ཆོས་དབྱིངས་སྐྱིད།

   1990ལོའི་ཟླ11པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་སྐྱེས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀྲུང་གོའི་འདུར་རྒྱུག་ལུས་རྩལ་པ་ཞིག་ཡིན། མཚོ་སྔོན་དགེ་འོས་སློབ་ཆེན་ལུས་རྩལ་སློབ་གླིང་ལུས་རྩལ་སློབ་གསོའི་ཆེད་ལས་ནས་སློབ་མཐར་ཕྱིན། མཚོ་སྔོན་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ། མཚོ་སྔོན་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན། ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ(གསེར་གྱི་རྟགས་མ)ཐོབ་པའི་བོད་རིགས་ལུས་རྩལ་པ་ཐོག་མ་དེ་ཡིན།


   སྤྱི་ལོ2009ལོའི་ཟླ3པར། ཧྲའན་ཞི་པའོ་ཅི་ནས་འཚོགས་པའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་བསྡུར་ཆེན་མོའི་འགྲན་བསྡུར་སྟེང་། ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ35དང་སྐར་ཆ54ཡི་སྐར་འབྲས་བླངས་ནས་སྐྱེས་མའི་ཚན་ཆུང་གི་སྤྱི་ལེ20ཡི་འགྲན་སྐོར་ཁྲོད་ཨང་བཞི་པ་བླངས། སྤྱི་ལོ2010ལོའི་ཟླ3པར། ཨན་ཧུའེ་ཧོང་ཧྲན་དུ་གཉེར་བའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་བསྡུར་ཆེན་མོ་དང་འཛམ་གླིང་བུམ་པའི་འགྲན་བསྡུར་ཐོག་ཆོས་དབྱིངས་སྐྱིད་ལ་སྐྱེས་མའི་ཚན་ཆུང་གི་སྤྱི་ལེ20ཡི་ཨང་ལྔ་པ་ཐོབ། ཟླ6པར་ཆོས་དབྱིངས་སྐྱིད་རྒྱལ་ཁབ་ཀྱི་འགྲོས་འགྲན་རུ་ཁག་གི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཏུ་བདམས། ཟླ9བར། པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་བསྡུར་སྟེང་། ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ30དང་སྐར་ཆ33གྱི་སྐར་འབྲས་བླངས་ནས་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་ཚན་ཆུང་གི་ཨང་དང་པོ་བླངས་པ་མ་ཟད། རྒྱལ་ཁབ་རིམ་པའི་ལུས་རྩལ་བའི་ཚད་གཞིར་བསླེབས་ཡོད། སྤྱི་ལོ2011ལོའི་ཟླ4པར། ཐའེ་ཚང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་འགྲན་སློང་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་གསེར་གྱི་རྟགས་མའི་འདུར་རྒྱུག་འགྲན་སྡུར་སྟེང་། ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ28དང་སྐར་ཆ04ཡི་སྐར་འབྲས་ལས་སྐྱེས་མའི་ཚན་ཆུང་གི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་ཨང་གཉིས་པ་བླངས། སྤྱི་ལོ2012ལོའི་ཟླ8པའི་ཚེས12ཉིན། སྐབས30བའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ25དང་སྐར་ཆ16གི་སྐར་འབྲས་ལས་སྐྱེས་མའི་སྤྱི་ལེ་20ཡི་ཟངས་ཀྱི་རྟགས་མ་ཐོབ་པ་མ་ཟད། ཨེ་ཤ་ཡའི་ཟིན་ཐོ་གསར་བ་བསྐྲུན། སྤྱི་ལོ2016ལོའི་ཟླ3པའི་ཚེས26ཉིན། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ་མཁན་ཁཱ་ཉི་ཧྲི་ཅིན་ནཱ་ཡི་དངུལ་གྱི་རྟགས་མ་ཕྱིར་བླངས་ཤིང་། ཆོས་དབྱིངས་སྐྱིད་ལ་དངུལ་གྱི་རྟགས་མ་ཐོབ། སྤྱི་ལོ2017ལོའི་ཟླ9བའི་ཚེས3ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཐེན་ཅིན་ནན་ཁའེ་ཆུས་ཧྲུའེ་ཧྲང་སྤྱི་གླིང་ཤར་ལམ་དུ་འཚོགས་པ་དང་། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་དངུལ་གྱི་རྟགས་མ་ཐོབ་མཁན་མཚོ་སྔོན་གྱི་ཆོས་དབྱིངས་སྐྱིད་ལ་ཆུ་ཚོད1དང་སྐར་མ28སྐར་འབྲས་ལས་ཨང་གཉིས་པ་ཐོབ། སྤྱི་ལོ2021ལོའི་ཟླ7པའི་ཚེས14ཉིན། ཆོས་དབྱིངས་སྐྱིད་སྤྱི་ལོ2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་འགྲོ་རྩལ་རྣམ་གྲངས་ཀྱི་ལུས་རྩལ་པའི་མིང་ཐོར་བདམས། སྤྱི་ལོ2021ལོའི་ཟླ8པའི་ཚེས6ཉིན། སྤྱི་ལོ2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། 1:31:04ཡི་སྐར་འབྲས་ལས་ཨང་བདུན་པ་ཐོབ། སྤྱི་ལོ2022ལོའི་ཟླ3པར། སྤྱི་ལོ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ཡེ་ལེན་ནཱ·ལ་ཧྲི་མ་ནུའོ་ཝའི་གྲུབ་འབྲས་མེད་པར་བཟོས་ཤིང་། དེ་ལས་ཆོས་དབྱིངས་སྐྱིད་ལ་རྣམ་གྲངས་དེའི་གསེར་གྱི་རྟགས་མ་ཐོབ་པ་མཚོན་ལ། ཀྲུང་གོའི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་དང་། ལིའུ་ཧུང་། ལུའེ་ཞིའུ་ཀྲི་བཅས་ཀྱིས་སོ་སོར་རྣམ་གྲངས་དེའི་གསེར་དང་། དངུལ། ཟངས་བཅས་ཀྱི་རྟགས་མ་བླངས་པ་མཚོན་ཡོད། ཡོ་རོབ་ཀྱི་ས་གནས་དེ་གའི་དུས་ཚོད་སྤྱི་ལོ2022ལོའི་ཟླ5པའི་ཚེས28ཉིན། ཀྲུང་གོའི་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ཆོས་དབྱིབས་སྐྱིད་ཀྱིས་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འདུར་རྒྱུག་འགྲན་བསྡུར་སྐོར་སྐྱོད་འགྲན་བསྡུར་ལས་སི་ཕེན་གྱི་ལ་ཁོ་ལུའུ་ཉི་ཡ་ས་ཚིགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད། ཆུ་ཚོད1དང་སྐར་མ27དང་སྐར་ཆ50ཡི་གྲུབ་འབྲས་ལས་གསེར་གྱི་རྟགས་མ་བླངས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号