སྒྲོལ་མའི་འབུམ་ཁང་། 【རྐང་ཚ།】


1980ལོའི་ཟླ10པའི་ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་དབང་ཕྱུག་གི་ཕེབས་རོགས་འོག་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ནས་རྐང་ཚ་ལ་ཕེབས། པཎ་ཆེན་མཆོག་རྐང་ཚར་བཞུགས་སྐབས། མཚོ་འཁྱིལ་དང་དཔལ་དགེ་རྩྭ་ཐང་ནས་དཀྱིལ་འཁོར་གྱི་ཞལ་ཕྱེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་། རྐང་ཚ་དང་མཚོ་མཐའི་རིགས་སོ་སོའི་མང་ཚོགས་ཁྲི་ཕྲག་ལ་མཇལ་ཁ་གནང་།

སྒྲོལ་མའི་འབུམ་ཁང་ནི་གཉན་ཆེན་ཞལ་དཀར་གྱི་འདབས་སུ་བཞེངས་ཡོད་ལ། སྒྲོལ་མའི་སཱཙྪ་དུང་ཕྱུར་བཅོ་ལྔ་བླུགས་པའི་འབུམ་ཁང་ཆེན་པོ་ཞིག་ཡིན། རྐང་ཚ་རྫོང་གསེར་རྡེའུ་དགོན་པའི་གྲྭ་རྒན་འོད་ཟེར་རྒྱ་མཚོས་མགོ་བཟུང་སྟེ། དགོན་གོང་མ་སྡེ་བའི་སྡེ་མི་དང་མཉམ་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མཚོ་སྔོན་པོ་ས་ཁུལ་དུ་གཟིགས་ཞིབ་གནང་བར་ཕེབས་དུས་ཀྱི་ཐུགས་དགོངས་བཞིན། 1982ལོ་ནས་སྒྲོལ་མའི་སཱཙྪ་དུང་ཕྱུར་བཅོ་ལྔ་དཔར་བའི་མགོ་བརྩམས། ལོ་ངོ14ཡི་རིང་ལ་དཔར་མཐར1996ལོར་ཡོངས་སུ་གྲུབ་ཅིང་། ཀྲུང་ཧྭའི་བུ་རབས་དུང་ཕྱུར15ཡི་བདེ་སྐྱིད་རྟག་བརྟན་ཡོང་བའི་སྨོན་ལམ་དུ་བཞེངས་པ་རེད།

སྒྲོལ་མ་ནི་བོད་བརྒྱུད་ནང་བསྟན་གྱི་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་ལྷ་ཡིན། སྒྲོལ་མའི་འབུམ་ཁང་བཞེངས་པ་ནི་འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་བའི་ནང་བསྟན་གྱི་དགོངས་པ་དང་མཐུན་ལ། པཎ་ཆེན་བཅུ་པ་མཆོག་གི་མི་རིགས་མཐུན་སྒྲིལ་དང་རྒྱས་གཅེས་ཆོས་གཅེས་ཀྱི་དགོངས་པ་རྒྱུན་འཛིན་དར་སྤེལ་བཏང་བའང་ཡིན།

པཎ་ཆེན་མཆོག་ནི་རང་རྒྱལ་གྱི་རྒྱལ་གཅེས་རིང་ལུགས་པ་རླབས་ཆེན་དང་མིང་དུ་གྲགས་པའི་རྒྱལ་དོན་དོན་གཉེར་བ། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ། ཀྲུང་གོ་བོད་བརྒྱུད་ནང་བསྟན་གྱི་རྨད་དུ་བྱུང་བའི་གཙོ་འཛིན་བཅས་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བ། རང་ཉིད་ཀྱི་མི་རིགས་དང་རང་ཉིད་ཀྱི་དད་མོས་ལ་དགའ་ཞེན་ཆེ་བ་ནི་པཎ་ཆེན་མཆོག་གི་མི་ཚེ་གང་པོའི་བསམ་འདུན་ཡིན། པཎ་ཆེན་མཆོག་གིས་ཉིན་མཚན་རྟག་པར་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་རྒྱབ་སྐྱོར་དང་། རྒྱལ་གཅེས་རིང་ལུགས་ཀྱི་ལངས་ཕྱོགས་བརྟན་སྲུང་གིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བར་བསུབ་ཏུ་མེད་པའི་ཕྱག་རྗེས་བཞག་ཡོད་པས། ཁ་མིན་དོན་གྱི་ཐོག་ནས་ཏང་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། བློ་མཐུན་ཏེང་ཞའོ་ཕིང་གིས་ཁོང་ནི“རང་རེའི་རྒྱལ་ཁབ་ཀྱི་རྒྱལ་གཅེས་པ་དང་རྒྱལ་ཁབ་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་མཁན་བཟང་ཤོས་ཡིན”ཞེས་བསྟོད་བསྔགས་མཛད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号