གྲགས་པ་ནི་སྤྱི་ལོ 1945ལོའི་ཟླ7པའི་ནང་མདའ་བཞིའི་དཔོན་སྐོར་ཚོ་བ་ནས་འཁྲུངས། ཆུང་དུས་ནས་བཟུང་བློ་རིག་བཀྲ་ཞིང་ཡ་རབས་ཚུལ་ལྡན་གྱི་ལས་ལ་འཇུག་པའི་བྱིས་པ་ཡ་རབས་ཤིག་ཡིན། ཁོ་རང་ལོ་བཅུ་བཞི་སྟེ་སྤྱི་ལོ 1958-1965བར་སྟོང་འཁོར་ཕྱུགས་ལས་སློབ་གྲྭ་ནས་བསླབ་གཉེར་བྱས་ཤིང་སྤྱི་ལོ 1965ལོར་སློབ་མཐར་ཕྱིན་རྗེས་རྐང་ཚ་རྫོང་ཕྱུགས་སྨན་ས་ཚིགས་ལ་ལས་བགོས་བྱས་ཏེ1980ལོའི་བར་བྱ་བ་སྒྲུབ་ཞོར་དུ་འགོ་གཙོ་གཞོན་པའི་འགན་ཡང་བཞེས། 1981ལོར་མདའ་བཞི་རྫོང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར། སྤྱི་ལོ1981ལོའི་ཟླ7པ་ནས1986ལོའི་ཟླ5བའི་བར་མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་བཞེས་ཤིང་ཏང་དང་རྒྱལ་ཁབ་མི་དམངས་དང་མིམརིགས་སོ་སོར་ཕན་པའིམ་འགྲོ་དོན་རྒྱ་ཆེན་མཛད།1986ལོར་མཚོ་སྔོན་ཞིང་ཆེན་ཞིང་རོང་འབྲོག་ས་ཁུལ་འཆར་ཨུ་ཚོགས་པའི་ཚན་རྩལ་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།1989ལོ་དང1990ལོ་གཉིས་ལ་སྔ་ཕྱིར་མཚོ་བྱང་ཁུལ་དང་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་། གསེར་གླང་རྟགས་མའི་བྱ་དགའ་གནང་བ་དང་ཆབས་ཅིག་ཞིང་ཆེན་རིམ་པའི་མཚན་སྙན་ལྡན་པའི་དེབ་ཐོའི་ནང་མཚན་བྱང་བཀོད། 1991ལོར་མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས་པ་དང་། ཁོང་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱང་ཁོའི་ལྷག་བསམ་རྣམ་དག་གི་སེམས་རྒྱུད་བཟང་པོ་དང་ལྷད་མེད་དུང་སེམས་ཀྱི་དྲོད་ཁོལ་ཟབ་མོ་དེ་ནམ་ཡང་ཡལ་བ་མེད་པར་ཕྱི་རབས་ཀྱི་རྐང་འཛིན་བྱིས་པ་རྣམས་ལ་དམིགས་ནས། སྐད་ཡིག་བསླབ་དེབ་གསར་བ་དང་ངོས་འཛིན་ཐབས་གསར་བ་སྟེ་ཐོག་མར་དབྱངས་གསལ་ནས་མགོ་འདོགས་རྗེས་གསུམ་སོགས་ཀྱི་སྦྱོར་ཚུལ་དང་ཁྲིད་སྟངས་གསར་བའི་བསླབ་གཞི་རབ་དང་རིམ་པ་བསྒྲིགས་ནས་རྒྱ་ཆེའི་ཀློག་པ་པོ་དང་སློབ་བུ་རྣམས་ལ་གནང་བ་འདི་དག་དང་། ཁོང་གིས་ལོ་འགར་བརྩམས་གནང་མཛད་པའི《ང་ཡི་མཐོང་ཐོས》ཞེས་པའི་མདའ་བཞིའི་ལོ་རྒྱུས་དེབ་ཆུང་དེ་སྤྱི་ལོ2013ལོར་པར་སྐྲུན་བྱས་ཤིང་། ལོ་དེར་ཁོང་ཡང་སྐུ་གཤེགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号