མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ངོ་སྤྲོད་མདོར་བསྡུས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་དུ་གནས་ཡོད་ལ། མཚོ་སྔོན་པོའི་བྱང་ཕྱོགས་སུ་ཡོད་པས་ཅུང་མིང་གྲགས་ཆེ་བའི་ཁུལ་ཞིག་ཡིན། མཚོ་ངོས་ལས་སྨི3024ཡོད། ཁུལ་འདི་སའི་གོ་ལའི་བྱང་གི་འཕྲེད་ཚད36°44′~39°5′དང་། ཤར་གྱི་གཞུང་ཚད98°5′~102°41′སྟེང་དུ་གནས་ཡོད། ཤར་ལྷོའི་མཚམས་སུ་རྟ་ཐང་རྫོང་དང་དགོན་ལུང་རྫོང་། སྐུ་འབུམ་རྫོང་དང་སྟོང་སྐོར་རྫོང་བཅས་ལ་འབྲེལ་ཡོད་ལ། ནུབ་ཏུ་མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་འབྲེལ་ཡོད། ལྷོ་རུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་བར་དུ་མཚོ་སྔོན་པོའི་བཅད་ཡོད་ལ། བྱང་དུ་ཀན་སུའུ་ཀན་ལྷོ་ཁུལ་གྱི་དཔའ་རིས་དང་ཧྲན་ཏན། མེན་ལི། སུའོ་ནན་བཅས་རྫོང་འདི་དག་དང་འབྲེལ་ཡོད། ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ནི་སྤྱི་ལེ413.45དང་། ལྷོ་བྱང་གི་ཞེང་ཚད་ནི་སྤྱི་ལེ261.41ཡིན། སའི་སྤྱིའི་རྒྱ་ཁྱོན་ནི34068.44 ཡོད་ལ། ཞིང་ཆེན་ཡོངས་ཀྱི་སའི་སྤྱིའི་རྒྱ་ཁྱོན་གྱི4.71% ཟིན་ཡོད། ཁུལ་འདིའི་ཁོངས་གཏོགས་སུ་འཇུ་ལག་ཧེ་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་རྫོང་བཞི་དང་། ཞིང་གྲོང34དང་སྡེ་དམངས་ཨུ་ཡོན་ལྷན་ཁང204ཡོད་པ་མ་ཟད། ད་དུང་ཀྲུང་དབྱང་དང་ཞིང་ཆེན་རིམ་པར་གཏོགས་པའི་རྒྱལ་གཉེར་བཟོ་གྲྭ221ཡོད་པར་མ་ཟད། མདོ་ལ་རི་བོའི་ཟངས་ཀྱི་གཏེར་ཁ་དང་། ཧོ་མན་གྱི་ཕྱུགས་ར། ནེན་ཡྰེན་གྱི་རྟ་གསོ་ཁང་། ས་གཤིས་རུ་ཁག་གཉིས་པ། ཆུ་ཁོལ་སོལ་གཏེར། ཟུར་གསུམ་ལུག་གསོ་ཁང་བཅས་ཡོད།
མཚོ་བྱང་ཁུལ་ནི་གནའ་ནས་ད་བར་དུ་མི་རིགས་མང་པོ་རྒྱུད་སྤེལ་བྱེད་སའི་འཚོ་གནས་ཤིག་ཡིན་ཏེ། སྔ་གཞུག་ཏུ་ཆིང་རིགས་དང་རྒྱ་རིགས། ཞུང་ནུའུ། ཞན་པེ། འ་ཞ། བོད། སོག་པོ། ཧེ་རིགས། འཇང་རིགས། སཱ་ལ་བཅས་མི་རིགས་མང་པོ་འདྲེས་སྡོད་བྱས་ཡོད། ལོ་ངོ་སྟོང་ཕྲག་གི་རིང་ལ་མི་རིགས་མང་པོའི་མཉམ་དུ་མཚོ་བྱང་ཁུལ་གྱི་ལོ་རྒྱུས་རིག་གནས་གསར་སྤེལ་བྱས་ལ། སྤྱི་ལོ1990ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་ཀྱི་སྤྱིའི་མི་འབོར
237301དང་དེའི་ནང་བོད་མི་རིགས48795ཡོད་ལ། ཁུལ་ཡོངས་ཀྱི་སྤྱིའི་མི་འབོར་གྱི20.56%ཟིན། རྒྱ་རིགས104553ཡོད་ལ་དེའི་སྤྱིའི་མི་འབོར་གྱི44.5%ཟིན། ཧེ་རིགས65638ཡོད་ལ་དེའི་སྤྱིའི་མི་འབོར་གྱི27.66%ཟིན་ལ། སོག་རིགས10565ཡོད་ལ་དེའི་སྤྱིའི་མི་འབོར་གྱི4.45%ཟིན། འཇང་རིགས་དང་མི་རིགས་གཞན་པ7750ཡོད་ལ་དེའི་སྤྱིའི་མི་འབོར་གྱི3.26%ཟིན། མི་གྲངས་སྟུག་ཚད་སྨི་བཞི་མ་རེར་མི 6.9ཡོད།
མཚོ་བྱང་ཁུལ་གྱི་གནམ་གཤིས་ནི་མཐོ་སྒང་འཁྱག་རླུང་སྐམ་སའི་རང་བཞིན་ཅན་གྱི་གནམ་ཟླ་ཡིན་ལ། ལོ་རེའི་ཆ་སྙོམས་ཀྱི་གནམ་གཤིས་དྲོད་ཚད་ནི-0.3℃~-0.7℃དང་། ཆེས་མཐོའི་གནམ་གཤིས་དྲོད་ཚད་ནི27℃དང་ཆེས་དམའ་བའི་གནམ་གཤིས་དྲོད་ཚད་ནི-39℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་བ་འབབ་ཚད་ནི་ཧའོ་ཧྲང500དང་། ལོ་གཅིག་གི་ཉི་མ་ཕོག་པའི་དུས་ཡུན་ནི་ཆུ་ཚོད2440~3140 ཡིན། ལོ་གཅིག་གི་འགྱེད་འཕྲོའི་ཚ་ཤུགས་ཚད་ནི་ལི་སྨི་གྲུ་བཞི་མ་རེར་སྟོང་ཁ131~177 ཡིན་མོད། འོན་ཀྱང་གཏན་ནས་སད་མེད་པའང་མ་ཡིན་ནོ། །
ཁོད་ཡངས་པའི་མཚོ་བྱང་གི་ས་གཞིའི་སྟེང་དུ་ཁོངས་སུ་གཉེར་བའི་ནུས་ཁོངས་་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། ད་དུང་རང་བྱུང་རྩྭ་ར་མུའུ་ཁྲི3892ཡོད་ལ་དེ་ཁུལ་ཡོངས་ཀྱི་སའི་སྤྱིའི་རྒྱ་ཁྱོན་གྱི78%ཟིན། བཀོད་ཆོག་པའི་རྩྭ་ར་མུའུ་ཁྲི3432ཡིན་ལ། དེ་རྩྭ་ར་སྤྱིའི་རྒྱ་ཁྱོན་གྱི88.9%ཟིན། དེ་ནི་འབྲོག་ལས་འཕེལ་རྒྱས་གཏོང་སའི་དངོས་པའི་རྨང་གཞི་གལ་ཆེན་ཞིག་ཡིན། ཁུལ་ཡོངས་ཀྱི་གསོ་བའི་ཕྱུགས་རིགས་ནི་ནོར་ནག་དང་བ་ལང་། ལུག་དང་ར་མ། རྟ་སོགས་བཅས་ཕྱུགས་གྲངས་ཁྲི248.78ཡོད། མི་རེར་ཆ་སྙོམས་ཀྱི་ཕྱུགས་ཟོག11.4ཡོད། མཚོ་བྱང་ཁུལ་ནི་མིང་གྲགས་ཀུན་ཏུ་ཁྱབ་པའི་ཟི་ལིང་གི་བལ་དང་རྟ་ཐང་གི་རྟའི་ཐོན་ཁོངས་ཡིན་པར་མ་ཟད། ད་དུང་སྨོ་ཞིང་མུའུ་ཁྲི61.11ཡོད། ཉི་མའི་འགྱེད་འཕྲོའི་དྲག་ཚད་མཐོ་བ་དང་ཉི་འོད་ཕོག་ཚད་དུས་ཡུན་རིང་ལ། ཉིན་མཚན་གཉིས་ཀྱི་དྲོད་ཚད་ལ་བར་ཁྱད་ཆེ་བས་སྣུམ་ཚལ་དང་ནས། གྲོ། ཞོག་ཁོག སྔོ་ཚལ་བཅས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བྱུང་བ་དང་།དེ་ལས་ཀྱང་མེན་ཡན་གྱི་སྣུམ་ཚལ་ཐོན་ཚད་མཐོ་བ་དང་རྒྱུ་སྤུས་བཟང་བས་ཞིང་ཆེན་ཕྱི་ནང་ཡོངས་སུ་ཁྱབ་ཡོད། འདིའི་སྤྱིར་འདེབས་འཛུགས་ལས་རིགས་ཀྱི་རྒྱ་ཁྱོན་མུའུ་ཁྲི30ཡོད་པས་མཚོ་བྱང་གི་སྣུམ་ཕྱོགས་བཞིར་ཁྱབ་ཅེས་བཤད་རྒྱུན་ཡང་ཡོད།
ཤར་ལྷོ་གྲོག་རོང་དང་དབུས་བྱང་གྲོག་རོང་གི་ས་ཁུལ་དུ་ནགས་ཚལ་ཐོན་ཁོངས་མུའུ་ཁྲི513ལྷག་ཡོད་ལ། དེའི་ཁུལ་ཡོངས་གྱི་སའི་སྤྱིའི་རྒྱ་ཁྱོན་གྱི10% ཟིན། དེའི་ནང་དུ་ནགས་ས་མུའུ་ཁྲི37.48ཡོད། སིལ་སྡོང་མུའུ་ཁྲི13.34ཡོད། སྡོང་ཐུང་མུའུ་ཁྲི462.5ཡོད། ཤིང་ཆ་གསོག་གཉེར་བྱེད་ཚད་སྨི་གྲུ་བཞི་མ་ཁྲི330ཡོད། ཡུན་ཧྲན་གསོམ་ཤིང་དང་ལྕང་སྡོང་། ཤིང་སྟག་པ་བཅས་ལྗོན་ཤིང་དང་། རྒྱལ་དབང་ཆུ་ཁོངས་གསོ་འཁྱོངས་ནགས་སོགསཡོད། ནགས་ཚལ་གྱི་ཁེབས་ཚད10.04%ཡིན་ལ། སྲོག་ཆགས་དང་རྩྭ་སྨན་གྱི་ཐོན་ཁོངས་ཕུན་སུམ་ཚོགས་པ་ཡིན། རྨིག་ཆགས་དཀོན་པོ་དང་སྡེར་ཆགས་ཡ་མཚན་ཅན་ཡོད་ལ། འབྲོང་དང་རྐྱང་། གཉན། ཤྭ་དམར། ཤྭ་བ་སེར་ཆེན། གནའ་བ། དགོ་བ། གསའ། དྲེད་མོང་། གཡི། གོང་མོ་སོགས་ཀྱང་ཡོད།
རྩྭ་སྨན་རིགས300ལྷག་ཡོད། དེའི་ནང་ནས་ཅུང་མིང་གྲགས་ཆེ་བ་ནི་ཀླུ་བདུད་རྡོ་རྗེ་དང་བོད་ཀྱི་ཨ་ཀྲོང་། སྤྲུ་ནག ལྕུམ། མེ་ཏོག་གངས་ལྷ། ཟི་ར་སེར་པོ། རྒྱ་རྩི་དུག་ལོ། ཀྱི་ལྕེ། མཚེ་ལྡུམ། ཏར་ཁུ། དབྱར་རྩྭ་དགུན་འབུ། སྲིན་ཤིང་སྣ་མ། སྲོ་ལོ་དམར་པོ། གླ་རྩི། ཤྭ་བའི་ཁྲག་རྭ་སོགས་ཁྱབ་རྒྱ་ཆེ་ཞིང་ཐོན་ཚད་མཐོ་བ་མ་ཟད། ད་དུང་གསར་སྤེལ་གྱི་རིན་ཐང་ཡང་མཐོ། མདོ་ལ་རྫོང་གི་ཤྭ་སེར་དང་རྒྱ་མདོ་རྫོང་གི་གྲོ་མ་སོགས་རྒྱལ་ཡོངས་ལ་མང་གྲགས་ཆེ་བ་དང། གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པའང་ཡོད། ལོ་མང་བའི་ཞིབ་བཤེར་བྱས་པ་བརྒྱུད་ནས་དངོས་སུ་རྩད་ཆོད་ཡོད་པའི་གཏེར་རྫས་ཀྱི་རིགས་ལ། ལྕགས་དང་ལྕགས་རིགས་མེན། ཀེ་གཏེར། ཟངས། ཀལ། རྡོ་བལ། ཅུ་གང་། སྤྱིན། རྡོ་ཐལ་རྡོ། རྨེ། ལྩགས་གཏེར་སེར་པོ། ལྷང་ཚེར་དཀར་པོ། ལིན། ལྗིད་ཚད་ཆེ་བའི་ཤེལ་རྡོ། རྡོ་སྣག ཐོ་ལེ་ཀོར། རྡོ་སོལ། བྱེ་གསེར་སོགས་མདོག་སེར་པོ་ཅན་གྱི་ལྕགས་རིགས་དང་ལྕགས་རིགས་མ་ཡིན་པ། ལྕགས་རིགས་དཀོན་པོ། འཛུགས་སྐྲུན་རྒྱུ་ཆ་སོགས་བཞི་བཅུ་ལྷག་ཡོད། དེའི་ནང་དུ་རྡོ་སོལ་དང་རྡོ་བལ། བྱེ་གསེར་སོགས་འདུས་ཚད་ཅུང་མཐོ་བ་མ་ཟད། ད་དུང་རྡོ་ཐལ་གྱི་འདུས་ཚད་ཏུན་དུང་ཕྱུར25ལྷག་ཡོད། དེའི་ཞིང་ཆེན་ཡོངས་ཀྱི་རྡོ་ཐལ་འདུས་ཚད་ཀྱི53%ཟིན་ཡོད། རྡོ་ཐལ་གྱི་རིགས་མང་བ་མ་ཟད། རྒྱུ་སྤུས་ལེགས་པ། སྤེད་ཚད་སྲབ་པས་སྔོག་འདོན་བྱེད་སླ་བ་སོགས་ཁྱད་ཆོས་ལྡན། “བྲོ་རྒྱུ་བལ”ཞེས་འབོད་པའི་རྡོ་བལ་གྱི་འདུས་ཚད་ཏུན་ཁྲི1740ལྷག་ཡོད། དེའི་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཟིན་ཡོད། རེག་བྱ་འཇམ་ལ་དྲག་ཚད་མཐོ་བ། དེའི་རྐྱེན་གྱི་རྒྱལ་ནང་དུ་བརླན་བཤེར་རང་བཞིན་ལྡན་པའི་ཐོན་རྫས་དཔེ་ལེགས་ཅིག་ཡིན། བྱེ་གསེར་འདུས་ཚད་སྤྱི་རྒྱ4830ལྷག་ཡོད་ལ་བཟོ་གྲྭའི་ཁྱབ་རྒྱ་ཆེ། བྲག་རིའི་སེར་པོ་ནང་དུ་གསེར་གྱི་འདུས་ཚད་ཅུང་མཐོ་བ། ཡུལ་ལྗོངས་སུ་རི་ར་བ་ཁང་ཁྱིམ་ལྟར་སྒྲིག་ཡོད། རི་ལུང་ཐང་གསུམ་ཆུ་ཡི་གང་ཡོད། དེའི་རྐྱེན་གྱིས་ཆུའི་ཐོན་ཁོངས་ཕུན་སུམ་ཚོགས་པ་ཡོད། ༼ས་འོག་གི་ཆུ་མི་འདུས༽ ལོ་རེའི་ཆ་སྙོམས་ཀྱི་ཆུའི་ཚད་ལི་སྨི་སྟོང་ཕྱུར58ལས་བརྒལ་བས་མི་རེའི་ཆ་སྙོམས་ཀྱི་ཆུ་ཚད་ནི་ལི་སྨི27700ཡིན། འཛམ་གླིང་གི་མི་རེར་ཆ་སྙོམས་ཀྱི་ཆུའི་ཚད་ལི་སྨི་ 3750ཡིས་ལྡབ6.1དང་། རྒྱལ་ཡོངས་ཀྱི་མི་རེར་ཆ་སྙོམས་ཀྱི་ཆུའི་ཚད་ལི་སྨི2700ཡིས་ལྡབ8.9ཡིན་པར་མ་ཟད། ད་དུང་ཞིང་ཆེན་ཡོངས་ཀྱི་མི་རེར་ཆ་སྙོམས་ཀྱི་ཆུའི་ཚད་ལི་སྨི2000ཀྱིས་ལྡབ12ཡིན། ཆུ་ཀློག་གི་ནུས་ཚད་ནི་བཱ་ཚད་སྟོང་ཕྲག111.18ཡོད་ལ། བཀོལ་སྤྱོད་དང་གསར་སྤེལ་བྱས་ཆོག་པའི་ཆུ་ཀློག་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་ནི་བཱ་ཚད་སྟོང་ཕྲག37.1ཡོད། ཡུལ་ལྗོངས་སུ་ཆུ་བོ་བཞུར་རྒྱུན་ཆེན་པོ་གཉིས་ཡོད་དེ། ཕྱི་འབབ་ཆུ་བོ་ནི་རྟ་ཐང་ཆུ་བོ་དང་སྟོང་སྐོར་གྱི་ཆུ་དང་ཆུ་ནག་སོགས་ཡོད། ནང་འབབ་ཆུ་བོའམ་མཚོ་སྔོན་པོའི་ནང་དུ་འབབ་པའི་ཆུ་བོ་བཞུར་རྒྱུན་ཆེས་རིང་བ་ནི་པོའུ་ཧྭ་ཆུ་བོ་དང་ཅུའུ་ཨར་མིན་ཆུ་བོ། བོས་ཧན་ལེན་ཆུ་བོ། ཟགས་ཆུ་ས་དང་ཧྭ་དགེ་ཆུ་བོ་སོགས་ཡོད། མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ནང་འབབ་ཆུ་བོ་དང་ཚྭ་མཚོ་ཡིན་པ་དང་། དེ་ནི་མཚོ་བྱང་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་ལྷ་སྒྲུང་སོགས་ཡོད་པས་ལྟ་སྐོར་བ་དང་གསར་སྤེལ་མཁན་མང་བོ་སོགས་ཀྱི་ཡིད་དབང་རབ་ཏུ་བཀུག་དང་འགུགས་བཞིན་ཡོད་ལ། མཚོ་ནང་དུ་ཆེས་ཕུན་སུམ་ཚོགས་པའི་ཟས་རིགས་ལ་ཙོང་ཉ་སོགས་མང་པོ་ཡོད། མཚོའི་མཐའ་སྐོར་དུ་འབྲོག་པ་མང་བོ་སྐར་ཚོམས་ས་ལ་བབས་པ་བཞིན་གནས་ཡོད་ལ། དེ་ལྟར་གནའ་ནས་ད་བར་དུ་རྟ་ནོར་ལུག་གསུམ་གྱི་ཐོན་གནས་གཙོ་བོ་ཡང་ཡིན། ད་ལྟ་ཕྱུགས་ཟོག་ལས་རིགས་ལའང་འཕེལ་རྒྱུས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ལ། ལོ་རེར་འཛམ་གླིང་གི་ཡུལ་གྲུ་སོ་སོ་དང་མི་རིགས་སོ་སོའི་ལྟད་མོ་བའང་ལོ་རེ་ནས་ལོ་རེར་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཀྱིན་ཡོད། ས་འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་མཚོ་བྱང་ཁུལ་ཡིན་ནོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注