རྒྱ་ཆེ་བའི་རིག་གནས་ཀྱི་གསོལ་སྟོན་ཞིག

——མདོ་ལ་ཨ་རིག་ཡུལ་གྱི་གླུ་ཤགས།

གླུ་ཤགས་ཞེས་པ་ནི་ཨ་མདོ་བོད་ཁུལ་དུ་རྒྱ་ཆེར་དར་བའི་དམངས་གླུའི་སྒྱུ་རྩལ་རྣམ་པ་ཞིག་ཡིན། ཨ་རིག་གླུ་ཤགས་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་ཨ་རིག་ས་ཁུལ་དུ་དར་བའི་གླུ་ཤགས་ལ་བྱ།

图片

མདོ་ལ་རྫོང་གི་མངའ་ཁོངས་སུ་གནས་པའི་ཨ་རིག་བོད་རིགས་ནི་དང་པོ་མདོ་དབུས་མཐོ་སྒང་གི་ཨ་མདོ་ཡུལ་གྱི་ཚོ་བ་ཆེན་པོ་དྲུག་གི་ཡ་གྱལ་ཨ་རིག་ཚོ་བར་གཏོགས་ཤིང་། 1720ལོར་མཚོ་སྔོན་མགོ་ལོག་བོད་ཁུལ་ནས་མདོ་ལ་རི་རྒྱུད་དུ་གནས་སྤོར་བ་སྟེ། ད་བར་དུ་ལོ་ངོ270ཡི་ལོ་རྒྱུས་ལྡན།

 མདོ་ལའི་ཨ་རིག་གླུ་ཤགས་ནི་ལོ་རྒྱུས་གྱི་ཡུན་རིང་བའི་བོད་རིགས་དམངས་ཁྲོད་ཀྱི་གླུ་ཞིག་སྟེ། མེས་པོ་གོང་མ་རྣམས་ཀྱིས་ཡུན་རིང་བའི་ཐོན་སྐྱེད་ངལ་རྩོལ་ཁྲོད་གསར་གཏོད་མཛད་པའི་དམངས་ཁྲོད་ཀྱི་སྙན་ངག་ཡིན་ལ། དེས་གཙོ་བོ་གླུ་བ་ཕན་ཚུན་ལ་བསམ་བློ་བརྗེ་རེས་དང་འདོད་དོན་མཚོན་པ་དང་། བློ་གྲོས་ཀྱི་རྩལ་དང་ཤེས་རབ་ཀྱི་ནུས་པ་འགྲན་ཞིང་། འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་བགྲོ་གླེང་བྱ་བའི་སྤྲོ་སྐྱིད་ལྡན་པའི་འཁྲབ་སྟོན་རྣམ་པ་ཞིག་ཡིན། དེའི་དབྱངས་ཀྱི་འགྱུར་ཁུག་ནི་སྤྱིར་བཏང་བའི་གླུ་དང་འདྲ་ལ། ངག་ལ་འགུག་སྟངས་དང་དབྱངས་ཀྱི་འདེགས་འཇོག་བཅས་ལ་རང་དབང་ཅུང་ཆེ་བས། གང་ལ་ཅི་བདེ་དེ་ལ་དེར་བསྟུན་བྱ་བའི་རྩྭ་ཐང་གི་དམངས་གླུའི་བྲོ་བ་དང་ཁྱད་ཆོས་བླ་ལྷག་ཏུ་ལྡན།

 ཨ་རིག་གླུ་ཤགས་ཀྱི་ནང་དོན་གཙོ་བོ་ནི། རང་བྱུང་ཁམས་ཆེན་མོ་དང་རྟ་ནོར་ལུག་གསུམ་བཅས་ལ་བསྟོད་བསྔགས་འབུལ་བ་དང་།

图片

དཔའ་བོའི་མཛད་རྗེས་བརྗོད་པ། མི་རིགས་ཀྱི་གོམས་སྲོལ་གླུ་རུ་ལེན་པ། གཞན་ད་དུང་ཕན་ཚུན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཉི་ཟླ་སྐར་གསུམ་དང་ས་ཡི་ཆགས་རིམ། མི་ཆོས་ཀུན་སྤྱོད། གནའ་བོའི་གཏམ་རྒྱུད་སོགས་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན། གླུ་ཤགས་ནི་གཙོ་བོ་གཉེན་སྒྲིག་གི་ཆོ་ག་དང་ལོ་སར་སོགས་དུས་ཆེན་སྐབས་སུ་ལེན་པ་དང་། ཕན་ཚུན་ལ་དྲི་བ་དྲིས་ལན་ཚུལ་དུ་གནས་སྐབས་ཀྱི་བརྗོད་བྱ་ལྟར་ལེན་ལ། ཨ་རིག་གླུ་ཤགས་ཀྱི་འགྲོ་རིམ་དང་ཆོས་ཉིད་ལྟར་ཕན་ཚུན་ལ་ལེན་པ་ཡིན། གླུ་ཤགས་ལེན་དུས་གཙོ་བོ་གཤམ་གྱི་གོ་རིམ་བཞིན་ལེན་པ་སྟེ། ཐོག་མར་རང་གི་ཡབ་མེས་གོང་མ་རྣམས་ལ་བསྔགས་པ་མཛད་པའི་བསྟོད་གླུ་ལེན་ལ། དེ་ནས་འཇིག་རྟེན་བྱ་དངོས་སོགས་ཀྱི་གྲུབ་རིམ་དང་ཆགས་སྟངས། རིམ་བཞིན་ད་གཟོད་བློ་རིག་འགྲན་པའི་གླུ་ཤགས་ལེན་པ་ཡིན། དེའི་འཕྲོར་གབ་ཚིག་དང་གཞུང་ལུགས་སོགས་ལ་སྦྱར་བའི་གླུ་སྲིད་པ་ལེན་ཞིང་། མཇུག་མཐར་ཕན་ཚུན་ལ་བཀྲ་ཤིས་བརྗོད་པའི་བཀྲ་ཤིས་འཇོག་པ་ཡིན།

གླུ་ཚིག་གི་ནང་དོན་ནི་གནས་སྐབས་ཀྱི་བརྗོད་བྱ་ལྟར་སྐབས་བསྟུན་དུ་བཟོ་བཅོས་བྱ་བ་དང་། ཨ་རིག་ས་ཁུལ་གྱི་གླུ་ཤགས་ལ་ཆེད་དུ་ལྡན་པའི་སྒྱུ་རྩལ་ཉམས་འགྱུར་བླ་ལྷག་ཏུ་མངོན་ནོ།།

图片

མདོ་ལའི་ཨ་རིག་གླུ་ཤགས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚ་རླབས་དང་དེང་རབས་རོལ་ཆས་ཀྱི་རྡེབ་གསིག་ཁྲོད་དུ་སྔར་བཞིན་མི་རིགས་རང་གི་འགྱུར་ཁུགས་དེ་རྒྱུན་འཛིན་བྱས་ཡོད་ཅིང་། དགའ་སྟོན་དང་གཉེན་སྒྲིག་སོགས་དུས་ཆེན་གྱི་སྐབས་སུ་ངེས་པར་ལེན་དགོས་པའི་འཁྲབ་སྟོན་རྣམ་པ་གལ་ཆེན་ཞིག་ཡིན།

ཨ་རིག་ས་ཆའི་གླུ་ཤགས་ནི་ས་ཁུལ་གཞན་གྱི་གླུ་ཤགས་དང་མི་འདྲ་སྟེ། དེས་ཡུན་རིང་བའི་འཕེལ་རིམ་ལོ་རྒྱུས་ཁྲོད་དུ་སྔར་ཡོད་ཀྱི་སྒྱུ་རྩལ་ཉམས་འགྱུར་དང་ནང་དོན་རྣམ་པ་སོགས་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་། ས་གནས་ཁོར་ཡུག་དང་རིག་གནས་ཁྱད་ཆོས་མི་འདྲ་བ་དང་མཉམ་འདྲེས་བྱུང་ཡོད་པར་མ་ཟད། དུས་རབས་ཀྱི་རྒྱུ་ཆ་གསར་བའི་ཤན་ཞུགས་ཀྱང་ཐེབས་ཡོད་པས། ནང་དོན་དང་ལེན་སྟངས་སོགས་གང་གི་ཆ་ལའང་རང་གི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་ལྡན་ཞིང་། རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒྱུ་རྩལ་རང་བཞིན་དང་མང་ཚོགས་རང་བཞིན། རྒྱུན་འཛིན་རང་བཞིན་བཅས་མཆིས་ལ། བོད་ཀྱི་སྒྱུ་རྩལ་རིག་པ་དང་རིག་གནས་མིའི་རིགས་རིག་པ། མི་རིགས་ཆོས་ལུགས་རིག་པ་བཅས་ཀྱི་ཐད་ལ་ཞིབ་འཇུག་བྱ་བར་རིན་ཐང་ཧ་ཅང་མཐོན་པོར་ལྡན་ནོ།།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号