ཀྲུང་གོའི་དགོ་དམར་གྱི་ཕ་ས་ལས་འཕྲོས་པའི་ཚེ་སྲོག་གི་འོད་སྣང་།

མཚོ་སྔོན་པོའི་དགོ་དམར་དམིགས་བསལ་སྲུང་སྐྱོབ་ས་ཁུལ་ནི་རྐང་ཚ་རྫོང་གི་ཤར་ལྷོའི་མཚོ་འཁོར་གྱི་ཉེ་འགྲམ་དུ་གནས་པ་དང་ས་ཁོངས་ནང་དགོ་དམར་ཁྱུ7ལྷག་བག་ཡངས་ངང་གནས། 2017ལོའི་ཟླ7པའི་ཚེས14ཉིན“ཀྲུང་གོའི་དགོ་དམར་གྱི་ཕ་སའི”མཚན་སྙན་ཐོབ། མིག་སྔར། རྫོང་ཁོངས་སུ་དགོ་དམར་གྱི་ཁ་གྲངས3000ལྷག་ཡོད་པ་དེས་མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་དམར93.33%ཙམ་བཟུང་ཡོད།

དགོ་དམར་ལ་ཀྲུང་ཧྭའི་རྭ་ལྡན་དགོ་བ་ཟེར་ལ་དམངས་ཁྲོད་དུ་ལུག་ཁམ་གཞས་ཀྱང་ཟེར། རང་རྒྱལ་གྱིས་གཅེས་སྤྲས་གང་ལེགས་བྱེད་པའི་རྨིག་ཐོག་སྲོག་ཆགས་ཤིག་ཡིན། 1989ལོར་རང་རྒྱལ་གྱིས་དགོ་དམར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཅུག་ནས “རྭ་ཡག་འཕོངས་དཀར”ནི་དགོ་དམར་གྱི་ཆེས་སྙིང་རྗེ་བའི་ཁྱད་ཆོས་ཡིན།

དཔལ་དགེ་དགོ་དམར་ཚན་རིག་ཁྱབ་གདལ་ཉམས་ཞིབ་རྟེན་གཞི།

དམངས་ཡོངས་ཡུལ་སྐོར་དེ་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་དུ་བསྒྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། 2023ལོར་དཔལ་དགེ་དགོ་དམར་ཚན་རིག་ཁྱབ་གདལ་ཉམས་ཞིབ་རྟེན་གཞི་བསྐྲུན་ནས་ཚོད་ལྟའི་གཉེར་སྐྱོང་བྱས། རྟེན་གཞི་རུ་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་ཚན་རིག་ཁྱབ་གདལ་འགྲེམས་སྟོན་ཁང་། རྒྱང་གཟིགས་སྟེགས་བུ།  དགོ་དམར་གནས་སྐབས་རོགས་སྐྱོབ་ལྟེ་གནས། སྐར་གཟིགས་ཁང་བཅས་བཙུགས་ཡོད། དེའི་ནང་ལྟ་ཞིབ་སྟེགས་བུ་ནི་ཐོག་བརྩེགས་དགུ་ཡོད་པ་དང་སྟེགས་བུའི་སྟེང་བརྙན་ཆས་དང་པར་ཆས་བརྒྱུད་ནས་དགོ་དམར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཆོག 

དཔལ་དགེ་དགོ་དམར་ཚན་རིག་ཁྱབ་གདལ་ཉམས་ཞིབ་རྟེན་གཞིས་སྐྱེ་ཁམས་སློབ་གསོ་དང་སྐྱེ་ཁམས་ཉམས་ཞིབ། ས་གནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྟེན་གཞི་བཅས་ཁྱད་ལྡན་ནུས་པ་ཆེན་པོ་གསུམ་གཏོད་རྒྱུར་དམིགས་ནས་དགོ་དམར་དྲིལ་སྒྲོག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བ་སླར་ཡང་སྐས་རིམ་གསར་པར་སླེབས་ནས་མི་དང་སྲོག་ཆགས་ཕན་ཚུན་རྟེན་གནས་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཁྱིམ་གཞིས་ཆེན་པོ་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号