གངས་ལུང་བྲག་ཕུག
འཇུ་ལག་རྫོང་ཁུ་ཐོའུ་ལུང་བའི་ཤར་གྱི་གངས་ལུང་གི་གངས་ལུང་བྲག་ཕུག་ནི་མཚོ་སྔོན་ས་ཁོངས་སུ་ཉར་ཚགས་ཅུང་ཆ་ཚང་བའི་བྲག་ཕུག་གི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་། 岗龙石窟
ཕྱི་ཡིག་གི་མིང་། Kong Dragon Caves
རིགས་དབྱེ། བྲག་ཕུག
ས་གནས། གངས་ལུང་།
དངོས་གཞིའི་ནང་དོན།
བྲག་ཕུག་ངོ་སྤྲོད།
ཅིན་རྒྱལ་རབས་སྐབས་བརྐོས་པའི་བྲག་ཕུག་ཅིག་ཡིན་ལ། བྲག་ཕུག་དེ་ལྷོ་བྱང་གི་རིང་ཚད་ལ་སྨི100དང་མཐོ་ཚད་ལ་སྨི50ཡོད་པའི་བྱེ་རྡོ་དམར་པོའི་སྟེང་སྐུ་བརྙན་གཅིག་དང་རྡོའི་མཆོད་རྟེན་གཅིག་གིས་གྲུབ་ཡོད། རྡོའི་མཆོད་རྟེན་ནི་པད་མའི་མཆོད་རྟེན་ཡིན་པ་དང་། ལྷུང་བཟེད་རྣམ་པའི་མཆོད་རྟེན་གྱི་ལུས་ལ་སྟོབས་འཁོར་བཅུ་གསུམ་དང་ཉི་ཟླའི་མཆོད་རྟེན་གྱིས་གྲུབ་པ་དང་། མཆོད་རྟེན་གྱི་ལྟོ་བར་སྤྱན་འོད་ཀྱི་སྒོ་མོ་བརྐོས་ཡོད་པ་དང་། དེའི་ནང་དུ་འདམ་དམར་གྱིས་བཟོས་པའི་འཇིམ་བརྙན་མང་པོ་ཞིག་མཆོད་འབུལ་བྱས་ཡོད། དེ་ནི་དཔེ་མཚོན་གྱི་བླ་མའི་མཆོད་རྟེན་ཞིག་ཡིན་ཞིང་། མཆོད་རྟེན་གྱི་མཐོ་ཚད་ལ་སྨི6དང་ཞེང་ཚད་ལ་སྨི2ཡོད། རྡོའི་མཆོད་རྟེན་གྱི་གཡོན་ངོས་སུ་སྟོན་སྐུ་ཞིག་བརྐོས་ཡོད་པ་དང་། མཐོ་ཚད་ལ་སྨི1.2དང་ཞེང་ཚད་ལ་སྨི1.8ཡོད། གཡས་ངོས་སུ་སྐུ་བརྙན་ཆུང་ཆུང་ཞིག་བརྐོས་ཡོད། མཆོད་རྟེན་གྱི་བྱང་ངོས་སུ་ད་དུང་བྲག་རི་མཐོན་པོ་ཞིག་ཡོད་པ་དང་། བྲག་ངོས་སུ་བོད་ཡིག་གི་མ་ཎི་ཡི་གེ་དྲུག་མ་དང་མཆོད་རྟེན་ཆུང་ཆུང་། སྟོན་སྐུ་ཆུང་ཆུང་དང་རྒྱ་ཡིག་གིས"མཆོད་རྟེན་ས་སྟག་ལོར་བཞེངས"ཞེས་པ་སོགས་ཀྱི་ཡི་གེ་འདུག བྲག་ངོས་སུ་བརྐོས་པའི་སྐུ་བརྙན་དེ་དག་ནང་ས་ཁུལ་དེའི་བོད་རིགས་རིམ་བྱུང་གི་དད་མོས་ཀྱི་འགྱུར་མེད་དང་དད་སེམས་མཚོན་ཡོད། བྲག་ཕུག་ནི་རི་བོའི་འགྲམ་དུ་གནས་པ་དང་། གནའ་བོའི་བབ་ཆགས་དང་རང་བྱུང་གི་རྣམ་པར་ཡོད་པས། མི་རིགས་རིག་གནས་ཀྱི་ནང་དོན་ཐུན་མོང་མ་ཡིན་པ་ལྡན་ལ། ལོ་རྒྱུས་ཡུན་རིང་ལྡན་ཡོད། གངས་ལུང་ལུང་ཤུར་གྱི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་། ཆུ་བོ་དྭངས་ཤིང་གཙང་བ། རི་སྐྱེས་མེ་ཏོག་གིས་ཁེངས་ཤིང་ཡུལ་ལྗོངས་ཡིད་དུ་འོང་བ་བཅས་ཡིན་པས། དེ་ནི་མཛེས་སྡུག་ལྡན་པའི་རང་བྱུང་གི་སྐྱེད་མོས་ཚལ་ཞིག་ཡིན་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注