ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན།

བྱ་དེ་ཁྲུང་ཁྲུང་དཀར་མོ་། ། གཤོག་རྩལ་ང་ལ་གཡོར་དང་། །

ཐག་རིང་རྒྱང་ལ་མི་འགྲོ། ། ལི་ཐང་བསྐོར་ནས་སླེབས་ཡོང་། །

—ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས།

ཚངས་དབྱངས་རྒྱ་མཚོ་རིག་གནས་ཐང་ཆེན་ནི2012ལོར་གསར་དུ་བསྐྲུན་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ51000ཡོད། སྙན་ངག་གི་ལྡེབས་གྱང56ཁྲོད་བོད་རྒྱ་དབྱིན་གསུམ་གྱི་སྙན་ངག་ལྡེབས་གྱང24ཡོད་པ་དང་། བོད་རྒྱ་གཉིས་ཀྱི་སྙན་ངག་ལྡེབས་གྱང32ཡོད། ཚངས་དབྱངས་རྒྱ་མཚོ་རིག་གནས་ཐང་ཆེན་གྱི་དབུས་སུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ལྡེབས་གྱང5ཡོད་ལ། མཐོ་ཚད་ལ་སྨི3དང་རིང་ཚད་སོ་སོ་མི་འདྲ་བར། སྨི28ཅན་གཉིས་དང་། སྨི25ཅན་གཅིག སྨི14ཅན་གཅིག སྨི12ཅན་གཅིག་བཅས་ཡོད། གྲངས་ཀ་དེ་དག་གིས་སོ་སོར་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ལོ1683ལོའི་ཟླ2པའི་ཚེས28དང་། ཁྲིར་མངའ་གསོལ་བའི་ལོ1696ལོའི་ཟླ10པའི་ཚེས25ཉིན། ཁྲིར་བཞུགས་པའི་དུས་ཡུན་ལོ14དང་སྐུ་གཤེགས་པའི་ལོ1706ལོའི་ཟླ11པའི་ཚེས12སོགས་མཚོན་པ་ཡིན།

ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང་། ། མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང་། ། མགུར་གླུ་ཚན་པ་འདིའི་ནང་གི“མ་སྐྱེས་ཨ་མའི”བསྟན་དོན་གསལ་ཐག་ཆོད་པ་ཞིག་ད་ལྟའི་བར་ངོས་འཛིན་དུ་མེད་པར་ལུས་ཡོད། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། ། ཐག་རིང་རྒྱང་ལ་མི་འགྲོ། ། ལི་ཐང་བསྐོར་ནས་སླེབས་ཡོང་། །  མགུར་གླུ་ཚན་པ་འདི་ནི་ཁོང་གི་མི་ཚེ་འདིའི་མཐའ་མཇུག་གི་མགུར་གླུ་དེ་ཡིན་པར་བསྙད་ཅིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སི་ཁྲོན་ལི་ཐང་དུ་སྐུ་བལྟམས་པའི་ལུང་བསྟན་ཡིན་པར་བཤད།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号