ཐེ་གེའི་སྐོར་རགས་ཙམ་གླེང་བ།

རྡོ་ཡི་རུས་པའི་སྒམ་ཆུང་སྟེང་། རྟེན་འབྲེལ་རྟ་བོ་མིང་དྲུག་ཅན།  ཤིང་གྲུ་བཞིའི་སྒམ་ཆུང་ཐོག་ན།  རྟགས་ཀྱི་རྟེན་འབྲེལ་མིང་དྲུག་ཡོད་ཞེས་པའི་གབ་ཚིག་འདི་དག་ལས་བོད་ཁུལ་དུ་ཐེ་གེ་ལ་རིན་ཐང་མངའ་བ་དང་གཞན་ཐེ་གེའི་དབྱིབས་དང་ཚུགས་ཀ་མིང་གི་འདོགས་སྟངས་སོགས་གསལ་བོར་བརྗོད་ཡོད་ལ་དམངས་ཁྲོད་དུ་དར་ཁྱབ་ཆེ་བ་མཚོན།

图片

མིང་འདོགས་སྟངས་སྟེ་སྔོན་རྗེས་དང་གཡས་གཡོན། མདུན་རྒྱབ་ཀྱི་ངོས་མི་འདྲ་བའི་ཆ་ནས་གཏན་ཁེལ་གྱི་མིང་རེ་བཏགས་ཡོད། སྔོན་སེང་གེ་དང་རྗེས་ཁྱི། གཡོན་རྟ་དང་གཡས་མཛོ། རྒྱབ་ར་མ་དང་མདུན་ལུག་བཅས་མིང་དྲུག་ཡོད། བོད་མི་རིགས་འདི་གདོད་མ་ནས་གངས་རི་ལ་དུངས་ཤིང་། གངས་སེང་ལ་དགའ་བའི་མི་རིགས་ཤིག་ཡིན་ཕྱིར་ཐེ་གེ་ཡི་མགོ་སེང་གེ་ཡི་མཚོན་རྟགས་སུ་གྲུབ་ཅིང་ར་མ་ལ་བཀུག་ཚེ་བརྒྱ་ཐམ་པ་ཡིན། ཐེ་གེ་ཡི་མཇུག་ནི་ལོ་ངོ་སྟོང་ཕྲག་དུ་མར་ང་ཚོ་བོད་པ་དང་མཉམ་དུ་གྲང་ངར་རྐུན་ཇག་སོགས་ལ་ལུས་སྲོག་དམར་པོ་འབེན་དུ་འཇོག་མཁན་འབྲོག་པའི་སྒོ་ཁྱི་ཞེས་པ་དེ་ཡིན། ར་མ་ལྔ་བཅུ་ཡིན། ཐེ་གེ་ཡི་ངོས་གཅིག་འགྲོས་གློག་ལྟར་མྱུར་བའི་ཅང་ཤེས་ཏེ། རྟ་མཆོག་རིན་པོ་ཆེ་ཡིན་ཞིང་། དེ་ནི་བཀྲ་ཤིས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ། བཀྲ་ཤིས་གཡང་འཁྱིལ་གྱི་མཚོན་རྟགས་སུ་གྲུབ་བོ།། ར་མ་བཅུ་ཐམ་པ་ཡིན། ཐེ་གེའི་ངོས་གཉིས་པ་ནི་གངས་ཅན་བོད་ཀྱི་ནོར་བུ་སྟེ། རྒྱབ་རྩིད་པ་བླངས་ཏེ་མགོ་སྦྲ་བཟོས། ཞོ་འོ་མ་བླངས་ནས་ལྟོགས་སྐོམ་སེལ་མཁན་ནོར་གནག་ཡིན་ལ། ར་མ་ལྔ་ཡིན། ཐེ་གེའི་སྟེང་ཕྱོགས་ཕྱིར་འབུར་བ་དེ་ནི་གཡང་དཀར་ལུག་སྟེ། རྒྱབ་པགས་པ་བཤུས་ནས་གྱོན་པ་བཟོས། ལུས་ཤ་ཁྲག་ཟོས་ཏེ་ལྟོགས་སྐོམ་སེལ། ར་མ་གསུམ་ཡིན། ཐེ་གེའི་རྒྱབ་རྐོ་ལ་ལྷུང་བ་དེ་ནི་ར་མ་ཡིན་ཏེ། ར་མ་གཉིས་ཡིན་ནོ།།

图片

ཐེ་གེ་ངོས་དྲུག་མ།

རྩེད་སྟངས་ལ་ཐེ་བདུན་ར་མ་སྟོང་བདུན། གཡང་ར་སྒོ་བཞི་སྒྲིག་སྲོལ།  རྟ་སྒྲིག་ནས་གཏོར་སྲོལ།    ཐེ་དྲུག་འཐུ་སྲོལ། ཐེ་གེ་གཅིག་འཕངས་ནས་བསོད་ནམས་ཡོད་མེད་ལ་ལྟ་སྲོལ། དུས་རྒྱུན་འཕེན་པའི་ཐེ་གེ་འཕེན་སྲོལ་འདི་དག་ནི་དམངས་ཁྲོད་ན་དར་ཁྱབ་ཆེ་ཞིང་བོད་ཀྱི་འཚོ་བ་དང་ཁ་ཐག་ཆེས་ཉེ་བའི་བོད་ཀྱི་རྩེད་ཆས་སྐོར་གྱི་རིག་གནས་གྲུབ་ཆ་ཞིག་ཡིན། དེ་ལས་གཞན་པ་རྣམས་རྟ་རྟ་ལ་ཐོད་གཏུག་པ། མཛོ་མཛོ་ལ་ཐོད་གཏུག་པ། ལུག་ལུག་ལ་ཐོད་གཏུག་པ། ར་མ་ར་མར་གཏུག་པ་བཅས་བྱེད་དགོས། ཐོད་གཏུག་ཅེས་པ་ནི་མཐེབ་རིས་ཀྱིས་བརྒྱབ་པ་ལ་གོ་དགོས། དེ་ལའང་སྒྲིག་སྲོལ་ནན་མོ་ཡོད་དེ།  ཐེ་གེ་མང་བོ་ཞིག་གཅིག་གཅིག་ལ་འཕྲད་པའམ་ཁེན་མི་ཆོག འཕྲད་པའམ་ཁེན་ཚེ་ཚང་མ་རུལ་སོང་ཞེས་མི་བརྩི་བ་ཡིན། གལ་ཏེ་རྟས་རྟ་ལ་ཐོད་གཏུག་སྐབས་སྟབས་མ་ལེགས་པར་རྗེས་ཀྱི་ར་མ་དེ་སྒུལ་ན་རྗེས་སྒུལ་བ་ཟེར།  རྟས་རྟ་ལ་ཐོད་གཏུག་སྐབས་སྟབས་མ་ལེགས་པར་ར་མ་དང་འཕྲད་དེ་སྒུལ་ཚེ་ཡང་མི་བརྩི་ལ་དེ་ལ་མགོ་འཆག་པ་ཟེར་བ་ལྟ་བུ་ཐེ་གེ་འཕེན་སྐབས་ཀྱི་སྒྲིག་ལམ་གྱ་ནོམ་པ་ཡོད།  

图片

རྣམ་ཤེས་སྒྲིམ་ནས་ཐེ་གེ་གཏུག་པ།

图片

རྩེད་རའི་ནང་གི་ཐེ་གེ

ལྷག་པར་དུ་ཡུལ་རྐང་ཚའི་འབྲོག་ཕྱོགས་ས་ཆའི་ལ་ལུང་སོ་སོ་ན་བྱིས་པ་མང་བོ་ཕྱོགས་གཅིག་ཏུ་འདུས་ནས་ཐེ་གེ་མང་བོ་སར་འཕངས་ནས་རྩེད་བའི་ཁྱིམ་ཚང་མང་ཤེས་ཡིན་ལ།  འདིའི་འབྲོག་པའི་འཚོ་བ་དག་མ་ཞིག་མཚོན་ལ་ལྷག་པར་ཤ་ལ་རྟེན་ནས་ལོ་རབས་མང་པོ་འགོར་བ་ཡང་ཤེས་ཐུབ། འབྲོག་ཁུལ་དུ་རྒན་དར་གཞོན་གསུམ་ཚང་མར་ཐེ་གེ་རྩེད་ནས་ར་མ་འགེལ་བའི་རྩེད་སྲོལ་ཤུགས་ཆེ་ལ་རྩེད་སྟངས་རིགས་མི་འདྲ་བ་མང་པོ་ཡོད། སྤྲོ་སྣང་འདིའི་ཁྲོད་ནས་རིག་པ་འགྲན་རས་དང་རྩེད་མཚར་བཤད་པ། ཐེ་གེ་འཕེན་རྩལ་སུ་ངར་འགྲན་པ། ད་དུང་ཐེ་གེ་རྩེད་བའི་སྐབས་སུ་ཐེ་གེ་རེ་རེར་མ་ཎི་ཚར་གཅིག་འདོན་པ་དང་། དེའི་སྟེང་དུ་ཕུ་བཏབ་སྟེ་ཤ་ཁྲག་ཟོས་པ་ལ་འགྱོད་བཤགས་དང་ལྟུང་གཤགས་ཀྱི་སེམས་ཤུགས་རྒྱ་ཆེན་པོ་ཡོད། སྤྱིར་བོད་ཁུལ་དུ་ཐེ་གེ་རྩེད་བ་ནི་འབྲོག་ཕྱོགས་ཀྱི་རྩེད་ཆས་ཁོ་ན་ཙམ་མ་ཡིན་པར་རིགས་ཀྱི་རིག་སྟོབས་འཕེལ་བྱེད་དང་བྱིས་པའི་འཚར་ལོངས་ཁྲོད་ཀྱི་སློབ་གསོའི་ལག་ཆ།  གཞན་ཁེད་དང་གབ་ཚིག ཁ་མཚར་སོགས་ཕན་ཚུན་རིག་གནས་རྒྱུས་ལོན་དང་དཔྱོད་ཤེས་ཀྱི་སྙིང་སྟོབས་འཚོལ་བྱེད་ཀྱི་ལག་ཆ་གལ་ཆེན་དུ་རྩིས་ཆོག

ཡོང་ཁུངས། རྐང་ཚ་རྫོང་གསར་འགྱུར་ལྟེ་གནས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号