲག་བཏོན་དམར་འཛིང་བྱེད་པའི་ས་ཆ་ཡང་ཡིན་པས། མཚོ་བྱང་དུ་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་གཏོད་པའི་འཕེལ་རིམ་ཁྲོད་གསར་བརྗེའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་དུས་དང་མཐུན་ཞིང་དེ་བས་དགོས་ངེས་ཆེ།  གསར་དུ་བསྐྲུན་པའི་ཁུལ་སྤྱི་བདེ་ཅུས་ཉེན་དོན་སྦྱོང་བརྡར་རྟེན་གཞིར་འཆར་འགོད་ཀྱི་ཚད་གཞི་མཐོ་བ་དང་། བྱེད་ནུས་བཀོད་སྒྲིག་ལུགས་དང་མཐུན་པ། སྒྲིག་བཀོད་ཆ་ཚང་བཅས་ཡིན་པས་མ་འོངས་པར་སྲིད་ཁྲིམས་དཔུང་ཁག་གིས་གཅིག་སྡུད་གསོ་སྦྱོང་བྱ་རྒྱུར་སྟེགས་བུ་མཁོ་འདོན་བྱས་ཡོད་ལ་མཚོ་བྱང་ཁུལ་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་འཛུགས་རྒྱུར་གཡུལ་ས་མཁོ་འདོན་བྱས་ཡོད་པར་བསྟན། ཁོང་གིས་ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་ཁུལ་སྤྱི་བདེ་ཅུས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་སྟོབས་ཤུགས་གཅིག་སྡུད་དང་ལེགས་ཆ་འདོན་སྤེལ་གྱིས་གསོ་སྦྱོང་ཡག་པོ་དང་ཆས་རྟགས་གཏོད་དགོས་པ་སྟེ། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་ནས། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཆེད་ལས་སྦྱོང་བརྡར་བྱས་པ་བརྒྱུད“ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྒྲིག་ཁྲིམས་བྱང་ཆུབ་པ”བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་ལས་སྒྲུབ་པའི་དཔུང་ཁག་ཅིག་གཏོད་དགོས།  གཉིས་ནས་མཚོ་བྱང་གི་གསར་བརྗེའི་སློབ་གསོའི་གསོ་སྦྱོང་ཐད་གསོག་འཇོག་བྱས་པའི་སྔོན་ཐོན་ཉམས་མྱོང་གང་ལེགས་སྤྱད་དེ། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོ། གསར་བརྗེའི་སློབ་གསོ་སོགས་ཀྱི་སློབ་ཚན་ནང་དོན་མང་དུ་བཏང་སྟེ“གནས་བབ་མཐོ་ཤོས་དང་། སྣ་མང་མཉམ་འདྲེས། ཁུལ་ནང་ཁུལ་གྱི་རྩེ་གྲས། ཞིང་ཆེན་ནང་ཁུལ་གྱི་སྔོན་ཐོན”བཅས་ཀྱི་ཉེན་དོན་སྦྱོང་བརྡར་རྟེན་གཞིའི་ཚད་གཞི་དང་ཆས་རྟགས་གཏོད་དགོས།  གསུམ་ནས་དུས་རིམ་ལོག་པ་དང་འཆར་གཞི་ཡོད་པའི་སྒོ་ནས་འཛུགས་སྐྲུན་བྱེད་དགོས་པ་དང་། སྦྱོང་བརྡར་རྟེན་གཞིའི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་ཆས་འཛུགས་སྐྲུན་མྱུར་ཚད་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་བ། རྒྱུན་གཏན་གྱི་འཁོར་སྐྱོད་དོ་དམ་ལམ་སྲོལ་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྒྲིག་ཆས་སོ་སོ་གང་མགྱོགས་སྒོས་བསྐྲུན་ཏེ་བེད་སྤྱོད་ཐུབ་པར་བྱེད་དགོས།  བཞི་ནས་གསོ་སྦྱོང་འཆར་གཞི་ཟམ་མི་ཆད་པར་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ་དང་། དངོས་འཐབ་སྦྱོང་བརྡར་གྱི་ནང་དོན་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱས་ཏེ་སྲིད་ཁྲིམས་དཔུང་ཁག་གི་དངོས་འཐབ་དགོས་མཁོ་གཞིར་བཟུང་ནས་སློབ་ཚན་ཇུས་འགོད་དང་། རྩལ་ཁྲིད་སྟོབས་ཤུགས། གསོ་སྦྱོང་ནང་དོན་སོགས་ཐད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དཔུང་ཁག་སྟོབས་ཆེར་བཏང་སྟེ་མཚོ་བྱང་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་སྔ་མོ་ནས་འགེལ་རྒྱུར་བརྩོན་ལེན་བྱེད་དགོས་པ་ནན་གྱིས་བསྟན།


ཁུལ་སྤྱི་བདེ་ཅུས་ཉེན་དོན་སྦྱོང་བརྡར་རྟེན་གཞི་ནི2020ལོར་སྐྲུན་མགོ་བརྩམས་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ15000ལྷག་ཙམ་ཟིན་ལ་སྤྱིའི་མ་དངུལ་སྒོར་ཁྲི5100བཏང་བ་དང་། དེའི་ནང་དུ་གཟུགས་པོ་སྦྱོང་བརྡར་ལྟེ་གནས་དང་ཉེན་རྟོག་སྒྲིག་ཆས་མཛོད། སྨྱན་མང་སྐས་རིམ་སློབ་ཁང་། ཉེན་རྟོག་སྒྲིག་ཆས་སྦྱོང་བརྡར་ཁང་། ཡོ་བྱད་ཁང་། གསོ་སྦྱོང་ཁང་། སྙན་ཞུ་ཁང་། ཉལ་ཁང་སོགས་ཡོད་ལ་དེ་དག་གཙོ་བོ་ཉེན་དོན་ནུས་རྩལ་གསོ་སྦྱོང་དང་ལད་ཟློས་ནང་སྦྱོང་། དངོས་འཐབ་སྦྱོང་བརྡར། དེ་བཞིན་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་ཉེན་རྟོག་པར་སློབ་གསོ་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་བར་བཀོལ་རྒྱུ་རེད།


ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལི་ཞང་ཏུང་གིས་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号