མཚོ་བྱང་ཁུལ་གྱིས་ཆོས་དབྱིངས་སྐྱིད་དང་བསོད་ནམས་ཚེ་རིང་གཉིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་དྲིལ་སྒྲོག་ཕོ་ཉར་གདན་ཞུ་བྱས།

ཟླ3པའི་ཚེས20ཉིན། ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པ་དང་མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་ཕོ་ཉ་གདན་ཞུའི་མཛད་སྒོ་འཚོགས་པ་དང་། ཀྲུང་གོའི་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱངས་སྐྱིད(སྦྱོང་བརྡར་གྱི་དབང་གིས་ཚོགས་འདུར་ཞུགས་མེད)དང་། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཚེ་རིང“མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པའི་ཕོ་ཉ"རུ་གདན་ཞུ་བྱས།

ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་གྱིས་བསོད་ནམས་ཚེ་རིང་ལ“ མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པའི་དྲིལ་སྒྲོག་ཕོ་ཉའི”གདན་ཞུའི་ཡི་གེ་བསྩལ་ཞིང་ཁོ་དང་བཞུགས་མོལ་བརྗེ་རེས་བྱས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། མདའ་བཞི་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས།

མགོན་པོ་ཚེ་བརྟན་གྱིས་མཚོ་བྱང་ནི་གནའ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་གཤིན་ས་ཡིན་ཞིང་། གསར་རྩོམ་གྱི་རྒྱུ་ཆ་གསར་པ་ཤིན་ཏུ་མང་། བསོད་ནམས་ཚེ་རིང་གིས་མཚོ་བྱང་གི་ལོ་རྒྱུས་དང་དངོས་ཡོད་འཚོ་བའི་ཁྲོད་རྩོམ་རིག་གསར་རྩོམ་གྱི་ས་བོན་བསྡུས་ཏེ། མཚོ་བྱང་གི་ལོ་རྒྱུས་དུས་སྐབས་སོ་སོའི་མི་རིགས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དངོས་སྔོག་འདོན་གཏིང་ཟབ་བྱས་ཏེ་མཚོ་བྱང་གི་ཁྱད་ཆོས་དང་མཚོ་བྱང་གི་ཉམས་འགྱུར། མཚོ་བྱང་གི་གཟི་བརྗིད་བཅས་ལྡན་པའི་བརྩམས་ཆོས་མུ་མཐུད་དུ་གསར་རྩོམ་བྱེད་པ་དང་། མཚོ་བྱང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པའི་སློབ་གསོའི་ལག་ལེན་སྤུས་ཚད་མཐོན་པོའི་སྒོ་ནས་སྤེལ་བར་རམ་འདེགས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཞིས་ཁྱིམ་བསྐྲུན་པ་དང་། མཚོ་བྱང་གི་རིགས་སོ་སོའི་མི་དམངས་སྔར་ལས་ལྷག་པའི་སྒོ་ནས་མཉམ་འདྲེས་ཡོང་བར་སྐུལ་འདེད་དང་སྟོབས་ཤུགས་འབུལ་བའི་རེ་བ་ཡོདཔར་བསྟན།

བསོད་ནམས་ཚེ་རིང་གིས་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་ནས་ལས་འགན་ལྕི་མོ་འཁུར་པ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྩོམ་ཡིག་དང་དཔེ་དེབ་གསར་རྩོམ་སོགས་ཀྱི་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོ་བྱང་གི་མཚན་སྙན་བརྒྱུད་སྒྲོག་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དབུལ་འོས་པའི་ལེགས་སྐྱེས་དབུལ་རྒྱུ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号