མཚོ་བྱང་ཁུལ་གྱི“མདེལ་གཉིས་སྐར་གཅིག་སྙིང་སྟོབས་དར་སྤེལ་གཏོང་། ལྷ་མཚོ་སྨོན་ལམ་མཐོན་པོར་གོམ་པས་གཞལ། ”ཞེས་པའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་བསྡུར་ཆེན་མོ་གཟབ་རྒྱས་ངང་ཚོགས།

ཟླ10པའི་ཚེས23ཉིན། མཚོ་བྱང་ཁུལ་གྱི“མདེལ་གཉིས་སྐར་གཅིག་སྙིང་སྟོབས་དར་སྤེལ་གཏོང་། ལྷ་མཚོ་སྨོན་ལམ་མཐོན་པོར་གོམ་པས་གཞལ། ”ཞེས་པའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་བསྡུར་ཆེན་མོ་གཟབ་རྒྱས་ངང་ཚོགས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་གིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་གཙོ་སྐྱོང་གནང་།

བྱེད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་ཤིང་། དུང་བརྡ་གྲགས་པ་དང་ལྷན་དུ་འགྲན་ཞུགས་པ1100ལྷག་ཙམ་གྱིས་བདེ་མྱུར་དོད་པའི་གོམ་སྟབས་ལ་བརྟེན་ནས་མཚོ་སྔོན་པོའི་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་ནས་མགོ་བརྩམས་ཏེ། ལམ་བར་གྱི་གནས་སྐོར་ལམ་བུ་བརྒྱུད་མཚོ་སྔོན་པོའི་སྨོན་ལམ་མཐོན་པོ་གོམ་པས་གཞལ་བའི་འགྲུལ་བཞུད་དུ་ཞུགས། རང་འགུལ་ངང་སྒྲིག་འཛུགས་བྱས་པའི་མདའ་བཞི་རྫོང་གི་སྐྱ་མི་རུ་ཁག་འགྲན་བསྡུར་ཡུལ་དངོས་སུ་ཡོང་སྟེ་དར་ཆ་གཡུགས་ཤིང་འགྲན་ཞུགས་པར་སྐུལ་མ་བྱས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་དང་དྲག་རྩལ་འཁྲབ་སྟོན་སོགས་ངོ་མཚར་ཆེ་བའི་ལེ་ཚན་གྱིས་འགྲན་སྡུར་ལ་ལྟད་མོ་ཤིན་ཏུ་ཆེ་བར་གྱུར། ཐེངས་འདིའི་འགྲན་བསྡུར་ནི་ན་གཞོན་སྐྱེས་པ་དང་། བུད་མེད་ཚན་ཆུང་གི་སྤྱི་ལེ5དང་། རྒན་པའི་སྤྱི་ལེ1གི་ཚན་ཆུང་གཉིས་སུ་དབྱེ་ཡོད་ཅིང་། བྱ་དགའ་རིམ་པ་དང་པོ2དང་། བྱ་དགའ་རིམ་པ་གཉིས་པ4དང་། བྱ་དགའ་རིམ་པ་གསུམ་པ6དང་། ཕུལ་བྱུང་བྱ་དགའ30བཅས་བཀོད་སྒྲིག་བྱས་ཡོད། བྱ་དགའ་ཐོབ་མཁན་ལ་ཡུལ་དངོས་ནས་ལག་ཁྱེར་དང་བྱ་དགའི་དངུལ། “མདེལ་གཉིས”ཀྱི་དཔེ་དབྱིབས། རི་འཛེག་འཁར་རྒྱུག་སོགས་ཀྱི་བྱ་དགའ་སྤྲད་པ་རེད།


ཐེངས་འདིའི་བྱེད་སྒོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ལུས་རྩལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་། ཐོན་ལས་ཀྱི་ས་ཁུལ་བཞིའི་ནང་ཧུར་ཐག་ཞུགས་པ།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མཚོ་སྔོན་པོའི་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྤུས་རྟགས་འཛུགས་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། “ལུས་རྩལ+”ཡི་འཕེལ་རྒྱས་རྣམ་པ་གསར་གཏོད་བྱེད་པ། མཚོ་བྱང་ཁུལ་གྱི་ལུས་རྩལ་གྱི་ལེགས་ཆ་འདོན་སྤེལ་དང་དམངས་ཡོངས་ཀྱི་ལུས་རྩལ་དགའ་ཕྱོགས་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཆེད་ཡིན།

ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་གི་ལས་བྱེད་ལས་བཟོ་དང་། མང་ཚོགས་ཀྱི་ཚོགས་པ་ཁག རོང་འབྲོག་མང་ཚོགས། སློབ་མ། རྐང་བགྲོད་ལ་དགའ་མཁན་བཅས་འགྲན་བསྡུར་ནང་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号