ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཟི་ལིང་འགག་སྒོའི་ཏང་ཨུའི་ཧྲུའུ་ཅིའམ་འགག་སྒོའི་དཔོན་དབྱིན་ཝེ་ཧྥིན་དང་བཞུགས་མོལ་གནང་པ།


ཟླ11པའི་ཚེས9ཉིན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཟི་ལིང་འགག་སྒོའི་ཏང་ཨུའི་ཧྲུའུ་ཅིའམ་འགག་སྒོའི་དཔོན་དབྱིན་ཝེ་ཧྥིན་དང་བཞུགས་མོལ་བརྗེ་རེས་གནང་།


ཤ་བོ་སྐྱབས་ཀྱིས་དབྱིན་ཝེ་ཧྥིན་འཁོར་དང་བཅས་པ་མཚོ་བྱང་དུ་ཕེབས་པར་དགའ་བསུ་ཞུས་པ་དང་།    ཟི་ལིང་འགག་སྒོས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས།  ཁོང་གིས་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་བཟང་ཞིང་།    ཐོན་ལས་ཀྱི་རྨང་གཞི་བརྟན་པ། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། ཁྲོམ་རའི་བར་མཐོངས་རྒྱ་ཆེ་ལ“རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ”ཞེས་པའི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཡོད་པ་དང་མཚོ་བྱང་གི་ནོར་ལུག་བཤས་གཏོང་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི20%ཙམ་ཟིན་པ་དང་། ནས་ཀྱི་ཐོན་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི33%ཙམ་ཟིན་ལ། ལོག་དཀར་ཐོན་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི40%ཙམ་ཟིན་ཡོད་པས། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཐད་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་མཚོ་བྱང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས“མཚོ་བྱང་རྟགས་ཅན”གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གང་མང་ཞིག་གྲུབ་ཡོད་ལ། བོད་ལུག་དང་ནོར་གནག ནས།  ལོག་དཀར། བཟའ་སྣུམ། སྦྲང་རྩི། གཟན་ཆས་སོགས་ས་ཁོངས་ཀྱི་ཆས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་སྤུས་ལེགས་ཐོན་རྫས་ཁག་ཅིག་རིམ་བཞིན་ཕྱི་རྒྱལ་གྱི་ཁྲོམ་རར་ཁྱབ་གདལ་བཏང་ཡོད།    ཟི་ལིང་འགག་སྒོས་ཕྱི་ཕྱོགས་ཚོང་དོན་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་བྱེད་པོ་སྐྱེད་སྲིང་།  ཐོན་རྫས་འོས་སྦྱོར། ལས་སྟེགས་འཛུགས་པ།  ཁྲོམ་ར་གསར་འབྱེད་སོགས་ཕྱོགས་མང་པོའི་ཐད་ནས་མཚོ་བྱང་གི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་གང་མགྱོགས་སྒོས་ཕྱི་རྒྱལ་དུ་བསྐྱལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ལ། ང་ཚོས་རང་འགུལ་ངང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ནས་ཟི་ལིང་འགག་སྒོས་མཚོ་བྱང་དུ་བྱ་བ་སྒྲུབ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་དང་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག ཟི་ལིང་འགག་སྒོས་ཁོངས་གཏོགས་ཡོངས་ཀྱི་ལས་བྱེད་ལས་བཟོ་བ་མཚོ་བྱང་དུ་ཡོང་ནས་རྒྱལ་སྲུང་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གསར་བརྗེའི་སློབ་གསོ་བཅས་དང་ལེན་བྱེད་པར་གདན་ཞུ་བྱས་པ་ཡིན་པར་བསྟན།


དབྱིན་ཝེ་ཧྥིན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་མང་རིང་ཟི་ལིང་འགག་སྒོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཉེ་བའི་ལོ་ཤས་རིང་། ཟི་ལིང་འགག་སྒོས་མཚོ་བྱང་གི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྲིད་ཇུས་དྲིལ་སྒྲོག འགག་སྒྲོལ་ཞབས་ཞུ་མཁོ་འདོན།    ས་གནས་ཕྱི་ཕྱོགས་སྒོ་དབྱེ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱ་བ་གང་མང་ཞིག་བསྒྲུབས་ཡོད་པ་དང་། ལྷག་པར་དུ་མཚོ་བྱང་འཇུ་ལག་ལེ་དབར་བརྒྱའི་མེ་ཏོག་རྒྱ་མཚོ་སྦྲང་རྩི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་དང་། འཇུ་ལག་ཅཱ་ལེན་ཉ་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་།  མཚོ་བྱང་དར་རྒྱས་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་བཅས་ལ་སྲིད་ཇུས་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ཡོད།  མ་འོངས་པར་ཟི་ལིང་འགག་སྒོས་རང་ངོས་ཀྱི་འགན་ནུས་ལ་གཞི་ཚུགས་ནས་མཚོ་བྱང་དང་འབྲེལ་བ་གཞོགས་འདེགས་དང་མཉམ་ལས་མཉམ་འགུལ་ལ་ཤུགས་བསྣན་ཏེ་སྤུས་ལེགས་ཀྱི་སོན་རྒྱུའི་འབྱུང་ཁུངས་ནང་འདྲེན་དང་།    ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཉེན་ཁ་ལྟ་ཞིབ་ཚད་ལེན། མཚོ་བྱང་གི་ཕྱིར་གཏོང་ལས་སྒོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས་མཚོ་བྱང་གིས་ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་པར་སྔར་བས་རོགས་རམ་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཤུགས་སྣོན་རྒྱུ་ཡིན་པར་བསྟན།


ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཟི་ལིང་འགག་སྒོ་དང་ནུབ་མཚོ་འགག་སྒོའི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་བཅས་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号