མཚོ་བྱང་ཁུལ་གྱི་ལྗོངས་ཁུལ3བདམས་འདུག
ཟླ12པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་གཏམ་བཟང་བསྒྲགས་ཡོང་བ་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་སོགས་ལྗོངས་ཁུལ8ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱས་པ་དང་། འཇུ་ལག་རྫོང་གི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ་སོགས་ལྗོངས་ཁུལ9ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གསར་སྐྲུན་ལྗོངས་ཁུལ་དུ་གཏན་འཁེལ་བྱས།
དེའི་ཁྲོད་མཚོ་བྱང་ཁུལ་དུ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གཉིས་གཏན་འཁེལ་བྱས་ཡོད་དེ་མཚོ་བྱང་ཨ་མྱེས་སྟོང་སོ་ལྗོངས་ཁུལ་དང་རྐང་ཚའི་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་བཅས་ཡིན། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གསར་སྐྲུན་ལྗོངས་ཁུལ་གཅིག་གཏན་འཁེལ་བྱས་ཡོད་དེ་འཇུ་ལག་རྫོང་གི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ་རེད།
མཚོ་བྱང་ཨ་མྱེས་སྟོང་སོ་ལྗོངས་ཁུལ།
རྐང་ཚའི་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ།
འཇུ་ལག་རྫོང་གི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ།
གཡང་འབུམ་ཚེ་རིང་གིས་བསྡུས་སྒྱུར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注