2025ལོའི་མཚོ་བྱང་ཁུལ་གྱི་སྲིད་གཞུང་བྱ་བའི་སྙན་ཞུ། (ཆ་ཚང)

2025ལོའི་ཟླ1ཚེས24ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཁུལ་དཔོན། 

ཀྲང་ཧྲིང་ཡོན།

འཐུས་མི་རྣམ་པ།

ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་བ་དང་། སྲིད་གྲོས་ཨུ་ཡོན་དང་ཚོགས་འདུར་ཟུར་ཞུགས་བྱེད་མཁན་བློ་མཐུན་རྣམ་པས་བསམ་འཆར་འདོན་རོགས་ཞུ།

2024ལོའི་ལས་དོན་ལ་ཕྱིར་དྲན།

ལོ་གཅིག་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར། ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཁུལ་ཨུའི་མགོ་ཁྲིད་སྲ་བརྟན་དང་། ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་བཅས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག  “243”འཕེལ་རྒྱས་བཀོད་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”གྱི་དམིགས་འབེན་འཛུགས་སྐྲུན་ལ་དམིགས་ནས། སྤྱོད་ལམ་སྒྱུར་བ་དང་དོན་འཁྱོལ་དམ་འཛིན། དཔའ་ངར་ཆེན་པོས་འགན་ཁུར་བ། དངོས་སྒྲུབ་ནན་ཏན་བཅས་བྱས་པ་དང་། བརྟན་ཐོག་ཡར་འཕེལ་དང་འཕེལ་ཐོག་བརྟན་བརླིང་ཡོང་བ། ནན་ཏན་བབ་བསྟུན་དང་ཕྱོགས་བསྡུས་ཇུས་འདོན་བཅས་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་ཤིང་། དཀའ་ངལ་གདོང་གིས་བསུས་ཏེ་འགྲུབ་དཀའ་བའི་གྲུབ་འབྲས་ཤིག་བླངས་ཡོད། སྔོན་དཔག་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར5.1%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད7.5%འཕར་ཡོད་ལ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར2.3%འཕར་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ5.8%འཕར་ཡོད་ཅིང་། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ7.6%འཕར་ཡོད། མཁར་གྲོང་གི་ཐོ་འགོད་ལས་ཀ་ཤོར་ཚད1.84%ཡིན་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད0.5%ཡིན།

ལོ་འདིར། ང་ཚོས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས། ནུས་ཤུགས་གཅིག་སྡུད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཅིང་། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་མུ་མཐུད་དུ་ཇེ་མཐུག་ཏུ་བཏང་ཡོད།

གཅིག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ཡོད། སྐྱེ་ཁམས་སྔོན་ཐོབ་འཐབ་ཇུས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྐྱེ་ཁམས་ཚན་སྤེལ་རྟེན་གཞི8དང་རང་བྱུང་སྲུང་སྐྱོང་ཁུལ17དང་། རང་བྱུང་སློབ་གྲྭ18དང་། སྐྱེ་ཁམས་བདག་སྲུང་ས་ཚིགས29བཅས་ཀྱི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱས་ཤིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་སྤེལ་ཁང་རྒྱལ་ཡོངས་ཀྱི“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”ལག་ལེན་སློབ་ཁྲིད་རྟེན་གཞིར་བདམས་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་ལ་ཆོག་མཆན་ཐོབ་པ་དང་། “ཁུལ་གསུམ་དང་ཐིག་གསུམ”དབྱེ་འབྱེད་བྱས་པའི་གྲུབ་འབྲས་སྤྱོད་མགོ་བརྩམས། ཁུལ་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད“རི་མོ་གཅིག”ལག་བསྟར་ལྟ་སྐུལ་ཆ་འཕྲིན་མ་ལག་བསྐྲུན་ཡོད་ལ། སྡེ་བ105ཡི་འཆར་འགོད་ལག་བསྟར་བྱེད་པར་ཆོག་མཆན་ཐོབ་ཡོད། རེས་སྐོར་སྔོན་མ་གཉིས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་བཏོན་པའི་གནད་དོན་ཚང་མ་མེད་པར་བཟོས་པ་དང་། རེས་སྐོར་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་བཏོན་པའི་གནད་དོན་གྱི་ལོ་འཁོར་གྱི་བཅོས་སྒྲིག་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད། རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ཀྱི“ལུས་བཤེར”བཅོས་སྒྲིག་དོན་ཚན83ལེགས་གྲུབ་བྱུང་བ་དང་། སྐྱེ་ཁམས་གནོད་འཚེའི་སྐྱིན་ཚབ་ཐེངས6ལ་གྲོས་མོལ་ལེགས་གྲུབ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་ཉིན་མོའི་གཞི་རིམ་སྲུང་སྐྱོང་དོ་དམ་སྒྲིག་གཞིའི་ནུས་པ་འཛུགས་སྐྲུན་དང་སྐྱེ་ཁམས་སྐོར་སྲུང་པའི་སྐོར་སྲུང་རྩལ་ནུས་འགྲན་བསྡུར་བདེ་བླག་ངང་སྒྲུབ་གཉེར་བྱས་ཡོད། རྩྭ་ས་མུའུ་ཁྲི2765དང་ནགས་ས་མུའུ་ཁྲི793གྱི་སྐྱེ་ཁམས་བདག་སྲུང་བྱེད་ཚད100%ཡིན།

གཉིས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མ་ལག་ལ་སྐུལ་འདེད་བཏང་ཡོད། ཙོང་ཆུ་དང་མུ་རི་ཆུ། བར་དམ་ཆུ། ཧྲི་དབྱང་ཆུ། མཚོ་སྔོན་པོ་བཅས་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་སྔར་ལས་ཏན་ཏིག་བཏང་བ་དང་། རང་ཁུལ་གྱི་ཆུ་མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བའི་ལས་དོན་དེ་ཆུ་བེད་པུའི་དཔེ་མཚོན་དུ་བདམས་ཡོད། མ་དངུལ་སྒོར་དུང་ཕྱུར4.23བཏང་བའི་ཙོང་ཆུའི་རི་ཆུ་ནགས་ཞིང་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལས་གཞི་དང་། མ་དངུལ་སྒོར་དུང་ཕྱུར3.47བཏང་བའི་ཤྭ་ཐང་ཆུ་མཛོད་ལས་གཞི། མ་དངུལ་སྒོར་དུང་ཕྱུར2.07བཏང་བའི་མུ་རི་ཆུ་བོའི་ཆུ་ལམ་བཅོས་སྐྱོང་ལས་གཞི། མ་དངུལ་སྒོར་ཁྲི7084བཏང་བའི“བྱང་གསུམ”དུས་རིམ་དྲུག་པའི་ལས་གཞི་བཅས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི་50དང་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་མུའུ་ཁྲི39.9དང་། བྱེ་འགྱུར་ས་ཞིང་བཅོས་སྐྱོང་མུའུ་ཁྲི་8.25དང་། གནོད་ལྡན་སྐྱེ་དངོས་འགོག་བཅོས་མུའུ་ཁྲི4.31བཅས་གསར་དུ་བསྣན་ཏེ། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཚད69.71%ལ་སླེབས་ཡོད། ས་རྒྱུའི་ཁོར་ཡུག་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་བྱས་པས་ས་རྒྱུའི་ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཚབས་ཆེན་བྱུང་མེད། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95.3%ཡིན་ལ། སྦགས་བཙོག་ཚབས་ཆེན་དང་དེའི་ཡན་གྱི་སྦགས་བཙོག་གནམ་གཤིས་བྱུང་མེད། 《མཚོ་བྱང་ཁུལ་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 《མཚོ་བྱང་ཁུལ་ཆུ་དྲ་འཆར་འགོད》ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སྔོན་ལ་ཕྱིར་འཐེན་རིགས7དང་བཅོས་སྒྲིག་རིགས33གྱི་ཆུ་གློག་ས་ཚིགས་ཆུང་འབྲིང་བཅོས་སྐྱོང་ལེགས་གྲུབ་བྱུང་བ་དང་། ཆུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ཚད་ལེགས་པོ་རྒྱུན་འཁྱོངས་བྱས་ཡོད་ཅིང་། འབབ་ཡུལ་ཁུལ་གཙོ་བོའི་ཚོད་འཛིན་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཚང་མ་ཆུའི་ཁོར་ཡུག་ནུས་པའི་ཁུལ་གྱི་བླང་བྱ་ལ་སླེབས་ཡོད། གཙོ་གནད་འབབ་ཡུལ་གྱི་མཚམས་ཕྱིར་ཐོན་པའི་ཚོད་འཛིན་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཚང་མ་རིགསⅡཔར་སླེབས་པའམ་ཡང་ན་དེ་ལས་ལེགས་པར་སླེབས་ཡོད། རྫོང་རིམ་པ་དང་དེའི་ཡན་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་འབྱུང་ཁུངས6གི་ཆུའི་སྤུས་ཚད་ཚད་གཞི་ལ་སླེབས་ཚད100%ཡིན། མདའ་བཞིའི་གསེར་མཚོ་དང་རྐང་ཚའི་གཡི་དཀར་འོམ་ལུང་ཆུ་ཞིང་ཆེན་ཡོངས་ཀྱི་བདེ་སྐྱིད་ཆུ་བོ་དང་མཚོ་ཁག་དང་པོར་གྱུར་ཡོད། རྩ་ཆེའི་སྟོངས་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་བླངས་ཡོད་ཅིང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་འདུས་ཚད་དང་དགོ་དམར་གྲངས་འབོར་དེ་ཐོག་མའི་སྲུང་སྐྱོབ་དུས་ལས་སོ་སོར་ལྡབ46དང་ལྡབ11ལྷག་འཕར་ཡོད། མཚོ་བྱང་གི་ས་གཞི་རྒྱ་ཆེན་པོའི་སྟེང་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་སྡུག་ལྡན་པའི་རྣམ་པ་མཐོང་ཐུབ་ཅིང་། ཁུལ་ཡོངས་ཀྱི་ཆུ་མཚོ་དཔོན332དང་། ཆུ་མཚོ་བདག་སྲུང་པ411དང་། ནགས་རྩྭ་དཔོན666དང་། སྐྱེ་ཁམས་བདག་སྲུང་པ4560བཅས་ཀྱིས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱས་ནས། མཚོ་བྱང་གི་རི་སྔོ་ཆུ་དྭངས་དང་གནམ་སྔོ་ས་ལྗང་གི་སྐྱེ་ཁམས་མིང་བྱང་ཐུན་མོང་ཐོག་བསྐྲུན་ཡོད།

ལོ་འདིར། ང་ཚོས་ཐོན་ལས་ཀྱི“གནས་བཞི”སྐྲུན་རྒྱུར་དམིགས་ཏེ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཞིང་། ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤོར་མུ་མཐུད་དུ་མགྱོགས་སུ་བཏང་ཡོད།

གཅིག་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་སྤུས་འདེགས་ནུས་སྤེལ་བྱས་ཡོད། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གཞི་ཞིང་ཆེན་ཡོངས་ཀྱི་སྒྱུར་བཅོས་གསར་གཏོད་བྱེད་ཐབས་ལ་གཟི་བརྗིད་སྒོས་བདམས་པ་དང་། མ་དངུལ་སྒོར་དུང་ཕྱུར5.3བསྡུ་སྒྲིལ་བྱས་ནས་ཚད་འདེགས་རྒྱ་སྐྱེད་རྣམ་གྲངས92ལག་བསྟར་བྱས་ཤིང་། “ནོར་སྟོང་དང་ལུག་ཁྲིའི”གསོ་སྤེལ་རྟེན་གཞི75དང་། བོད་ལུག་དང་ནོར་གནག་རིགས་རྒྱུད་སྲུང་སྐྱོང་རྒྱུད་སྤེལ་རྟེན་གཞི10དང་། འབྲུ་སྣུམ་ལོ་ཏོག་ཚད་ལྡན་ཅན་གྱི་དཔེ་སྟོན་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི4དང་། ནས་དང་ལོག་དཀར་སོན་ལེགས་གསོ་སྤེལ་རྟེན་གཞི་མུའུ་ཁྲི5བཅས་བསྐྲུན་ཡོད་ལ། འཇུ་ལག་དང་མདོ་ལའི་ནས་དང་ལོག་དཀར་རྟེན་གཞི་རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་མིང་ཐོའི་ནང་བཅུག་པ་དང་། རྐང་ཚ་རྒྱལ་ཡོངས་ཀྱི་ཞིང་ལས་ལོ་ཏོག་གཙོ་བོ་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་དུ་གསར་སྐྲུན་བྱས་ཤིང་། མདའ་བཞི་རྒྱལ་ཡོངས་ཀྱི་རྩྭ་ཐང་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་གྱི་ཚོད་ལྟའི་རྫོང་དུ་བདམས་ཡོད། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་ལེགས་པོ”ཞེས་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་ཞིང་། རྩྭ་ཐང་མུའུ་ཁྲི2586དང་། བོད་ལུག་དང་ནོར་གནག་ཁྲི213དང་། རྨོ་ཞིང་མུའུ་ཁྲི1.09བཅས་སྐྱེ་ལྡན་ར་སྤྲོད་བྱས་པ་དང་། མདོ་ལས་སྔོན་ལ་ས་ཁོངས་ཡོངས་ཀྱི་རྩྭ་ཐང་སྐྱེ་ལྡན་རྟོག་འཇལ་དང་ར་སྤྲོད་བྱས་ལ། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ཕྱུགས་ཐོན་རྫས161ཡོད་ཅིང་། འཇུ་ལག་གི་ལོག་དཀར་ཆུང་བ་དང་མདོ་ལའི་བོད་ལུག་ཀྲུང་གོའི་ཞིང་ལས་སྤུས་རྟགས་དཀར་ཆག་ཏུ་བདམས་ཡོད། རྐང་ཚའི་བོད་ལུག་རྒྱལ་ཡོངས་ཀྱི“རྫོང་གཅིག་དང་ཁྱད་ཆོས་གཅིག”གི་སྤུས་རྟགས་དཀར་ཆག་ནང་བཅུག་པ་དང་། མདའ་བཞི་ཞ་ཧྭའི་གཟུགས་གཞི་ཆུང་བའི་ནོར་གནག་དང་འཇུ་ལག་གི་ལེ་དབར་བརྒྱའི་མེ་ཏོག་གི་རྒྱ་མཚོའི་སྦྲང་རྩའི་ཐོན་རྫས་ལ་ཞིང་ཆེན་རིམ་པའི“སྤུས་ལེགས་ཐོན་རྫས”ཀྱི་གདེང་འཇོག་ཐོབ་ཡོད། རྐང་ཚའི་ལྕ་བ་དང་ལུག་ཤའི་ཁུ་བ་དང་། པགས་ཁུ་མུའུ་སྤྲི། དོན་ལྔའི་ཁམས་གསོ་བཅུད་ཁུ་སོགས་ཐོན་རྫས་གསར་པ་ནོར་ལུག་ཡོངས་སུ་བེད་སྤྱོད་དང་ལས་ཡོངས་སུ་སྣོན་བྱེད་པའི་ཐབས་ལམ་གསར་པའི་ནང་ཞུགས་ཡོད། མཚོ་བྱང་གི་ཐོན་རྫས་གྲགས་ཅན“སྐྱོད་པ་ལྔའི”འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ། ཁེ་ལས22ཀྱི་ཐོན་རྫས་རིགས309མཚོ་བྱང་སྤུས་ལེགས་ཐོན་རྫས་མཛོད་ཁང་དུ་བདམས་པ་དང་། ཁེ་ལས58ཀྱི་ཞིང་ཕྱུགས་ཐོན་རྫས་རིགས516མཚོ་བྱང་སྤུས་ལེགས་ཐོན་རྫས་འགྲེམ་འཚོང་ལྟེ་གནས་སུ་བཞག་ཡོད། 《ལོག་དཀར་མེ་ཏོག་མཐོ་སྒང་དུ་རྣམ་པར་བཞད་པ》ཞེས་པའི་དངོས་བཤུས་བརྙན་འཕྲིན་ཀྲུང་དབྱང་བརྙན་འཕྲིན་ཁང་ཞིང་ལས་བརྙན་ལམ་ནས་བཏང་བ་དང་། མཚོ་སྔོན་བརྙན་འཕྲིན་ཁང་དང་མཉམ་འབྲེལ་ཐོག《མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་ལེགས་པོ》ཞེས་པའི་ཆེད་དོན་གློག་བརྙན་བརྙན་བླངས་ནས་བཏང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར18དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་ཐེངས63གཉེར། ཞིང་ཆེན་ཡོངས་ཀྱི་བོད་ལུག་ཞིབ་འཇུག་ཁང་དང་པོ་མདོ་ལ་རུ་བཙུགས། ཞིང་ཆེན་ཡོངས་ཀྱི་མདོ་ལའི་ཤ་མོ་སེར་པོ་བསྡུ་རུབ་ལྟེ་གནས་ཐོག་མ་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱེད་བཞིན་ཡོད། མཚོ་བྱང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་འཚོང་ལྟེ་གནས་ཅི་ནན་དུ་བཙུགས་ཡོད་ལ། ཆི་ལུའུ་ཞིང་ལས་ཚོང་ཁྲོམ་གྱི“མཚོ་སྔོན་སྤུས་རྟགས་ཁང”དྲ་ཐོག་ནས་གཉེར་སྐྱོང་བྱས། “ས་གནས་གསུམ་དང་ཚོང་སྒྲོམ་བརྒྱ”ཡི་ཚོང་ཁང50ལ་སླེབས་ཤིང་། རྐང་ཚའི་བོད་ལུག་ཁྲི18པེ་ཅིང་དུ་ཕྱིར་འཚོང་བྱས། མདའ་བཞིའི་སྐམས་ཤ་རྒྱ་མ་ཁྲི10ཧྲན་ཏུང་དུ་མཁའ་འགྲུལ་སྐྱེལ་འདྲེན་བྱས་ཡོད། ཞིང་ལས་ལོ་ཏོག་མུའུ་ཁྲི85.66འདེབས་འཛུགས་བྱས་པ་དང་། ཁུལ་ཡོངས་ཀྱི་འབྲུ་སྣུམ་དང་ལོ་ཏོག་གི་ཐོན་ཚད་སོ་སོར་ཏུན་ཁྲི6.75དང་ཏུན་ཁྲི4.21ལ་སླེབས་ཡོད། ནོར་ལུག་མཚག་ཐོན་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི2050དོན་འཁྱོལ་བྱས་པ་དང་། མཚག་ཐོན་ནོར་ལུག་མགོ་གྲངས་ཁྲི151.86ཡོད། སྔོན་དཔག་ལྟར་ན་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར28.79མངོན་འགྱུར་བྱུང་ནས། དུས་མཚུངས་ལས4.5%འཕར་ཡོད།

གཉིས་ནས་ལྗང་མདོག་བཟོ་གཏེར་ལས་བརྟན་བརླིང་ངང་འཕར་ཡོད། 《མཚོ་བྱང་ཁུལ་གྱི་ས་གནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》དང《མཚོ་བྱང་ཁུལ་གྱི་བཟོ་ལས་ཚོང་དོན་ཁྱབ་ཁོངས་ཀྱི་ས་གནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་ལག་བསྟར་ཞིབ་སྲོལ》དང་། 《མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཁྱབ་ཁོངས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་ལག་བསྟར་ཞིབ་སྲོལ》སོགས་སྲིད་ཇུས་བྱེད་ཐབས་བཏོན་ནས། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར1དང་ཀུན་ཕན་དངུལ་རྩ་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི5000དང་། ཞིང་ཆེན་རིམ་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་དགའི་མ་དངུལ་སྒོར་ཁྲི1800བཅས་བེད་སྤྱོད་གང་ལེགས་བྱས་པ་དང་། རིགས་སོ་སོའི་ཐོན་ལས་འཕེལ་རྒྱས་རོགས་སྐྱོར་གྱི་མ་དངུལ2.22བསྡུ་སྒྲིལ་བྱས་ཤིང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ལྗང་མདོག་གཏེར་ལས། ཨར་ལས་རྒྱུ་ཆ་གསར་པ། ནུས་ཁུངས་གཙང་མ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། རྐང་ཚ་རྒྱལ་ནུས་ནུས་ཁུངས་གསར་པ་དང་། འཇུ་ལག་ཅིན་ཡོན་ཨར་འདམ། མདའ་བཞི་ཅན་ཧེ་ལས་གཞི་བཅས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས3གསར་དུ་སྐྱེད་སྲིང་བྱས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས44ཐོན་སྐྱེད་བརྟན་པོ་དང་ཕན་འབྲས་ལྡན་པའི་འཁོར་སྐྱོད་བྱས། རྐང་ཚའི་སྟོང་ཝ་ཁྲི320ཡི“གློག་ཁུངས་དང་གློག་དྲ། ཐེག་ནུས། གློག་གསོག”བཅས་གཞི་གཅིག་ཅན་གྱི་དུས་དང་པོའི་སྟོང་ཝ་ཁྲི120ཡི་རྣམ་གྲངས་བསྐྲུན་ནས་སྟོང་ཝ་ཁྲི80གློར་དྲར་སྦྲེལ་བ་དང་། ཞིང་ཆེན་ཡོངས་ཀྱི་འོད་ཤུགས་འཛུགས་སྐྲུན་གཞི་གཅིག་ཅན་གྱི་རྣམ་གྲངས་ཐོག་མ་དེ་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། སྟག་སྣ་དགོན་ཆུ་བེད་ལྟེ་གནས་ཀྱི་ལས་གཞི་གློག་དྲར་སྦྲེལ་བའི་ཆ་རྐྱེན་ལ་སླེབས་ཡོད། ལན་ཅིན་ཅུན་ཞིན་མཚོ་བྱང་ལྗང་མདོག་རིག་ནུས་རྩིས་ཤུགས་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགོ་བརྩམས་ལ། རྐང་ཚའི་སྟོང་ཝ་ཁྲི100ཡི“ཕྱུགས་འོད་གསབ་སྦྱོར”དུས་རིམ་དང་པོའི་སྟོང་ཝ་ཁྲི20ཡི་ལས་གཞི་བདེ་བླག་ངང་འགྲུབ་ཡོད། ཆུ་ཁོལ་གྱི་སྟོང་ཧྥུ750ཡི་གློག་འདྲེན་ལས་གཞི་བདེ་བླག་ངང་ཚད་ལྡན་དུ་བསྒྱུར། བཙུན་མོ་གཞོང་གི་སྟོང་ཧྥུ330དང་སོ་མའི་སྟོང་ཧྥུ110ཡི་གློག་འདྲེན་ལས་གཞི་བསྐྲུན་ནས་བཀོལ་སྤྱོད་བྱེད་མགོ་བརྩམས། ནུས་ཁུངས་སྒྲིག་སྦྱོར་འཕྲུལ་འཁོར་སྡོམ་འབོར་སྟོང་ཝ་ཁྲི187.5ལ་སླེབས་ཡོད། ལོའི་གློག་འདོན་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར33ཡིན་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ལྗང་མདོག་གློག་སྤྱོད་པར་སྐུལ་མ་བྱས་ཏེ། རིམ་རྩིས་བྱས་ན་ལྗང་མདོག་ལག་ཁྱེར་ཁྲི2.28ཉོས་ཡོད། ནུས་ཁུངས་གཙང་མས་བཟོ་ལས་ལ་ལེགས་སྐྱེས་ཕུལ་ཚད67%ཡིན། “ཁེ་ལས་གཅིག་དང་ཐབས་ཇུས་གཅིག”གི་བཟོ་ལས་ཁེ་ལས་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ལ། དུས་རབས་ཨའོ་ཁའེ་དང་ཧྭ་ཐེ་སྣུམ་སྙིགས། ཁེ་ཏེ་ལི་སྦུ་གུ་བཅས་ནུས་སྲི་རྩལ་སྒྱུར་ལ་སྐུལ་འདེད་བྱས་པ་དང་། ཀྲི་ཡོན་རྡོ་སོལ་ལས་རིགས་དང་ཧེ་ཞིན་གཏེར་ལས་སླར་གསོའི་ཐོན་ནུས་མགྱོགས་སུ་བཏང་བ། མཚོ་སྔོན་ཞ་ཧྭ་དང་མདོ་ལ་དབྱི་ཏ། མདའ་བཞི་ཁུ་ཁུ་ནོར་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱིས་ཞིང་ཆེན་ཕྱི་ནང་དུ་ཐད་འཚོང་ཚོང་ཁང30ལྷག་འཛུགས་པར་རྒྱབ་སྐྱོར་བཅས་བྱས་ཡོད། ཨར་ལས་ལས་རིགས་ཁེ་ལས་7གསར་དུ་འཕར་བ་དང་། སྔོན་དཔག་ལྟར་ན་ཨར་ལས་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.6ལ་སླེབས་པ་དང་འཕར་ཚད29%ཡིན། སྔོན་དཔག་ལྟར་ན་ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར20.93ཡིན་པ་དེ་དུས་མཚུངས་ལས13.7%་འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས12.3%འཕར་ཡོད།

གསུམ་ནས་སྣ་མང་ཞབས་ཞུའི་ལས་རིགས་མགྱོགས་མྱུར་སླར་གསོ་བྱས་ཡོད། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་ནང་ཧུར་ཐག་མཉམ་འདྲེས་བྱས་ཏེ། མཚོ་མོའི་བྱང་འགྲམ་གྱི་སྐྱེ་ཁམས་ལྗོངས་གཟིགས་གནས6འཛུགས་སྐྲུན་དང་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་བཏང་ནས། རིམ་རྩིས་བྱས་ན་མཚོ་མོའི་མཐའ་འཁོར་དུ་གནས་སྐོར་ས་ཚིགས8དང་། སྒར་འདེབས་རྟེན་གཞི38དང་། གནས་སྐོར་གསང་སྤྱོད་ཁང102དང་། སྐར་ཚོགས་ཁང་བ་དང་མཁའ་དབྱིངས་གྲུ་ཁང400་ལྷག་བཅས་བསྐྲུན་ཡོད་ལ། “དག་སྣང་མཚོ་བྱང”གནས་སྐོར་སྐོར་ལམ་དེ་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་དཔེ་མཚོན་མིང་ཐོ་ཁག་གཉིས་པའི་ནང་བདམས་ཡོད། “123”Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་མུ་མཐུད་གཏིང་ཟབ་ཏུ་བཏང་བ་སྟེ། ལོ་འདིརAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ10དང་། རྒྱལ་ཁབ་ཀྱི་རིམ་པ་ཀ་པ་དང་རིམ་པ་ཁ་པའི་གནས་སྐོར་སྡོད་ཁང་དང་། 4Cརིམ་པའི་སྒེར་འཁོར་དང་གནས་སྐོར་རླངས་འཁོར་སྡོད་སའི་རླངས་འཁོར་སྒར་ས། སྐར་ལྔ་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས། སྐར་གསུམ་རིམ་པའི་གནས་སྐོར་ཟ་ཁང་བཅས་སོ་སོ1རེ་དང་། ཞིང་ཆེན་རིམ་པའི་སྒེར་འཁོར་གནས་སྐོར་སྒར་ས5དང་། སྐར་བཞི་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས6བཅས་གསར་སྐྲུན་བྱས་ཡོད་ལ། མདའ་བཞིའི་ནུབ་མཚོ་ཚོང་འདུས་ལ་ཞིང་ཆེན་རིམ་པའི་གནས་སྐོར་སྤྲོ་གསེང་ཁྲོམ་ཁུལ་གྱི་མཚན་སྙན་ཐོབ་པ་དང་། མདའ་བཞིའི་སྨོན་ལམ་མཐོན་པོ་དང་རྐང་ཚའི་ལྷ་ཆབ་ཁུག འཇུ་ལག་གི་མེ་ལྷ་གངས་དཀར། མདོ་ལའི་ལ་བཙས་སྒང་སོགས་མཛེས་ལྗོངས་ཁུལ་ཀྱི་མཚན་སྙན་ཕྱོགས་བཞིར་ཁྱབ་ཅིང་། མཚོ་བྱང་ནི་ལོ་འཁོར་གྱི་གྲོང་ཁྱེརCཡི་གནས་སྐོར་དམིགས་ས་ཆེ་ཤོས་བཅུའི་མིང་ཐོའི་ནང་དུ་གཟི་བརྗིད་ལྡན་པའི་སྒོ་ནས་སླེབས་ཡོད། རིག་གནས་དང་ལུས་རྩལ། གནས་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དང་། རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེ་གྲ་བའི་འགྲན་བསྡུར། མཚོ་སྔོན་པོའི་མཚོ་སྔོན་གྱོ་རྒྱ་རྟགས་མའི་རིམ་འདས་སྦྲེལ་འགྲན་སོགས་འགྲན་བསྡུར་ཆེ་གྲས་སྤུས་ཚད་མཐོ་བའི་སྒོ་ནས་གཉེར་ལ། འཇུ་ལག་གི་ལོག་དཀར་མེ་ཏོག་དང་མདོ་ལ་རིང་མོའི་རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་རིག་གནས་གནས་སྐོར་བྱེད་སྒོ་རབ་དང་རིམ་པ་དང་། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན། སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་སོགས་བྱེད་སྒོ་གལ་ཆེན་ཆུ་ཚད་མཐོ་བའི་སྒོ་ནས་གཉེར་བ་དང་། གནས་སྐོར་མང་བའི་དུས་ཚིགས་སུ་གཟའ་འཁོར་རེར་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་བྱེད་སྒོ་སྤེལ་བ་དང་། རྐང་ཐང་དང་རི་འཛེགས་བྱེད་སྒོ་མང་པོ་ཞིག་གིས་གནས་སྐོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་གནས་སྐོར་དང་གངས་འཁྱགས་ལུས་རྩལ། ཕྱི་རོལ་རྐང་ཐང་བྱེད་སྒོ་བཅས་འཇུ་ལག་ཏུ་མགོ་བརྩམས་ཏེ། མཚོ་སྔོན་གྱི་དགུན་ཁའི་གནས་སྐོར་གྱི་མགོ་བརྩམས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“དགུན་དུས་མཚོ་བྱང་སྐོར་བའི”དྲིལ་སྒྲོག་གློག་བརྙན་ལ་བལྟ་ཚད་ཐེངས་དུང་ཕྱུར3.18ལ་སླེབས་ཡོད། “གསར་བརྗེ་ཞིབ་སློབ+”ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་དྲིལ་སྒྲོག་པུ་དང་ཕྱི་འབྲེལ་པུ། དགུ་གསུམ་སློབ་ཚོགས་སོགས་སྡེ་ཚན95ཡིས་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་གསར་བརྗེའི་སློབ་གསོ་རྟེན་གཞི་བཙུགས་པ་དང་། ལོ་འཁོར་ནང་མི་ཁྲི32ཡིས་གསར་བརྗེའི་སློབ་གསོ་དང་ལེན་བྱས་ལ། དེ་སྔའི221རྟེན་གཞིའི་གནས་ཡུལ་རྙིང་པ་རྒྱལ་ཁབ་ཀྱི་བཟོ་ལས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་མཚོན་དུ་བདམས་ཤིང་། བཟོ་གྲྭ་དང་པོའི་འགྲེམ་སྟོན་ཁང་དང་སྒར་ཤོག་བཅུ་གཉིས་པའི་གྲུ་ཁ། སྨོན་ལམ་མཐོན་པོ་སོགས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཆ་31ཕན་ཚུན་སྦྲེལ་ནས་འབྲེལ་ཡོད། གསེར་དངུལ་ཐང-རྡུལ་ཕྲན་མཁར་མཛེས་ལྗོངས་ཁུལ་གྱི“ཡོན་བཅག་བཅུ+གཟིགས་སྐྱོང་ལྔ”སོགས་དམངས་ཕན་བྱེད་ཐབས་བསྟུད་མར་ཁྱབ་བསྒྲགས་བྱས་པ་དང་། གསར་བརྗེའི་རིག་གནས་ཉམས་ལེན་གནས་སྐོར་དེ་རྒྱལ་ཡོངས་གྲོང་གསེབ་གནས་སྐོར་ལམ་ཐིག་སྤུས་ལེགས་སུ་བདམས་ཡོད། སྔོན་དཔག་ལྟར་ན་གནས་སྐོར་བ་མི་ཐེངས་ཁྲི960.51ལ་སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར37.65ཡིན་པ་དེ་སོ་སོར་དུས་མཚུངས་ལས51.28%དང་23.65%འཕར་ཡོད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐེངས150སྤེལ་བ་དང་། དམངས་ཕན་འཛད་སྤྱོད་འཛིན་ཤོག་ཁྲི1.1བཀྲམ་པ་དང་། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་ཁ་གསབ་སྒོར་ཁྲི394.86དོན་འཁྱོལ་བྱས། འཛད་སྤྱོད་སྒོར་ཁྲི4500ལ་སྐུལ་འདེད་བྱས་ཡོད། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་མཛོད་གསོག་དངོས་རྒྱུག་ཞབས་ཞུའི་ས་ཚིགས་ལ“མཛོད་གཅིག་སྡེབ་སྐྱེལ”མངོན་འགྱུར་བྱུང་སྟེ། མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་ཁྱོན་སྡོམ57བསྐྲུན་པ་དང་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི5000ལེགས་གྲུབ་བྱུང་། གློག་རྡུལ་ཚོང་དོན་ཕྱིར་འཚོང་ཚད་སྒོར་དུང་ཕྱུར1.86ལ་སླེབས་ཡོད། བཅད་གྲངས་གོང་གི་ཚོང་དོན་ཁེ་ལས8གསར་དུ་སྐྱེད་སྲིང་བྱས་ནས། སྔོན་དཔག་ལྟར་ན་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར་སྒོར་དུང་ཕྱུར35.03ལེགས་འགྲུབ་ཐུབ་ཡོད། སྔོན་དཔག་ལྟར་ན་ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར66.15མངོན་འགྱུར་བྱུང་ཡོད་པ་དེ་དུས་མཚུངས་ལས་3.2%འཕར་ཡོད།

ལོ་འདིར། ང་ཚོས་དཔལ་འབྱོར་བརྟན་པོ་ཡོང་བར་དམིགས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་འཕེལ་རྒྱས་ཀྱི་གབ་ཤུགས་ཟབ་སློག་བྱས་ཤིང་། དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཕྱོགས་ཡོངས་ནས་གསོག་འཇོག་བྱས་ཡོད།

གཅིག་ནས་རྣམ་གྲངས་ལ་མ་འཇོག་བྱས་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་ཡོད། མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར1016བཏང་བའི“གཙོ་གལ་གཉིས”དང“གསར་སྒྱུར་གཉིས”ཀྱི་རྣམ་གྲངས179གྲབས་གསོག་འཆར་འགོད་བྱས་པ་དང་། ལོ་འཁོར་ནང་མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར35.85བཏང་བའི་རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས125བརྩོན་ལེན་བྱས། ལོ་ཧྲིལ་པོར་ཆུ་གློག་ལམ་སོལ་རླངས་དྲ་བ་སོགས་སྒྲིག་བཀོད་འཛུགས་སྐྲུན་རིགས་དང་། ཞིང་ལས་དང་བཟོ་ལས། རིག་གནས། གནས་སྐོར་ཚོང་དོན་སོགས་ཐོན་ལས་རིགས་སྒྱུར་རིགས། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་སོགས་སྐྱེ་ཁམས་སྲུང་སྐྱོང་རིགས། སློབ་གསོ་དང་འཕྲོད་བསྟེན། རྒན་གསོ་སོགས་དམངས་ཚིས་འགན་སྲུང་རིགས་ཀྱི་རྣམ་གྲངས318མགོ་བརྩམས་ནས་མ་དངུལ་སྒོར་དུང་ཕྱུར59.82བཏང་ཡོད།

གཉིས་ནས་ནོར་ཁྲལ་དངུལ་རྩའི་ཞབས་ཞུ་དཔལ་འབྱོར་འཁོར་སྐྱོད་བྱས་ཡོད། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར8ལས་ཐོག་མར་བརྒལ་བ་དང་། གཏོང་སྒོའི་སྔོན་རྩིས་ལེགས་འགྲུབ་བྱུང་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་བརྒྱ་ཆའི་གྲངས2.6ལས་བརྒལ་ཡོད། སྲིད་གཞུང་དང་དངུལ་རྩ། ཁེ་ལས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་སྦྲེལ་མཐུད་ལས་སྟེགས་ཀྱིས་ཁེ་ལས141ལ་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར2.94བཏང་བ་དང་། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་དང་བཅོལ་དངུལ་གྱི་སྡུར58.64%ཡིན་པ་འོས་འཚམ་གྱི་བར་ཁོངས་སུ་ཡོད། པེ་རུན་ཁག་ཐེག་སྤྱི་གཉེར་སོགས་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒྲིག་གཞིས་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒོར་དུང་ཕྱུར3.4མཁོ་འདོན་བྱས་པས། ཁེ་ལས་དང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ལས་སྒོའི་བསྡུར་ཚད96%ཡན་ཡིན། དཔྱ་ཁྲལ་དང་གྲོན་དངུལ་ཆག་པ་དང་ཁྲལ་སློག་སྒོར་དུང་ཕྱུར1.54གསར་དུ་བསྣན་ཞིང་། མངོན་མེད་བུ་ལོན་སྒོར་དུང་ཕྱུར2.24སེལ་ཡོད། ལོ་ངོ་བཅུ་ལ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་ཕྱོགས་བསྡུས་ལས་རྗེས་དཔྱད་བསྡུར་ཕུལ་བྱུང་ལ་བདམས་པ་དང་། བདེ་བརྟན་གྱི་ནོར་ཁྲལ་དངུལ་རྩ་ཡིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

གསུམ་ནས་སྒོ་འབྱེད་མཉམ་ལས་ཀྱིས་དཔལ་འབྱོར་རིགས་སྒྱུར་ལ་སྐུལ་འདེད་བཏང་ཡོད། “མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི”ཆིངས་ཡིག་འགོད་པའི་རྣམ་གྲངས་ཀྱི་མ་འཇོག་སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ལས་ཐོག་མར་བརྒལ་བ་དང་། ཚོང་འགུག་མ་དངུལ་ནང་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར24.85གནས་སར་འབྱོར་བས། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་གྱི124.25%ལེགས་གྲུབ་བྱུང་བ་དང་། ལེགས་གྲུབ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར་2.53བཏང་བའི་ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་རྣམ་གྲངས38ལག་བསྟར་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་དང་ཁ་གཏད་རོགས་སྐྱོར་ཀྲུང་དབྱང་ཁེ་ལས་ཀྱི་འཛད་སྤྱོད་རོགས་སྐྱོར་གྱི་ཕྱིར་འཚོང་གྲངས་འབོར་སྒོར་དུང་ཕྱུར1ཙམ་ལ་སླེབས་ཡོད། བཟོ་ལས་ཐོན་རྫས་ཕྱིར་གཏོང་གི་ཐིག་བརྟོལ་བ་དང་། མདའ་བཞིའི་མདོག་ལྡན་ལྕགས་རིགས་ཧིན་རྡུ་ཉི་ཞི་ཡར་ཕྱིར་གཏོང་བྱས་ལ། འཇུ་ལག་གི་སྦྲང་རྩི་འཇར་པན་དུ་ཕྱིར་འཚོང་དང་ཤ་མོ་ལྷོ་ཁོ་རེ་ཡར་ཕྱིར་འཚོང་བྱས་ཤིང་། མདོ་ལའི་བོད་ལུག་ཨའོ་མོན་དུ་ཐད་ཀར་ཕྱིར་འཚོང་བཅས་བྱས་པས། ཕྱི་ཕྱོགས་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་ཁྲི967ཡིན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ཅིང་། མཚོ་བྱང་གི་ཚོང་ཟོག་རྒྱལ་མཚམས་ནས་ཕྱིར་འཚོང་བྱེད་པའི་ཐབས་ལམ་སྔར་ལས་ཡངས་པོར་ཕྱེས་ཡོད།

བཞི་ནས་ཁེ་ལས་ལ་རོགས་རམ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱས་ཡོད། ཐོག་མཐའ་བར་གསུམ་དུ་ཁེ་ལས་ནི་མཚོ་བྱང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་དུ་བརྩིས་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཡིག་ཆ10ལྷག་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བྱེད་ཐབས20བཏོན་པ་དང་། ཁེ་ལས་ལ་རོགས་སྐྱོར་གྱི་ཆེད་དོན་བྱ་སྤྱོད10སྤེལ་ཞིང་། ཁེ་ལས་ཀྱི་གནད་དོན207ཐག་གཅོད་རོགས་བྱས། བརྒྱུད་རིམ་ཧྲིལ་པོའི་ཁེ་ལས་འཛུགས་པའི་དུས་ཚོད་ལས་ཀའི་ཉིན1བར་ཉུང་དུ་བཏང་བ་དང་། ཁྲོམ་རའི་བྱེད་པོ1458གསར་དུ་བསྣན་ལ། འཚར་ལོངས་ཅན་གྱི་ཁེ་ལས་ཆུང་འབྲིང་ཕྲན་གསུམ54དང་། ཚན་རྩལ་ཅན་གྱི་ཁེ་ལས11དང་། མཐོ་གསར་ལག་རྩལ་གྱི་ཁེ་ལས1བཅས་གསོ་སྐྱོང་བྱས། མི་འབོར་ཁྲི་རེར་གསར་གཏོད་ཀྱི་ཆེད་ཁེ་བདག་ཐོབ་ཡོད་པའི་གྲངས་འབོར0.53ནས1.02བར་མང་དུ་ཕྱིན་ཡོད། ཁུལ་དང་རྫོང་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་རྒྱུ་ནོར་སྡོམ་འབོར་སྒོར་དུང་ཕྱུར65ལ་སླེབས་ཡོད།

ལོ་འདིར། ང་ཚོས་མི་རྩ་བར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཁར་གྲོང་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ཞིང་། མཁར་གྲོང་དང་གྲོང་གསེབ་མཉམ་འདྲེས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད།

གཅིག་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་ཡོད། “4+1+N”གྱི་འགན་གཙང་སྦྲེལ་གྱིས་གྲོང་གསེབ་དར་སྤེལ་གྱི་རྐྱེན་སྲོལ་དང་དབུལ་ལོག་སྔོན་འགོག་གི་འགུལ་རྣམ་རྟོག་འཇལ་རྐྱེན་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྟོག་འཇལ་བྱེད་ཁོངས་སུ་འཇུག་པའི་ཉེན་ཁ་སེལ་ཚད41.3%ལ་སླེབས་ཡོད། སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར5.38ལག་བསྟར་བྱས་ནས་རྣམ་གྲངས169དོན་འཁྱོལ་བྱས་པ་དང་། ཀྲུང་དབྱང་གི་སྦྲེལ་མཐུད་མ་དངུལ་དེ་ཐོན་ལས་རྣམ་གྲངས་ལ་སྤྱོད་པའི་སྡུར་ཚད71.92%ཡིན་ལ། འཇུ་ལག་སུལ་གཞིས་ཐང་གི་ནོར་གནག་རྒྱུད་སྤེལ་དང་། མདོ་ལའི་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་མ་ལག་འཛུགས་སྐྲུན། རྐང་ཚའི་སྐྱེ་ཁམས་ཕྱུགས་ར་གསོ་སྐྱོང་། མདའ་བཞིའི་ཅོན་ཧྲན་བ་གླང་གི་གསོ་སྤེལ་སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.1ལ་སླེབས་པ་དང་། སྡེ་བའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི53.8ཡིན་ལ་རྒྱུན་མཐུད་ངང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  ཁེ་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་དང་སྤོ་སྒྱུར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་པ་དང་། དབུལ་ཐར་མི་འབོར་གྱི་ཡོང་འབབ་འཕར་ཚད14.52%ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་ཤིང་། “མཐོ་བ་གསུམ”གྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་། མདའ་བཞིའི་བོན་གྱཱ་ཕྱུགས་རས་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱས་པའི་གྲུབ་འབྲས་དེ་ཞིང་ལས་གྲོང་གསེབ་པུའི་དཔེ་མཚོན་དུ་བདམས་ཡོད།

གཉིས་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར21.73བཏང་ནས་མདའ་བཞིའི་ནུབ་མཚོ་གྲོང་རྡལ་གྱི་དངུལ་མཚོ་ཟམ་ཆེན་དང་། འཇུ་ལག་ས་ཡོམ་རྗེས་ཀྱི་གཅིག་བསྡུས་དྲོད་འདོན་སྦུག་དྲ། མདོ་ལ་བརྒྱད་གཅིག་ལམ་གྱི་ཕྱོགས་བསྡུས་སྦུག་ཁྱམས། རྐང་ཚའི་མཁར་གྲོང་གི་རྣམ་པ་བཅོས་སྐྱོང་སོགས་རྣམ་གྲངས91ལག་བསྟར་བྱས་པ་དང་། མཁར་གྲོང་གི་འགྲོ་ལམ་སྤྱི་ལེ་43.19སྒྱུར་བཀོད་དང་། ཆུ་མཁོ་འདོན་དང་དྲོད་གཏོང་སྦུག་དྲ་སྤྱི་ལེ37.96གསར་སྒྱུར་བྱས། ས་འོག་གི་ཆུ་འབུད་སྦུག་དྲ་སྤྱི་ལེ65.17སྒྲིག་བཀོད། ཆར་བབས་བཙོག་ཆུའི་ཁག་བགོས་སྦུག་དྲ་སྤྱི་ལེ་21.5འཛུགས་སྐྲུན་བཅས་ཀྱི་ལས་ཀ་ལེགས་གྲུབ་བྱུང་བ་དང་། མཁར་གྲོང་གི་ཆུའི་མཁོ་འདོན་གྱི་ཁྱབ་ཚད99%ལ་སླེབས་ཡོད་ལ། ལྗང་མདོག་བཟོ་སྐྲུན་གྱིས་གསར་སྐྲུན་བཟོ་སྐྲུན་གྱི98.56%ཟིན་ཡོད། འཇུ་ལག་དང་། རྐང་ཚ། མདའ་བཞི་བཅས་ཀྱིས་གནས་གཞན་དུ་སྐྱེལ་འདྲེན་བྱས་ཏེ་འཚོ་བའི་གད་སྙིགས་ཏུན་ཁྲི1.7ལྷག་ཙམ་མེར་བསྲེགས་ནས་ཐག་གཅོད་བྱས་པ་དང་། ཁུལ་ཡོངས་ཀྱི་མཁར་གྲོང་གི་འཚོ་བའི་བཙོག་ཆུ་གཙང་སེལ་བྱས་ཚད་དང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱས་ཚད་སོ་སོར92.33%དང97.35%སླེབས་ཡོད།

གསུམ་ནས་མཁར་གྲོང་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་ནུས་ལྡན་ངང་བཙུགས་ཡོད། མ་དངུལ་སྒོར་དུང་ཕྱུར4.91བཏང་ནས་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་དང་ཆུའི་མཁོ་འདོན་འགན་ལེན་སོགས་ཀྱི་ཆུ་བེད་ལས་གཞི65ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1.54བཏང་ནས་མཁར་གྲོང་དང་གྲོང་གསེབ་གཞི་གཅིག་ཅན་གྱི་གློག་དྲ་འཛུགས་སྐྲུན་སོགས་གློག་ཤུགས་ལས་གཞི27ལག་བསྟར་བྱས་ནས། མི་ཁྲི14ཡི་འཐུང་ཆུ་དང་གློག་སྤྱོད་བདེ་འཇགས་ཆུ་ཚད་སྔར་བས་ཇེ་མཐོར་བཏང་། མ་དངུལ་སྒོར་དུང་ཕྱུར4.3བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་128ལག་བསྟར་བྱས་པ་དང་། སྤྱི་ལེ970ཡི་གྲོང་གསེབ་གཞུང་ལམ་གྱི་འགྲོ་སྐྱོད་ཆ་རྐྱེན་སྔར་བས་ལེགས་སུ་བཏང་། སྲིད་འཛིན་སྡེ་བར་སྤྱི་སྤྱོད་རླངས་འཁོར་དང་། བརྙན་འཕྲིན་ཁ་པར། འོད་སྐུད་དྲ་ཆེན། སྐུད་མེད་དྲ་རྒྱ་བཅས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད། མ་དངུལ་སྡོམ་འབོར་སྒོར་ཁྲི9810བཏང་བའི་རྐང་ཚ་དང་མདའ་བཞིའི་ཁྱིམ་ཚང286གི་སྐྱེ་ཁམས་གནས་སྤོར་བཀོད་སྒྲིག་གི་རྣམ་གྲངས་དུས་ལྟར་སྐུལ་འདེད་བཏང་། མ་དངུལ་སྒོར་ཁྲི་3492བཏང་བའི་ཞི་མཛེས་གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་གྲངས9ལེགས་གྲུབ་བྱུང་ནས། མཁར་གྲོང་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ལ། རང་བྱུང་མཛེས་པ་དང་། ཁོར་ཡུག་བཟང་བ། ཐོན་ལས་ལེགས་པ། མི་ཆོས་ཡག་པ་བཅས་ཀྱི་རྣམ་པ་གསར་བ་མངོན་ཡོད།

ལོ་འདིར། ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་ཚིས་བདེ་སྐྱིད་ལ་སེམས་ཁུར་བྱས་ཏེ། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དེ་གཞི་འཛིན་ས་དང་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཚོགས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་བཏང་ཡོད།

གཅིག་ནས་ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་བཏང་ཡོད། སྤུས་ཚད་མཐོ་བའི་ལས་ཞུགས་ཡག་པོ་བྱེད་པ་སྔོན་དུ་བཞག་ནས། སྡེ་བ214དང་སྡེ་ཁུལ28དུ་ལས་ཞུགས་འབྲེལ་གཏུག་མི་སྣ་བཀོད་སྒྲིག་བྱས་ཏེ། ཁུལ་དང་རྫོང་། གྲོང་གསེབ་བཅས་ཀྱི་ལས་ཞུགས་སྤྱི་པའི་ཞབས་ཞུའི་མ་ལག་ཡོངས་སུ་སྦྲེལ་ཐུབ་པ་བྱས། ཚད་ལྡན་ཅན་གྱི་དྲ་ཕྱིའི་ཉིན་གླའི་ས་ཚིགས3བཙུགས་པ་དང་། ངལ་ལས་མངགས་གཏོང་ལས་ཁུངས13དང་ངལ་ལས་བར་ཁེ་བ་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས། དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་བྱེད་སྒོ་ཐེངས60ལྷག་ཙམ་སྤེལ་ནས་ལས་ཞུགས་ཀྱི་ལས་གནས་ཁྲི3ལྷག་ཙམ་མཁོ་འདོན་བྱས། ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་མི་ཐེངས4701ལེགས་གྲུབ་བྱས་པ་དང་། མཁར་གྲོང་གི་ལས་ཞུགས་མི་གྲངས2015གསར་སྣོན་བྱུང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི4.86གནས་སྤོར་ལས་ཞུགས་བྱས་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་ཚད88.7%ལ་སླེབས་ཡོད། གཞུང་ཞབས་པ་དང་བྱ་ལས་སྡེ་ཚན་གྱི་ལས་དོན་མི་སྣ309བསྡུ་ལེན་བྱས་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་མི367གསར་དུ་བཀོད་སྒྲིག་བྱས། སྡེ་བར་ལས་འགན་འཁུར་བའི་སློབ་ཆེན་སློབ་མ263བདམས་མངག་བྱས་པ་དང་། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞིའི་མི་སྣ200བསྡུ་ལེན་བྱས་ལ། ཧྲན་ཏུང་ཞིང་ཆེན་བྱ་བཞག་སྡེ་ཚན་གྱི་མཚོ་སྔོན་ལ་རོགས་སྐྱོར་གྱི་ལས་གནས10ནང་གི་རེབ་དང་པོའི་གདན་ཞུའི་མི་སྣ7པོ་ལས་གནས་སུ་ཞུགས་ཡོད། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཐེར་འདོན་ཞུ་གཏུག་གྱོད་གཞི་ཐག་གཅོད་བྱེད་ཚད་དང་། གླ་རྒྱག་ཞིང་པའི་གླ་ཕོགས་ཆད་འགྱངས་ཐེར་འདོན་ཞུ་གཏུག་གྱོད་གཞི་ཐག་གཅོད་བྱེད་ཚད་ཚང་མ100%ཡིན། དམག་འཁྱུར་དམག་མིས་གསར་གཏོད་ཁེ་ལས་མདའ་བཞིའི་རི་ཆུའི་བརྩེ་བ་སྤྱི་གཉེར་ལ་ཞིང་ཆེན་ཡོངས་ཀྱི་དམག་འཁྱུར་དམག་མི་སྐབས་གསུམ་པའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེན་མོའི་བྱ་དགའ་དང་པོ་ཐོབ་ཡོད།

གཉིས་ནས་སློབ་གསོ་དང་སློབ་ཁྲིད་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཡོད། ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་གྱི་རྩ་བའི་ལས་འགན་དུ་བརྩིས་ཏེ། མ་དངུལ་སྒོར་དུང་ཕྱུར1.15བཏང་ནས་སློབ་གསོའི་རྣམ་གྲངས52ལག་བསྟར་བྱས་པ་དང་། སློབ་གསོའི་རོགས་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར1.88དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི14.68ལ་ཕན་ཐོགས་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་སྦྱོང་ལག་ལེན་སློབ་གསོའི་ཉམས་ལེན་རྟེན་གཞི་གཅིག་པུ་དེ་མཚོ་བྱང་དུ་བཙུགས། སློབ་གསོའི་སྤུས་ཚད་ལ་རྟོག་འཇལ་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། “གཉིས་འཕྲི”བཅོས་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་། སློབ་སྔོན་སློབ་གསོའི་ཁྱབ་གདལ་ཀུན་ཕན་དང་། འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ། མཐོ་འབྲིང་སློབ་གསོའི་ཁྱད་ལྡན་སྣ་མང་། ལས་རིགས་སློབ་གསོའི་མཉམ་འདྲེས་སྣ་མང་འཕེལ་རྒྱས་བཅས་བརྟན་བརླིང་ངང་སྐུལ་འདེད་བཏང་། སློབ་སྔོན་སློབ་གསོའི་སློབ་ཞུགས་ཚད97.86%དང་། སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད100%ལ་སླེབས་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སྲ་བརྟན་བྱས་ཚད98.84%དང་།  མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད97.11%ཡིན་ལ། ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱས་ཚད95%ཡིན། འབྲིང་རྒྱུགས་ཀྱི་སྤྱིར་བཏང་འཛིན་གྲྭ་ཡོངས་ཀྱི་ཆ་སྙོམས་སྐར་གྲངས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་དང་། མི་རིགས་འཛིན་གྲྭ་ཡོངས་ཀྱི་ཆ་སྙོམས་སྐར་གྲངས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་ལ། ས་གནས་གཞན་དུ་སློབ་སྦྱོང་བྱེད་པའི་མཐོ་འབྲིང་འཛིན་གྲྭའི་སྤྱིར་བཏང་གི་མཐོ་རྒྱུགས་ཀྱི་སྐར་གྲངས་ལོན་ཚད་ལོ9ལ་བསྟུད་མར100%རྒྱུན་འཁྱོངས་བྱས།

གསུམ་ནས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་བཏང་ཡོད། དམངས་ཡོངས་བདེ་ཐང་ཡོང་བ་ལྟེ་བའི་དམིགས་ཚད་དུ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་རིམ་པ་གསུམ་པའི་སྨན་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་དང་། “ལྟེ་གནས་ཆེན་པོ་ལྔའི”འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཏེ། རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་ཚང་མ་རྒྱལ་ཁབ་ཀྱི་གཞི་རྩའི་ཚད་གཞིར་སླེབས་ཡོད་པ་དང་། རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད90%ཡན་ལ་སླེབས་ཡོད། ལྷན་སྐྱེས་སྙིང་ནད་ཀྱི་བརྟག་དཔྱད་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་། བྱིས་སྐྱོང་ཁང95ཡི་བྱིས་པ་མི་ཁྲི4.75ལ་ཁྱབ་ཡོད། ལུའུ་ཆིང་ས་མཐོའི་ལུས་བརྟག་ལྟེ་གནས་ནས་ལས་བྱེད་ལས་བཟོ་བ་ཁྲི1.05ཡི་ལུས་ཕུང་བདེ་ཐང་ལ་བརྟག་བཤེར་བྱས། རྐང་ཚ་ཡིས་དམངས་ཡོངས་ཀྱི་བདེ་ཐང་ལུས་བཤེར་རེས་སྐོར་གཉིས་པ་སྤེལ་བ་མ་ཟད། རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་མཁར་གྱི་བསྐྱར་ཞིབ་དང་། རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་སྨན་རྫས་དཔེ་སྟོན་རྫོང་གསར་འཛུགས་ཀྱི་ཞིང་ཆེན་རིམ་པའི་ཞིབ་དཔྱད་ལེགས་འགྲུབ་བྱུང་། བསྟུད་མར་ལོ4ལ་སྦྲུམ་མ་ཤི་བའི་གནས་ཚུལ་མ་བྱུང་བ་དང་ཉེ་བའི་ལོ20རིང་ལ་བྱི་རིམས་བྱུང་མེད། སྨན་བཅོས་གུན་སྐྱོབ་ནང་ཞུགས་ཚད102.92%ལ་སླེབས་པ་དང་། བོད་སྨན་སྨན་རྫས་རིགས212ཚང་མ་སྨན་བཅོས་གུན་སྐྱོབ་ཀྱི་དཀར་ཆག་ནང་བཅུག  ཞིང་ཆེན་བརྒལ་བའི་ས་གནས་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་བྱེད་ཚད93%ལ་སླེབས་ཡོད་ལ། སྨན་བཅོས་གུན་སྐྱོབ་ཀྱི་གློག་རྡུལ་དཔང་འཛིན་སྤྱོད་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡིན།

བཞི་ནས་དམངས་ཚིས་འགན་སྲུང་གི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ཡོད། དམངས་ཚིས་མ་མཐའ་བརྟན་པོར་སྲུང་རྒྱུ་དམིགས་ཡུལ་དུ་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི3.1ལ་རོགས་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.71སྤྲད་པ་དང་། རྒན་པ་མི་ཁྲི1.48ཡི་ལོ་ན་མཐོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི1952.47དང་། དབང་བོ་སྐྱོན་ཅན་མི་5505ཡི“ཁ་གསབ་ཁག་གཉིས”ཀྱི་མ་དངུལ་སྒོར་ཁྲི771.16དང་། དྭ་ཕྲུག234དང་བདག་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་གྲོན་དངུལ་སྒོར་ཁྲི249.55དོན་འཁྱོལ་བྱས་ཏེ། བསྟུད་མར་ལོ་བཅུ་བཞིའི་རིང་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་ཀྱི་ཕུལ་བྱུང་ཐོབ། ནུབ་མཚོ་གྲོང་རྡལ་གྱི་“གསར་བརྗེའི་ཟ་ཁང”གསར་འཛུགས་དང་། “བདེ་སྐྱིད་ཟ་ཁང”77འགྲུབ་ནས། སྡེ་བ་དང་སྡེ་ཁུལ123གྱི་མང་ཚོགས་ལ་ཕན་ཐོགས་པས། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བའི་ཕུལ་བྱུང་ས་ཁུལ་གྱི་གདེང་འཇོག་ཐོབ། ཕྱི་རོལ་གཉེན་སྒྲིག་དཔང་འཛིན་སྤྲོད་པའི་རྟེན་གཞི5དང་ཐོ་འགོད་ས་ཚིགས2བཙུགས་ནས། ཞིང་ཆེན་ཡོངས་སུ་ཕྱི་རོལ་གཉེན་སྒྲིག་དཔང་འཛིན་སྤྲོད་པའི་རྟེན་གཞི་རྫོང་བཞི་བོར་ཡོངས་སུ་ཁྱབ་ཐུབ་པ་སྔོན་དུ་མངོན་འགྱུར་བྱས་ཏེ། གཉེན་སྒྲིག་གོམས་སྲོལ་སྒྱུར་བཅོས་ཀྱི་ཉམས་མྱོང་ལ་དམངས་སྲིད་པུ་ཡིས་ཁས་ལེན་ཐོབ་ནས་ཁྱབ་གདལ་དུ་བཏང་།

ལྔ་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ངང་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དེ་གཙོ་བོར་བྱས་ཏེ། རྫོང་དང་ཡུལ་ཚོ། སྡེ་བ276གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་གཡུལ་ས་དང་། ཁྱིམ་ཚང་ཁྲི4ལྷག་གི“སྐར་རིམ་ལྔ་ཅན་གྱི་དཔལ་ཡོན་དུད་ཚང”གི་སྣེ་ཁྲིད་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱས་ཏེ། ལོ་འཁོར་གྱི“མཚོ་སྔོན་མི་བཟང”མདོ་ལ་རུ་ཁྱབ་བསྒྲགས་བྱས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ནས་སྤེལ་བ་དང་། བརྙན་འཕྲིན་ཡིག་ཆའི་གློག་བརྙན《ཕུགས་འདུན་ཆེན་པོ》བཏོན་པ་དང་། མུ་འབྲེལ་དཔེ་ཚོགས《ཉིང་རྡུལ་བྱ་གཞག་གི་བློ་དཀར་སྲུང་མཁན》པར་སྐྲུན་བྱས། ཏང་གི་སློབ་ཚན《ནམ་ཡང་འགྱུར་བ་མེད་པའི་གསེར་དངུལ་ཐང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་ནམ་ཡང་གཟི་དཔལ་ལྡན》ཞེས་པ་ཕབ་སྐྲུན་བྱས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ལང་ཧྥང6916བཟོ་གྲྭ། པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན་སོགས་ཞིང་ཆེན་ཕྱི་ནང་དུ་སྒྲོག་འགྲེལ་ཐེངས32སྤེལ་ནས་མི་ཁྲི6.8ལ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་དུ་བཅུག   བོད་ཀྱི་གར་ཆུང《ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན》ཞེས་པར་རྒྱལ་ཡོངས་ཀྱི་གར་ཆུང་དང་རྩེད་རིག་ཆུང་བའི་འཁྲབ་སྟོན་གྱི་ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ་པ་དང་། 《རྡོ་རྗེ་དང་བཀྲ་ཤིས》དང《ཀྲེ་ཀྲི》ལ་རྨ་ཆུའི་འབབ་ཡུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ཞབས་བྲོ་འཁྲབ་སྟོན་བྱེད་སྒོའི་གཙོད་ཀྱི་བྱ་དགའ་ཐོབ། ཁུལ་རིག་གནས་ཁང་ལ་རྒྱལ་ཡོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཐོབ། མཚོ་བྱང་གི་ལུས་རྩལ་པས་ཞིང་ཆེན་ཡོངས་ཀྱི་མཆོང་རྒྱུག་འགྲན་བསྡུར་ནང་གསེར་གྱི་རྟགས་མ9དང་། དངུལ་གྱི་རྟགས་མ10ཟངས་ཀྱི་རྟགས་མ11སོགས་བྱ་དགའ38ཐོབ་པ་དང་། “རབ་མཛེས་མཚོ་སྔོན· ས་མཐོའི་རྐང་གྲུག”གི་མཉམ་འགྲན་གྱི་མཚོ་བྱང་གི་འགྲན་ཁུལ་ནས་འགྲན་བསྡུར་རེབ་སྐོར་ཐེངས7བདེ་བླག་ངང་འགན་སྒྲུབ་བྱས། “ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་ལས”བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལག་ལེན་ཐབས་ལམ་འཚོལ་ཞིབ་བྱས།

ལོ་འདིར། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བསྟར་ཏེ། བདེ་འཇགས་འཕེལ་རྒྱས་ཀྱི་མ་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཤིང་། སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་བརྟན་པོའི་ངང་མཐོ་རུ་བཏང་ཡོད།

གཅིག་ནས་མི་རིགས་ཆོས་ལུགས་ལས་དོན་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱེད་ཐབས“བཅུ་བརྒྱ་སྟོང”དོན་འཁྱོལ་བྱེད་རྒྱུ་གཙོ་བོར་བཟུང་སྟེ། མི་རིགས་ཆོས་ལུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། རྒྱལ་ཡོངས་བོད་སྐད་ཡིག་གི་བརྡ་ཆད་གཅིག་གྱུར་ཆེད་མཁས་པའི་ལས་དོན་གྲོས་ཚོགས་འགན་སྒྲུབ་བྱས་པ་དང་། མ་དངུལ་སྡོམ་འབོར་སྒོར་ཁྲི3220.5་བཏང་བའི་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་མ་དངུལ་རྣམ་གྲངས22ལག་བསྟར་བྱས། ཁུལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སློབ་གསོའི་ལག་ལེན་རྟེན་གཞི4ལ་ཐོག་མར་མིང་བཏགས་པ་དང་། སྡེ་བ་དང་སྡེ་ཁུལ་གྱི“སེ་འབྲུ་གཞིས་ཁྱིམ”72ལ་སྒོ་བྱང་བཀལ། རྐང་ཚ་དཀོན་ལོ་ཚང་གོང་མ་སྡེ་བ་དང་འཇུ་ལག་གི་མ་རུའུ་ཡུན་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཐུན་མོང་དང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། “དགོན་པར་སྐྱོད་པ་བདུན”དང་། “དགོན་པར་སྐྱེལ་བ་གསུམ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཕྱོགས་ཡོངས་ནས་ཁྲིད་སྟོན་བྱས་པ་དང་། གྲྭ་བཙུན་གྱི་རིམ་པ་གསུམ་གྱི་བསླབ་གནས་ཁྱབ་གདལ་གཏོང་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

གཉིས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཞབས་ཞུ་རྒྱུན་མཐུད་གསར་གཏོད་དང་ཤུགས་སྣོན་བྱས་ཡོད། དུས་བདེ་མཚོ་བྱང་འཛུགས་སྐྲུན་བྱེད་རྒྱུ་དམིགས་ཡུལ་དུ་བྱས་ཏེ། 《མཚོ་བྱང་ཁུལ་སྤྱི་ཚོགས་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། ཁུལ་དང་རྫོང་། ཡུལ་ཚོ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཁྱབ་གདལ་ངང་འཁོར་སྐྱོད་བྱས། མདའ་བཞིའི“ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”་དང་། མདོ་ལའི“ལས་གནས་སྟོང་དང་སོ་ཁ་ཁྲི།”  རྐང་ཚའི “ལྟེ་བ་གཅིག་དང་རུ་ཁག་ལྔ་ཡིས་དར་སྤེལ་ལ་སྐུལ་འདེད།” འཇུ་ལག་གི“དྲ་བ་གཅིག་མཉམ་འབྲེལ་བདུན་གྱིས་སྡེ་བ་བརྒྱ་སྟོབས་ཆེར་གཏོང་བ”སོགས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་གཏིང་ཟབ་བཏང་སྟེ། འགལ་བ་དང་རྩོད་གཞི་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད99.7%ལ་སླེབས་ཡོད་ལ། རྐང་ཚར་རྒྱལ་ཡོངས་ཀྱི་འཕྲིན་བཅར་ལས་དོན་གྱི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་ཡོད། སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ106དང་བཀོད་སྒྲིག་རོགས་རམ་སློབ་གསོ་མི་སྣ710ཡི་དོ་དམ་ཞབས་ཞུ་ནུས་ལྡན་དང་ཕན་ནུས་ལྡན་པ་དང་། དོ་དམ་ལས་ཤོར་བ་དང་། དོ་དམ་ནང་མ་ཚུད་པ། ཡང་བསྐྱར་ཁྲིམས་འགལ་ཉེས་གསོག་བཅས་ཀྱི་གནས་ཚུལ་མེད། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། “གློག་འཕྲིན་གཡོ་སླུ”དང“རྐུ་འཕྲོག་མགོ་སྐོར” “འཆལ་རྒྱན་དུག”་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་མོ་བཏང་ནས། ཉེས་དོན་གྱོད་གཞི་བྱུང་ཚད་བསྟུད་མར་ལོ་གསུམ་ལ་མར་བབས་ལ། བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་མི་སྒེར5ལ་གཟེངས་བསྟོད་བྱས། མི་དམངས་མང་ཚོགས་ཀྱིས་རང་ཁུལ་གྱི་བདེ་འཇགས་ཚོར་བ་དང་བློ་ཡིད་ཚིམ་ཚད་ལ་དཔྱད་བསྡུར་ཚད་ལེན་བྱས་པ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན།

གསུམ་ནས་མཁོ་སྒྲུབ་དོ་དམ་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་གནད་འགག་བཅོས་སྐྱོང་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། “5685”ལས་ཀའི་རྐྱེན་སྲོལ་གསར་གཏོད་བྱས་ནས་བཙུགས་པ་དང་། “བཤེར་བཞི་མཉམ་འགུལ”བྱེད་སྟངས་གསར་པ་ཁྱབ་གདལ་བཏང་སྟེ། ཞིང་ཆེན་ཡོངས་སུ་གཞི་རིམ་གྱི་“མཁོ་སྒྲུབ་ཤེས་རྟོགས་པ”དང་། སྐྱ་མི་དང་དམངས་དམག  དམག་འཁྱུར་དམག་མི་བཅས་ཀྱི་མཁོ་སྒྲུབ་རོགས་སྐྱོབ་དཔུང་ཁག་སྔོན་དུ་བཙུགས་ནས། རྒྱུན་རྣམ་ཅན་གྱི་སྐར་མ10ཡི་མཁོ་སྒྲུབ་དང་ལེན་གྱི་ཚོགས་པ་བཙུགས་ཡོད། “བོས་ན་སད་པ”དང་། “བོས་ན་དང་དུ་ལེན་པའི”་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། རེས་སྐོར18གྱི་ཆར་ཆུ་ཚབས་ཆེ་བའི་གནམ་གཤིས་བརྒྱུད་རིམ་ལ་ཁ་གཏད་ནུས་ལྡན་བཏང་ལ། ཉེན་ཁའི་གནས་ཚུལ་ཁག65ནུས་ལྡན་ངང་ཐག་གཅོད་དང་། ཉེན་ཁའི་ཁུལ་གྱི་མང་ཚོགས་ཁྲི2.28ཁ་འགྲེམས་གནས་སྤོར་བྱས། གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཁྱིམ་ཚང230དང་མི716རོགས་སྐྱོབ་བཀོད་སྒྲིག་བྱས། སློབ་གྲྭའི་ཟ་ཁང་དང་སློབ་རའི་མཐའ་འཁོར་གྱི་ཟས་རིགས་དང་། རྒན་པ་དང་བྱིས་པ་སོགས་ཀྱི་ཚོགས་སྤྱིའི་འཛད་སྤྱོད་དངོས་རྫས། བྱིས་པའི་སྨན་རྫས་འཐེན་བཤེར་བྱས་པ་ཚད་ཐིག་ཏུ་ལོན་ཚད་100%ཡིན། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཅུང་ཚབས་ཆེན་དང་དེའི་ཡན་གྱི་གནས་ཚུལ་བྱུང་མེད། བསྟུད་མར་ལོ་གསུམ་ལ་མེ་སྐྱོན་ཚབས་ཆེན་གྱི་དོན་རྐྱེན་བྱུང་མེད། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོན་རྐྱེན་འབྱུང་གྲངས་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཉེ་བའི་ལོ་ལྔའི་རིང་གི་དམའ་ཤོས་ཡིན། བདེ་འཇགས་སྔོན་འགོག་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བརྒྱུད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ནུས་ལྡན་བྱས་ཡོད།

ལོ་འདིར། ང་ཚོས་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ནན་མོ་བྱས་ཤིང་། མཚོ་བྱང་ལ་རྒྱུས་ལོན་ཡོད་པ་དང་། མཚོ་བྱང་ལ་དགའ་མོས་ཡོད་པ། མཚོ་བྱང་དར་རྒྱས་གཏོང་བ་བཅས་ལ་འབད་བརྩོན་བྱས་ཡོད། ང་ཚོས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལེགས་པོར་སྤྱད་དེ། བློ་དཀར་སྲིད་སྒྲུབ་ཀྱི་འགན་འཁྲི་ལག་བསྟར་བྱས། “གྲོས་གཞི་དང་པོའི”ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཚོ་སྔོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་བེད་སྤྱོད་ནན་མོ་བྱས། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་བྱེད་ཐབས་དོན་ཚན257དང་། སྒྱུར་བཅོས་ལས་འགན་གལ་ཆེན50དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། དུས་ཐོག་ཏུ་ཁུལ་ཨུར་གཙོ་ཆེའི་དོན་དག72སྙན་སེང་ཡར་ཞུ་བྱས། ཞིང་ཆེན་དང་ཁུལ་དམངས་ཆེན་འཐུས་མིའི་གྲོས་མགོ20དང་། ཞིང་ཆེན་དང་ཁུལ་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི38བཅས་ལ་ཕན་འབྲས་ལྡན་པའི་ངང་ལེགས་འགྲུབ་བྱས་ནས་བློ་ཡིད་ཚིམ་ཚད100%རྒྱུན་འཁྱོངས་བྱས། ང་ཚོས་མི་དམངས་གཙོ་བོ་ཡིན་པའི་འདུ་ཤེས་བརྟན་སྲུང་བྱས་ཏེ། དམངས་ཀྱི་ཆེད་དུ་སྲིད་འཛིན་བྱེད་པའི་ལས་འགན་ལག་བསྟར་བྱས། “གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་དང“1+10”ཡི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་ཞུའི་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ཁག42དང་དེའི་གྲུབ་འབྲས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་བ་དང་།  “12345”སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ཞབས་ཞུའི་དོན་ཚན་ཁྲི1.17བསྒྲུབས། དམངས་ཚིས་ཁྱབ་ཁོངས་ཀྱི་ནོར་སྲིད་གཏོང་སྒོའི་བསྡུར་ཚད་85%ལས་བརྒལ་བ་དང་། རིགས་ཆེན་པོ་བཅུ་གཅིག་གི་དམངས་ཚིས་དངོས་དོན་ཁག45ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཡོད། ང་ཚོས་ཁྲིམས་སྐྱོང་མཚོ་བྱང་གི་དམིགས་འབེན་དམ་འཛིན་བྱས་ནས། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ལས་འགན་ལག་བསྟར་བྱས། ཚན་རིག་དང་མཐུན་པར་ཇུས་འདོན་དང་། དམངས་གཙོའི་སྒོ་ནས་ཇུས་འདོན། ཁྲིམས་ལྟར་ཇུས་འདོན་བཅས་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཐད་ཀྱི་ཕྱོགས9ཡི་གཙོ་གནད་ལས་འགན་ཁག25དོན་འཁྱོལ་བྱས། ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱི་གསར་དུ་འགན་བཞེས་པའི་མགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་ཀྱི་དམ་བཅའ་དང་། འགན་འཁུར་མ་བྱས་གོང་གི་བཅའ་ཁྲིམས་རྒྱུགས་ལེན་མི་ཐེངས24སྤེལ། ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཀྱི་དོན་ཚན43བསྒྲུབས་པ་དང་། མི1477ལ་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱས་ལ། 《ཁྲིམས་ཁྱབ་མཚོ་བྱང》སོགས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ཁྱབ་ལེ་ཚན་སྔ་རྗེས་སུ་བཙུགས། འཇུ་ལག་རྫོང་ཁྲིམས་འཛིན་ཅུ་ལ་རྒྱལ་ཡོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་གྱི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ། ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནན་མོ་སྤེལ་ཏེ། སྤྱོད་གཙང་སྲིད་སྐྱོང་གི་འགན་འཁྲི་ལག་བསྟར་བྱས། ཕྱོགས་ཡོངས་ལ་ཁྱབ་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་མ་ལག་བཙུགས་པ་དང་། ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚན་པས་སྣེ་ཁྲིད་ནས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱས་ལ། རང་དཔེ་གཞན་སྟོན་དང་རང་གཅུན་ནན་མོ་བྱས་ནས། དམངས་དོན་དང་དངོས་སྒྲུབ། སྤྱོད་གཙང་བཅས་ཀྱི་མིག་དཔེ་བརྩོན་ལེན་བྱས་ཏེ། སྲིད་གཙང་གསལ་འདེབས་ཀྱི་གླེང་མོལ་མི་ཐེངས208སྤེལ། ལས་གཞི་འཛུགས་སྐྲུན་དང་སྲིད་གཞུང་གི་ཉོ་སྒྲུབ། དམིགས་འགུག་སོགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་སྤེལ་བ་དང་། མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་། རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་དམ་འཛིན་ནན་མོ་བྱས་ཏེ། རུལ་སུངས་གནད་དོན་དང་དྲང་བདེན་མིན་པའི་སྤྱོད་ཚུལ་མགོ་ཁུངས་ནས་སྔོན་འགོག་བྱས་ནས། སྤྱོད་གཙང་སྲིད་སྐྱོང་གི་མཐའ་ཚད་བརྟན་པོར་སྲུང་ཡོད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱི་རིམ་པ་སོ་སོའི་ལས་བྱེད་པས་ལས་དོན་སྒྲུབ་འདོད་པ་དང་། ལས་དོན་སྒྲུབ་ཐུབ་པ། ལས་དོན་ལེགས་འགྲུབ་བྱུང་བ་བཅས་ཀྱི་རྣམ་པ་སྔར་བས་ཇེ་ལེགས་སུ་སོང་ཡོད།

2024ལོར་ཕྱིར་མིག་བལྟས་ན། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་ཆེར་འགྲོ་བའི་རྙོག་འཛིང་ཛ་དྲག་གི་གནས་བབ་འོག  ང་ཚོས་ཁུལ་ཡོངས་ཀྱི“ཁྱོན་ཡོངས”ལ་གཅིག་གྱུར་འཆར་འགོད་བྱེད་པར་ལས་དོན་མང་པོ་བསྒྲུབས་ཡོད་པ་དང་། ལྷག་པར་དུ་ཐུན་མོང་གྲོས་མོལ་དང་།  དམངས་གཙོས་ཇུས་འགོད། གོང་འོག་མཉམ་འགུལ། གཡས་གཡོན་མཐུན་སྦྱོར་སོགས་ཀྱི་ལས་དོན་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་རྒྱུན་མཐུད་ངང་སྟོབས་ཤུགས་བཀོལ་བས། ཕན་འབྲས་དང་གྲུབ་འབྲས། རྒྱུགས་འབྲས་མི་ཉུང་བ་ཞིག་བླངས་ཡོད། ང་ཚོས་དམག་དཔུང་དང་ས་གནས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་དང་། གཉིས་སྐྱོར་མཉམ་འཛུགས་དང་དམག་འཁྱུར་དམག་མིའི་ཞབས་ཞུའི་འགན་ལེན་ལ་ལེའུ་གསར་བ་རྩོམ་པར་ཤུགས་སྣོན་བྱས། མཚོ་དམག་མདོ་ལ་རིང་མོའི་དམག་གྲུ་དང་གཉིས་སྐྱོར་མཉམ་འཛུགས་ཀྱི་འབྲེལ་བ་བཙུགས་པ་དང་། འཇུ་ལག་ཞིང་ཁ་སྡེ་བ་དམག་དཔུང་གིས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་སྡེ་བ་བརྒྱ་ཡི་དཔེ་སྟོན་མིང་ཐོའི་ནང་བདམས་ལ། མདོ་ལ་གཡང་སྐྱབས་ནོར་བུ་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་དམག་འཁྱུར་དམག་མིའི་མཚན་སྙན་ཐོབ། ང་ཚོས་བཟོ་ཚོགས་དང་། གཞོན་ནུ་དང་བུད་མེད་མཉམ་ལྷན། རྩོམ་རིག་དང་ཚན་རིག་མཐུན་ཚོགས། བཟོ་ཚོང་མཉམ་ལྷན། རྒྱ་གྲམ་དམར་པོ་ཚོགས་པ་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་བ་དང་། རྩིས་བཤེར་ལྟ་སྐུལ་དང་སྡོམ་རྩིས་བརྟག་དཔྱད། ལས་ཁུངས་ལས་དོན། སྡོད་ཁང་སྤྱི་གསོག་མ་དངུལ། ས་གནས་ལོ་རྒྱུས། ཡིག་ཚགས། གསང་སྲུང་། ཕྱི་དོན། གསར་འགྱུར། གནམ་གཤིས་སོགས་ཀྱི་ལས་དོན་ལ་རྣམ་པ་གསར་པ་གཏོད་རྒྱུར་གཅིག་གྱུར་སྐུལ་འདེད་བཏང་ཡོད། འདས་ཟིན་པའི་ལོ་གཅིག་གི་ནང་། མཚོ་བྱང་ས་གཞིའི་ཐོག་གི་ངལ་རྩོལ་པ་དང་། འཛུགས་སྐྲུན་བྱེད་མཁན། གསར་གཏོད་བྱེད་མཁན་བཅས་ཚང་མས་ཕུགས་འདུན་གྱི་ཆེད་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད་པ་དང་། རང་གི་ཕ་སར་བརྩེ་བ་ཟབ་པའི་མཚོ་བྱང་གི་བུ་དང་བུ་མོ་ཚོས་ཕ་ཡུལ་འཕེལ་རྒྱས་ཐད་ལ་བསྒྲུབས་པའི་འབད་བརྩོན་ཡོད་ཚད་ཧ་ཅང་རྩ་ཆེན་ཡིན། མཚོ་བྱང་གི་ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་ཀྱག་ཀྱོག་ཡིན་ཞིང་དཀའ་ཚེགས་ཆེ་ལ།  གྲུབ་འབྲས་ཐོབ་པ་ལས་སླ་མོ་མིན་པས་སྐུལ་མ་ཐེབས་པ་དང་། ཁྱད་པར་དུ་ང་ཚོར་སེམས་ཤུགས་དང་ཡིད་ཆེས་སྐྱེད་དུ་བཅུག་ཡོད།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་དོ་ཁུར་བྱས་པར་ཁ་འབྲལ་ཐབས་མེད་པ་མ་ཟད། ཞིང་ཆེན་ཐད་གཏོགས་ཐིང་དང་ཅུ་ཁག་དང་། ཧྲན་ཏུང་ཞིང་ཆེན་དང་། མཚོ་སྐྱོར་ཀྲུང་དབྱང་ཁེ་ལས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་རྒྱབ་སྐྱོར་རོགས་རམ་བྱས་པའི་འབྲས་བུ་ཡིན། ཁྱད་པར་དུ་ཁུལ་ཨུས་སྲ་བརྟན་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་ལྟ་སྐུལ་རྒྱབ་སྐྱོར། ཁུལ་ཡོངས་ཀྱི་སྲིད་གཞུང་མ་ལག་གིས་དམ་འཛིན་དངོས་སྒྲུབ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བཅས་བྱས་པའི་གྲུབ་འབྲས་ཀྱང་ཡིན་པས། ད་ལྟ། ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་ཡོངས་དང་། དམངས་གཙོའི་ཏང་ཁག  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། བཟོ་ཚོང་མཉམ་འབྲེལ། མི་དམངས་ཚོགས་པ། ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་སྡེ་ཚན་དང་། ཁུལ་དུ་སྡོད་པའི་དམག་དཔུང་། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ཉེན་རྟོག་པ། མེ་གསོད་རོགས་སྐྱོབ་དཔུང་ཁག་གི་བཀོད་འདོམས་པ། ད་དུང་མཚོ་བྱང་གི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུ་ཨུ། ཀྲུང་དབྱང་ཁེ་ལས་དང་རྒྱལ་ཁབ་ཁེ་ལས། རོགས་སྐྱོར་མཉམ་ལས་ཚན་པ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་མ་ཟད། བླ་ན་མེད་པའི་གུས་འདུན་ཞུ་བ་ཡིན།

འདས་ཟིན་པའི་ལོ་གཅིག་གི་ནང་། མཚོ་བྱང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད་མོད། འོན་ཀྱང་། ད་དུང་དཀའ་གནད་དང་འགག་རྩར་གྱུར་བའི་གནད་དོན་ཁག་གཅིག་མུ་མཐུད་འགག་སྒྲོལ་བྱེད་དགོས་སྟེ། གཙོ་བོ་ནི། ཐོན་ལས་རིགས་སྒྱུར་རིམ་སྤོར་གྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་བ་དང་། ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ཅན་གྱི་ཆུ་ཚད་དམའ་བ། བཟོ་ལས་དང་གཏེར་ལས་ཀྱི་ལྗང་མདོག་ནུས་སྤྲོད་ཀྱི་རྨང་གཞི་ཞན་པ། ཞབས་ཞུའི་ལས་རིགས་ཀྱི་རྣམ་པ་གསར་པའི་འཕེལ་རྒྱས་དལ་བ། ཐོན་ལས་ཐེངས་གསུམ་མཉམ་འདྲེས་འཕེལ་རྒྱས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྔར་བཞིན་དཀའ་ངལ་མང་པོ་ཡོད། དཔལ་འབྱོར་འཁོར་རྒྱུག་གི་གསོན་ཤུགས་སྔར་བཞིན་མི་འདང་བ་དང་། རྣམ་གྲངས་ལ་མ་དངུལ་འཇོག་པའི་སྔོན་དུས་ཀྱི་འཆར་འགོད་གྲ་སྒྲིག་ད་དུང་མི་འདང་བ། ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་དང་ཡུན་རིང་ལ་ཕན་པའི་རྣམ་གྲངས་གལ་ཆེན་གྱི་གྲངས་ཀ་ཉུང་བ། ཚོང་དོན་ཁེ་ལས་ཀྱི་གྲངས་འབོར་ཉུང་ཞིང་གཞི་ཁྱོན་ཆུང་བ། ཁུལ་ཕྱི་དང་ལྷག་པར་དུ་ཞིང་ཆེན་ཕྱི་དང་། ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་པ་མི་འདང་བ། ས་ཁོངས་ནང་ཁུལ་གྱི་དཔལ་འབྱོར་གསོན་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་བར་གྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་སྐུལ་འདེད་གཏོང་བར་སྔར་བཞིན་འགལ་རྐྱེན་མང་པོ་ཡོད། ཞབས་ཞུའི་སྒྱུར་བཅོས་འཕེལ་རྒྱས་ཆུ་ཚད་སྔར་བཞིན་དམའ་བ་དང་། ཁེ་ལས་ལ་ཕན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཕན་འབྲས་ད་དུང་མངོན་ཐུབ་མེད། ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་བཀག་རྒྱ་ད་དུང་ཡོངས་སུ་སེལ་ཐུབ་མེད། ཁེ་ལས་ཁག་གཅིག་གི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཅུང་ཡོད་པས། སྒྱུར་བཅོས་གཏིང་ཟབ་བཏང་ནས་དེང་རབས་ཅན་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཡོངས་སུ་མངོན་མེད། ནོར་སྲིད་གཏོང་ཡོང་དོ་མཉམ་ཡོང་བའི་གནོན་ཤུགས་སྔར་བཞིན་ཅུང་ཆེ་བ་དང་། ནོར་ཁྲལ་འབབ་འཕར་བར་གྱི་བར་སྟོང་ཅུང་ཆུང་བས། བཀོལ་སྤྱོད་ཆོག་པའི་ནོར་སྲིད་སྟོབས་ཤུགས་མུ་མཐུད་དུ་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཡིན་ནའང་ངེས་པར་གཏོང་དགོས་པའི་འགྲོ་སོང་ལོ་རེ་བཞིན་འཕར་བཞིན་ཡོད་པས། “འགན་ལེན་གསུམ”གྱི་མ་མཐའི་ཚད་ཐིག་གཅིག་གྱུར་བརྟན་སྲུང་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགལ་བ་མུ་མཐུད་དུ་ཐག་གཅོད་བྱེད་དགོས། དེ་བས་ང་ཚོས་དཀའ་ངལ་ལ་མཛེམ་པར་ཁ་གཏད་ནན་འཇལ་དང་། ཡིད་ཆེས་བརྟན་པོ་དང་ཐབས་མང་མཉམ་སྤྱོད། ཐབས་བརྒྱ་ཇུས་སྟོང་གིས་དཀའ་གནད་སེལ་བ་དང་འགག་གནད་གཏོར་ཏེ། མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞན་ཆར་ཁ་གསབ་དང་གོང་འཕེལ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

2025ལོའི་ལས་དོན་བསམ་ཕྱོགས།

2025ལོ་ནི་ནུས་ཤུགས་ཡོད་རྒུས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བར་བརྩོན་ལེན་བྱེད་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་བཀོད་པ་ཁྱོན་ཡོངས་ནས་འཆར་འགོད་བྱེད་པའི་ལོ་ཞིག་ཀྱང་ཡིན། ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གནད་ལ་འཁེལ་བར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཨུ་ལྷན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བླང་བྱ་ལྟར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱིའི་བཀོད་པའི་ནང་སྔར་བས་བློ་བརྟན་འགྱུར་མེད་དང་རང་འགུལ་ངང་ཞུགས་ཏེ་ཞབས་འདེགས་ཞུ་བ་དང་།  “ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་དང་“དེ་བས་གལ་ཆེ་བ་གསུམ་”གྱི་འཐབ་ཇུས་གནས་བབ་ལ་གཞིགས་པ། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”ལ་སྐུལ་འདེད་གཏོང་བ། “243”འཕེལ་རྒྱས་བཀོད་པ་འཛུགས་རྒྱུར་དམིགས་ནས།    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་དང་ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། དྲང་སྲུང་གསར་གཏོད་དང་སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས། སྒྱུར་བཅོས་གཏིང་ཟབ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྔོན་ཐོབ་དང་ལྗང་མདོག་འཕེལ་རྒྱས། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་དང་། སྐྱེ་ཁམས་སྤུས་ཚད་མཐོར་འདེགས་དང་། དཔལ་འབྱོར་འཕེལ་རྒྱས་གོང་འཕེལ། མི་དམངས་བདེ་སྡོད་ལས་བརྩོན། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོན་པོའི་ངང་ལེགས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་བ། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་ལེའུ་འབད་བརྩོན་གྱིས་འབྲི་རྒྱུ་ཡིན།

ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར4.5%ཡས་མས་འཕར་ནས་འབྲས་བུ་དེ་བས་ལེགས་པ་བརྩོན་ལེན་བྱ་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད6%ཡན་འཕར་བ།  སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར4%ཡན་འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་མཐུན་སྦྱོར་གྱིས་དུས་མཉམ་དུ་འཕར་བ། སྡོད་དམངས་ཀྱི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་བ་དུས་མཉམ་ཡིན་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་སུ་ཚོད་འཛིན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད3.5%ནང་ཚོད་འཛིན་བྱེད་པ། འབྲུ་རིགས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི31ཡན་དུ་བརྟན་པོ་ཡོང་བར་བྱེད་པ། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་དུ་སླེབས་པ། ཆུ་བོ་གཙོ་བོ་མཚམས་ཕྱིར་ཐོན་པའི་བཅད་ངོས་ཀྱི་ཆུ་སྤུས་གཏན་འཇགས་ངང་རིགསⅡདང་དེའི་ཡན་ལ་སླེབས་པ་རྒྱུན་འཁྱོངས་བྱེད་པ། ནུས་ཁུངས་ཟད་གྲོན་ཚད་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དུས་ཡུན་ནང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་དང་མཐུན་པ། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་ཚད་ཇེ་ཉུང་དུ་གཏོང་བའི་དམིགས་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་བྱེད་པ་བཅས་ཡིན།   

ལོ་གསར་པའི་ནང་། ང་ཚོས་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་སྐྱེ་ཁམས་ཤེས་རིག་གི་མཐོ་ས་གསར་པ་གཏོད་རྒྱུ་ཡིན།

གཅིག་ནས“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་བྱེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བར་བརྩོན་ལེན་བྱ་རྒྱུ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། རྒྱལ་ཁབ་སྤྱི་གླིང་ནང་གི་གཏེར་ཁའི་དབང་ཆ་ཕྱིར་འཐེན་བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཚད་གཞི་མཐོ་བའི་འཁོར་སྐྱོད་ཤུགས་ཚད་ཆེ་རུ་གཏོང་བ། མཚོ་སྔོན་པོའི་བྱང་ངོགས་ཀྱི་མཁར་གྲོང་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བརྒྱུད་འདྲེན་དང་གད་སྙིགས་སྤྱོད་མཚམས་འཇོག་པའི་སྒྲིག་བཀོད་ཀྱི་རྒྱུན་ལྡན་བདག་སྐྱོང་ལ་སྐུལ་འདེད་གཏོང་བ། ཁ་བཀང་ཟིན་པའི་གད་སྙིགས་ས་སྦུག་བྱེད་ས4སྒོ་རྒྱག་པའི་རྣམ་གྲངས་ལག་བསྟར་བརྩོན་ལེན་བྱེད་པ། ཁུལ་སྲིད་གཞུང་དང་རྫོང་མཁར་གནས་སའི་མཁར་གྲོང5ཡི་ཆར་ཆུ་དང་བཙོག་ཆུ་དབྱེ་འབྱེད་ཚོད་ལྟའི་ས་ཚིགས་བསྐྱར་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་ཆུ་གནས་མཐོ་རུ་ཕྱིན་ཏེ་བསྣུབས་པའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་བཀོད་སྒྲིག་དང་། ལས་ཞུགས་འབབ་འཕར་ལས་དོན་ལེགས་པོར་བསྒྲུབ་པ། མཚོ་སྔོན་པོ་དང་མདོ་ལ་རིང་མོའི་སྐྱེ་ཁམས་གནས་སྐོར་བར་སྟོང་བཀོད་པ་དང་དམིགས་བསལ་ཆོག་མཆན་བཀོད་པའི་གཉེར་སྐྱོང་འཆར་འགོད་འཐུས་ཚང་དུ་གཏོང་བ། གནས་སྐོར་རྣམ་གྲངས་ཀྱི“ལག་ཁྱེར་གསུམ”གྱི་དོ་དམ་རྐྱེན་སྲོལ་འགན་ལེན་དང་བེད་སྤྱོད་ཡག་པོ་བྱེད་པ། མཐོན་པོ་སྒང་དང་། བྱེ་མ་ལ་བདུན། དམག་སྒར་བཅུ་གཉིས་པའི་གྲུ་ཁ། ཁིས་ཐོག་བྱེ་མ་བཅོས་སྐྱོང་ས་ཚིགས་བཅས་ཀྱི་ཞིབ་སློབ་ལམ་ཐིག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། བྱ་གླིང་དང་བྱེ་གླིང་སོགས་དམིགས་བསལ་ཆོག་མཆན་བཀོད་པའི་གཉེར་སྐྱོང་མཛེས་ལྗོངས་ཁུལ་གྱི་འཁོར་སྐྱོད་སླར་གསོ་ཐུབ་པར་མུ་མཐུད་བརྩོན་ལེན་བྱ་རྒྱུ།

གཉིས་ནས“རི་ཆུ་ནགས་ཞིང་རྩྭ་མཚོ་བྱེ་ས”ཡི་མ་ལག་ལྡན་པའི་སྲུང་སྐྱོང་ལ་ཕན་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ། རེས་སྐོར་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་བཅོས་སྒྲིག་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དམ་འཛིན་བྱས་ཏེ། ཁུལ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་མ་ལག་གིས་སྲུང་སྐྱོང་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏང་རྒྱུ། མ་དངུལ་སྒོར་དུང་ཕྱུར30ཙམ་བཏང་བའི་མཚོ་སྔོན་པོའི་རི་ཆུ་ནགས་ཞིང་རྩྭ་མཚོ་བྱེ་ས་ཡི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གཞི་འཆར་འགོད་གང་ལེགས་བྱ་རྒྱུ། “བྱང་གསུམ”ལས་གཞིའི་དུས་མཚམས་དྲུག་པའི་འགག་སྒྲོལ་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་སྟེ། བྱེ་འགྱུར་ས་ཞིང་མུའུ་ཁྲི21.6བཅོས་སྐྱོང་དང་རི་བཀག་ནགས་གསོ་མུའུ་ཁྲི7ལེགས་འགྲུབ་བྱ་རྒྱུ། ནམ་མཁའ་གཡའ་དག་ལ་ཆུ་བོ་དྭངས་པའི་དག་གཙང་སྲུང་སྐྱོབ་ཀྱི་གཡུལ་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་གཏོང་བའི་སྡོམ་འབོར་མུ་མཐུད་དུ་ཇེ་ཉུང་། ལོ་ཧྲིལ་པོའི་མཁའ་རླུང་ལེགས་ཚད95%ཡན་ཟིན་པར་བྱ་རྒྱུ། རྒྱ་མདོ་ཆུ་མཛོད་ལས་གཞི་ལེགས་གྲུབ་དང་དེའི་ཞིབ་བཤེར་རྩིས་ལེན་དང་ཤྭ་ཐང་ཆུ་མཛོད་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏང་རྒྱུ། མུ་རི་ཆུ་བོ་དང་འབྲོང་ཆུ་སོགས་ཆུ་ལམ་བཅོས་སྐྱོང་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ། ཆུ་རྒྱུད་ཆེན་པོ་གསུམ་གྱི་སྤྱིའི་ཆུའི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་དང་། ཞིང་ཆེན་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ4གསར་སྐྲུན་བྱ་རྒྱུ།  

གསུམ་ནས“ཕྱོགས་གསུམ་མཉམ་ཕན”ལ་རྒྱུན་རྣམ་དང་ཕུགས་ཕན་གྱིས་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུར་དམིགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏང་རྒྱུ་དང་། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏང་རྒྱུ། ལྗང་མདོག་དང་ཐཱན་ཉུང་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་གཏོད་རྒྱུ། འཇུ་ལག་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དང་། “རི་བོ་གཉིས”ཀྱི་ལག་ལེན་གསར་གཏོད་རྟེན་གཞི་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་གཏང་རྒྱུ། མདོ་ལའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་ཚོད་ལྟའི་ས་ཚིགས་ལ་སྐུལ་འདེད་གཏང་རྒྱུ། རྐང་ཚའི་ཁུལ་ཡོངས་ཀྱི་རྩྭ་ཐང་ཐཱན་འདུས་རྣམ་གྲངས་དང་པོ་གསར་སྤེལ་ཡག་པོ་དང་། མདའ་བཞིས་སྐྱེ་ཁམས་གཙོ་བོར་བཟུང་སྟེ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་སྐྲུན་པའི་འཕེལ་རིམ་མགྱོགས་སུ་གཏང་རྒྱུ། སྐྱེ་ཁམས་ཉམས་ལེན་དང་། རང་བྱུང་སློབ་གསོ། ནགས་བརྟེན་དཔལ་འབྱོར་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ། སྤྱི་ཚོགས་ཡོངས་སྐུལ་སློང་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་མཚོ་བྱང་ཐུན་མོང་དུ་འཛུགས་སྐྲུན་དང་། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་། སྐྱེ་ཁམས་ཀྱི་མཛེས་པ་དོད་པའི་མཚོ་བྱང་གི་ས་གཞིའི་སྟེང་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག་ལྡན་པའི“ཕྱོགས་གསུམ་མཉམ་ཕན”གྱི་ལེའུ་གསར་པ་ཞིག་བྲི་རྒྱུ།   

ལོ་གསར་པའི་ནང་། ང་ཚོས་ཐོན་ལས་ཐེངས་གསུམ་ལ་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་སྟེ། དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ་ཡིན།

གཅིག་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ། “5+8+N”ཡི་ཞིང་ཕྱུགས་ཐོན་ལས་མ་ལག་སྟོབས་ཆེར་གཏོང་རྒྱུར་དམིགས་ནས།    “གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་ལས་གཞིའི་ཚད་གཞི་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བར་མུ་མཐུད་དུ་སྐུལ་འདེད་དང་། 《མཚོ་བྱང་ཁུལ་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》བཟོས་ནས་འགྲུབ་རྒྱུ་དང་། བོད་ལུག་གི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་རྣམ་གྲངས་ཁག་ཅིག་ལག་བསྟར་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་བོད་ལུག་རྒྱུད་བཟང་མཁོ་སྤྲོད་རྟེན་གཞི་འཛུགས་རྒྱུ་ནས་མགོ་བརྩམ་སྟེ། བོད་ལུག་དང་། ནོར་གནག ནས། ལོག་དཀར། གཟན་རྩྭ་བཅས་ཀྱི་སོན་ལས་ནུས་པ་ཆེ་རུ་གཏོང་བའི་ལས་གཞི་ལག་བསྟར་བྱ་རྒྱུ། “ནོར་ལུག་ཁྲི་སྟོང”གི་གསོ་སྤེལ་རྟེན་གཞི3དང་། བོད་ལུག་དང་ནོར་གནག་རིགས་རྒྱུད་སྲུང་སྐྱོང་མཁོ་འདོན་རྟེན་གཞི2དང་། འབྲུ་སྣུམ་ལོ་ཏོག་ཚད་ལྡན་ཅན་གྱི་དཔེ་སྟོན་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི5དང་། ནས་དང་ལོག་དཀར་སོན་ལེགས་གསོ་སྤེལ་རྟེན་གཞི་མུའུ་ཁྲི5བཅས་གསར་དུ་བསྣན་ཏེ། “གསོ་སྤེལ་དང་སྐུལ་འདེད”་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལོ་ཏོག་མུའུ་ཁྲི85འདེབས་པ་དང་ནོར་ལུག་མགོ་གྲངས་ཁྲི150འཚག་ཐོན་བྱ་རྒྱུ།  མཚོ་བྱང་གིས་ཞིང་ཆེན་ཡོངས་ཀྱི་རྩྭ་ཕྱུགས་འཁོར་སྐྱོད་ཁུལ་གཏོད་པ་དང་མདའ་བཞིས་རྒྱལ་ཡོངས་ཀྱི་རྩྭ་ཐང་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་ཚོད་ལྟའི་རྫོང་གཏོད་པའི་གོ་སྐབས་དམ་འཛིན་དང་། མདོ་ལའི“བོད་ལུག་དཀར་པོའི་ཕ་ས”དང“ཤ་མོ་སེར་པོའི་ཕ་ས” འཇུ་ལག་གི“གྲོ་མའི་ཕ་ས”དང“མཚོ་སྔོན་གྱོ་རྒྱའི་ཕ་ས”བཅས་ཀྱི་མཚན་སྙན་དང་། རྐང་ཚའི“མཚོ་སྔོན་པོའི་ནོར་གནག”དང“མཚོ་སྔོན་པོའི་བོད་ལུག”བཅས་ཀྱི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ཏེ།    ས་ཁོངས་ཡོངས་ཀྱི་རྩྭ་ཐང་དང་རྨོ་ཞིང་གི་སྐྱེ་ལྡན་ཁས་ལེན་ལ་སྐུལ་འདེད་གཏོང་བ་དང་། བོད་ལུག་དང་། ནོར་གནག ནས། ལོག་དཀར། ཟས་སྤྱོད་སྲིན་རིགས། སྦྲང་རྩི། སྤེན་མའི་བོད་ཇ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་ལེགས་པོ”ཞེས་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཁྱབ་ཁོངས་ནང་དུ“མདོ་ལའི་བོད་ལུག”དང“རྐང་ཚའི་ནོར་གནག”དང་། “འཇུ་ལག་གི་ལོག་དཀར”དང་།  “མདའ་བཞིའི་ལུ་གུའི་ཤ”སོགས་སྤུས་རྟགས་ཧུར་ཐག་གིས་གཏོད་པ་དང་། ལྗང་མདོག་སྐྱེ་ལྡན་ས་ཁམས་མཚོན་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཁས་ལེན་དང་ཚོང་རྟགས་གྲགས་ཅན་ཐོ་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཡོངས་ཀྱི་ཁྱད་ཐོན་གྲགས་ཅན2ཡན་སྐྱེད་སྲིང་བྱ་རྒྱུའི་རེ་ཞུ་དབུལ་རྒྱུ། འཇུ་ལག་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་མུ་མཐུད་འཛུགས་སྐྲུན་དང་། མདའ་བཞི་རྫོང་ཞིང་ཕྱུགས་ཐོན་ལས་གླིང་སྒྱུར་བཀོད་དང་མཐོར་འདེགས་གཏོང་བ།    མདོ་ལ་དང་རྐང་ཚའི་རིག་ནུས་ཞིང་ཕྱུགས་ལས་སྟེགས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་།    “གླིང་ཁུལ+ལས་སྟེགས”ཅན་གྱི་མཉམ་ལས་གཉིས་ཕན་གྱི་རྣམ་པ་སྤྱད་དེ་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་དང་སློབ་གསོའི་མཉམ་འདུས་གཟུགས་དང་ཞིང་ཕྱུགས་ལས་ཐོན་སྐྱེད་དང་། ཚན་རྩལ། སྐྱེ་ཁམས། ལྟ་སྐོར་སོགས་སྣ་མང་མཉམ་འདྲེས་ཀྱི་བྱེད་པོ་ཁག་ཅིག་གསོ་སྐྱོང་བྱ་རྒྱུ། “ས་གནས་གསུམ་དང་ཚོང་སྒྲོམ་བརྒྱ”ཡི་ཚོང་ཁང30ཡན་གསར་སྣོན་བྱ་རྒྱུ་དང་། རྫོང་ཚང་མས་ཟི་ལིང་གི་ཚོང་གཉེར་ཁུལ་གཙོ་བོར་ཉུང་མཐར་ཡང“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་ལེགས་པོ”ཞེས་པའི་སྣ་འདྲེན་ཚོང་ཁང་གཅིག་འབྱེད་པ། ཐོན་ཁུངས་ཀྱི་སྦྲེལ་ཐག་ལེགས་སུ་གཏོང་བ་དང་། ཐོན་རྫས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ། ཕྱིར་འཚོང་གི་སྦྲེལ་ཐག་རྒྱ་ཆེར་གཏོང་བ་བཅས་ལ་སྐུལ་འདེད་ཀྱིས། ཞིང་ལས་ཐོན་རྫས་སོ་སོའི་ཁྱད་ཆོས་ལྟར་གཉེར་སྐྱོང་དང་སྤུས་ཀ་ལེགས་ལ་རིན་གོང་བདེ་བ་མངོན་འགྱུར་བྱེད་པ་དང་། “མཚོ་བྱང་གི་ཚོང་རྟགས་”དང་། “མཚོ་བྱང་གི་ཞིང་ལས་ཚོང་རྟགས”བཅས་ཀྱི་རང་ཡུལ་གྱི་ཐོན་རྫས་ཀྱི་སྤུས་རྟགས་དར་སྤེལ་གཏང་རྒྱུ།

གཉིས་ནས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མ་གསར་སྤེལ་འདུ་འཛོམ་ཁུལ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ། རྒྱལ་ཁབ་ཀྱི་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཏུ་གསར་སྤེལ་དང་།    “ཤར་གྲངས་ནུབ་རྩིས”ཀྱི་བཀོད་པ་དང་རང་ཞིང་གི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་གསར་སྤེལ་འདུ་འཛོམ་ཁུལ་གྱི་ཁ་ཕྱོགས་དང་བསྟུན་པ། འོད་ཤུགས་གླིང་ཁུལ5དང་རླུང་གློག་རྟེན་གཞི4ལ་བརྟེན་ནས། ནུས་ཁུངས་གཙང་མའི་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ། རྐང་ཚ་དང་མདོ་ལའི་འཛུགས་སྐྲུན་བྱེད་བཞིན་པའི་ནུས་ཁུངས་གཙང་མའི་རྣམ་གྲངས་སྟོང་ཝ་ཁྲི90.5བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་རྩོམ་པར་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། རྐང་ཚའི་ས་མཐོའི་སྟོང་ཝ་ཁྲི100ཡི་མཚན་མོའི་རླུང་གློག་སོགས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། མདའ་བཞིའི་ཁིས་ཐོག་སོགས་བྱེ་ཐང་དང་། མྱ་ངམ་ཐང་། ས་རྒོད་ས་ཁུལ་གྱི་འོད་ཤུགས་ཐོན་ལས་ཀྱི་རྣམ་གྲངས་གསར་པ་ལག་བསྟར་བྱེད་པ་བརྩོན་ལེན་བྱ་རྒྱུ། ལྗང་མདོག་ཕྱོགས་བསྡུས་ནུས་ཁུངས་གླིང་ཕྲན་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་གཏང་རྒྱུ། ཆུ་ཁོལ་གྱི་སྟོང་ཧྥུ750ཅན་གྱི་དྲ་སྒྲོམ་གཙོ་བོའི་དུས་མཚམས་སྔོན་མ་དང་། སྟོང་ཧྥུ330ཅན་གྱི་དྲ་སྒྲོམ་འཆར་འགོད། སྟོང་ཧྥུ110ཅན་གྱི་དྲ་སྒྲོམ་ཁ་གསབ་དང་ཤུགས་སྣོན་བཅས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། བྱང་རི་དང་འོམ་ཆུའི་སྟོང་ཧྥུ110ཅན་གྱི་གློག་འདྲེན་དང་གློག་སྒྱུར་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་གཙང་མ་གཞི་ཁྱོན་ཆེན་པོས་ཕྱིར་གཏོང་བྱེད་པའི་ལམ་བུ་མགྱོགས་མྱུར་ངང་བསྐྲུན་རྒྱུ། རྩིས་གློག་མཐུན་སྦྱོར་གྱི་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་བཏང་ནས་ལན་ཅན་ཅུན་ཞིན་མཚོ་བྱང་ལྗང་མདོག་རིག་ནུས་རྩིས་ཤུགས་ལྟེ་གནས་དང་གཞི་གྲངས་གསོག་འཇོག་ལྟེ་གནས་གཉིས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་རྒྱུ། ནུབ་མཚོ་རྡོ་སོལ་སོགས་རྡོ་སོལ་གཏེར་ཁའི་ཁེ་ལས་ཀྱི་ཚན་རྩལ་ཅན་གྱི་བསྒྱར་བཀོད་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་ཁྲིད་སྟོན་བྱས་ཏེ། ཚད་ལྡན་ཅན་གྱི་ལྗང་མདོག་གཏེར་རི་མགྱོགས་མྱུར་ངང་བསྐྲུན་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས1གསོ་སྐྱོང་གང་ཐུབ་བྱས་ཏེ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་ཚད6%ཡན་འཕར་བར་བྱ་རྒྱུ་བཅས་ཡིན།     

གསུམ་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པར་གྲུབ་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ། ལྗང་མདོག་སྐྱེ་ཁམས་དང་། གསར་བརྗེའི་སྙིང་སྟོབས། སྣ་མང་རིག་གནས་བཅས་ཀྱི་ཐོན་ཁུངས་ཆེན་པོ་གསུམ་སྔོག་འདོན་གང་ལེགས་བྱེད་པ་དང་། མདོ་ལ་རིང་མོར་སྲུང་སྐྱོང་ཡག་པོ་བྱེད་པ། མཚོ་སྔོན་པོར་སྲུང་སྐྱོང་ཡག་པོ་བྱེད་པ། རྡུལ་ཕྲན་མཁར་བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ། “ཞིང་ཆེན་བཞི་དང་གྲོང་ཁྱེར་བཅུ་གཉིས”ཀྱི་ས་ཁོངས་གནས་སྐོར་མཛེས་ལྗོངས་ཁུལ་མནའ་འབྲེལ་སོགས་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་དང་ཀན་སུའུ། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་ཞིན་ཅང་། མཚོ་སྔོན་དང་སི་ཁྲོན་བཅས་ཀྱི་སྐྱེ་ཁམས་གནས་སྐོར་ལམ་ཐིག་ཆེན་པོའི་ནང་ཟབ་མོར་ཞུགས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བརྩོན་ལེན་བྱ་རྒྱུ། “123”Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་ལས་གཞི་ལག་བསྟར་ཡག་པོ་བྱེད་པ། མདའ་བཞིའི་གསེར་དངུལ་ཐང-རྡུལ་ཕྲན་མཁར་དང་། འཇུ་ལག་གི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ་རྒྱལ་ཁབ5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་རྣམ་གྲངས་ཧུར་ཐག་གིས་རེ་ཞུ་བྱེད་པ། འཇུ་ལག་མེ་ལྷ་གངས་དཀར་མཛེས་ལྗོངས་ཁུལ་གྱི་ནང་དོན་མཐོར་འདེགས་དང་མདོ་ལའི་སྟོང་སོའི་ནགས་ཚལ། རྐང་ཚའི་ཨ་མྱེས་ཞལ་དཀར། མདའ་བཞིའི་ཤྭ་ལུང་ཆུ་ཚན་སོགས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ། མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་ལྗོངས་གཟིགས་ས་ཚིགས6གི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏང་རྒྱུ། རྐང་ཚས“བྱ་ལ་ལྟ་སའི་གྲོང་རྡལ་ཆུང་ཆུང”འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་དཔེ་སྟོན་སྡེ་བ་དང་སྣེ་ལེན་ས་ཚིགས་གསར་འཛུགས་རེ་ཞུ་བྱེད་ཤུགས་ཆེ་རུ་གཏང་རྒྱུ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་མཚོ་སྔོན་པོ་དཔེ་སྟོན་ཁུལ་གྱི་འཕར་སྣེ་གསར་པ་གཏོད་རྒྱུ། མཚོ་སྔོན་པོ་སྙན་ངག་དུས་ཆེན་དང་། ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན། འཇུ་ལག་གི་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་གྱི་མུ་འབྲེལ་བྱེད་སྒོ་སོགས་སྤུས་རྟགས་སྟོབས་ལྡན་དུ་གཏང་རྒྱུ། མདའ་བཞི“སྐྱ་རྩལ་རྫོང”དང་དཔལ་དགེ“གཙོད་གྲོང”སོགས་ཀྱི་ཐོན་ཁུངས་སྔོག་འདོན་བྱ་རྒྱུ། རྐང་ཐང་།  རྟ་རྒྱུག མདའ་འཕེན། ལྕགས་རྟ་སོགས་སྤུས་ལེགས་འགྲན་བསྡུར་ཆེན་པོ་བཞི་རྒྱུན་རྣམ་ཅན་གྱིས་སྤེལ་བ་དང་། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དང་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེ་གྲ་བའི་འགྲན་བསྡུར་སོགས་བྱེད་སྒོ་ཡག་པོ་གཉེར་བ། “ཞིང་ལས། ལུས་རྩལ། རིག་གནས། གནས་སྐོར། ཚོང་དོན”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏང་རྒྱུ། གནས་སྐོར་མི་ཐེངས་དང་ཡོང་འབབ་ཚང་མ20%ཡས་མས་འཕར་སྣོན་ཡོང་བར་བརྩོན་ལེན་བྱ་རྒྱུ།

བཞི་ནས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ། ཁུལ་ཡོངས་ཀྱི་ཐོན་ལས་གླིང་ཁུལ10དང་ཁུལ་རྒྱལ་ཁབ་མ་འཇོག ཞིང་ལས་མ་འཇོག གནས་སྐོར་མ་འཇོག ཉོ་འཚོང་མ་འཇོག འཛུགས་སྐྲུན་བཟོ་སྐྲུན་བཅས་གཙོ་བྱས་པའི་རྒྱལ་དབང་ཁེ་ལས63ཡི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་སྟོབས་ཆེར་དང་ཇེ་ལེགས་སུ་གཏང་རྒྱུ།  མཚོ་སྔོན་ཞ་ཧྭ་དང་། ཅིན་ཆི་ལན། འཇུ་ལག་ཧའེ་ཝོ། རྐང་ཚའི་ཆིང་ཧུའུ་སོགས་ཞིང་ཕྱུགས་ཁེ་ལས་ཀྱིས་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་ཕྱུགས་ར་དང་མདའ་བཞིའི་དམངས་སྲོལ་སྡེ་བ་སོགས་ས་གནས་དེ་གའི་དམངས་གཉེར་ཁེ་ལས་ཀྱིས་གཉེར་སྐྱོང་ལས་སྒོ་རྒྱ་བསྐྱེད་པར་ཁྲིད་སྟོན་བྱ་རྒྱུ། སྤུས་ལེགས་ཞིང་རའི་ཕྱོགས་བསྡུས་ཁང་དང་། སྤུས་ལེགས་ཞིང་དུད་སྤྲོ་སྐྱིད་ཁང་། སྤུས་ལེགས་དམངས་ཁང་སོགས་གྲོང་གསེབ་ཀྱི་ཐོན་ལས་དངོས་ཚན་ཁག་ཅིག་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ། ཞིང་ལས་ཀྱི“མགོ་གསུམ་དང་མཇུག་གསུམ”སོགས་ཐང་འཕར་ལས་དོན་ཡག་པོར་བསྒྲུབ་རྒྱུ། སྐྱེ་ཁམས་ཞིང་ཕྱུགས་ལས་དང་ཁྱད་ཆོས་ལྡན་པའི་ལས་སྣོན་ལས་རིགས། གྲོང་གསེབ་གནས་སྐོར་ལས་རིགས་བཅས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད། གཉིས་ཕན་ཡོང་བ་བཅས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏང་རྒྱུ། ཐོན་ལས་སྦྲེལ་ཐག་རྣམ་པའི་འཕེལ་རྒྱས་དང་། མཉམ་འདུས་འཕེལ་རྒྱས། མཉམ་འདྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་རྒྱུ། མཚོ་སྔོན་པོའི་ཞིང་རས་གཞི་ཁྱོན་ལྡན་པའི་སོན་གསོ་དང་ནགས་ཚལ་དཔལ་འབྱོར་ལ་བརྟེན་ནས་ཞིང་ལས་རིག་གནས་ཀྱི་གནས་སྐོར་འཕེལ་རྒྱས་གཏོང་བའི་ལས་རྣམ་གསར་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏང་རྒྱུ།  རྐང་ཚ་དཀོན་ལོ་ཚང་གོང་མ་སྡེ་བ་སོགས་ཁྱད་ཆོས་ལྡན་པའི་མི་རིགས་སྡེ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཟི་ལིང་གི་གཟའ་མཇུག་སྤྲོ་གསེང་གནས་སྐོར་དང་། ས་མཐོའི་ལུས་རྩལ། གསར་བརྗེའི་ཞིབ་འཇུག སྐྱེ་ཁམས་ཁམས་གསོ་སོགས་ཐོན་ལས་ནུས་ལྡན་ངང་འགན་ལེན་བྱ་རྒྱུ།  གངས་འཁྱགས་དཔལ་འབྱོར་དང་། དམའ་དབྱིངས་དཔལ་འབྱོར། གནས་སྐོར་དཔལ་འབྱོར། ལུས་རྩལ་དཔལ་འབྱོར། ཞིབ་སློབ་དཔལ་འབྱོར། ཁམས་གསོའི་དཔལ་འབྱོར་བཅས་འཕེལ་རྒྱས་ཡོང་བར་སྐུལ་འདེད་མགྱོགས་མྱུར་གཏང་རྒྱུ། གྲངས་འཛིན་ལག་རྩལ་དང་ལྗང་མདོག་ལག་རྩལ་གྱིས་ནུས་པ་འདོན་པར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ཉོ་འཚོང་དང་། ལྗང་མདོག་ཚོང་དོན། གྲངས་འཛིན་ཉོ་འཚོང་བཅས་ཀྱི་ཐོན་ལས་གསར་པ་འཕེལ་རྒྱས་ཧུར་ཐག་གཏང་རྒྱུ། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་དང་། ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏང་རྒྱུ། འགན་འཁྲི་ཚད་ཡོད་ཀྱི་ཚོང་དོན་ཁེ་ལས1གསོ་སྐྱོང་གང་ཐུབ་བྱ་རྒྱུ། མངགས་ཟས། མྱུར་སྐྱེལ། ཚབ་གཏོང་། དྲ་མངགས་རླངས་འཁོར། དྲ་རྒྱའི་གཙོ་སྐྱོང་སྙན་སྒྲོན་པ་སོགས་ལས་རྣམ་གསར་པ་དང་ལས་ཞུགས་ཁྱུ་ཚོགས་གསར་པར་དོ་གལ་ཆེན་པོ་བྱས་ཏེ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་དམངས་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་སྐུལ་སློང་བྱ་རྒྱུ་དང་། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་རྒྱ་ཆེའི་ངལ་རྩོལ་པ་ཚང་མར་བརྩི་མཐོང་བྱེད་པ་དང་། བརྩི་བཀུར་ཐོབ་པ། ནུས་པ་འདོན་ཐུབ་པ་བཅས་བྱ་རྒྱུ།

ལོ་གསར་པའི་ནང་། ང་ཚོས་མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་ལ་སྐུལ་འདེད་དང་གསོན་ཤུགས་འཕེལ་བར་བྱ་རྒྱུ་ཡིན།  

གཅིག་ནས་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ཞབས་ཞུ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་བརྩོན་ལེན་བྱ་རྒྱུ། གྲངས་འཛིན་མཚོ་བྱང་དང་གྲངས་འཛིན་སྲིད་གཞུང་གཏོད་པའི་དམིགས་འབེན་ལ་གཞི་ཚུགས་ནས་སྲིད་དོན་ཞབས་ཞུའི“ཅན་གསུམ”དང་། “དྲ་གཅིག་ཀུན་སྒྲུབ”དང“དྲ་གཅིག་དོ་དམ”།  “དྲ་གཅིག་ལེགས་སྐྱོང”གི་ཆུ་ཚད་མཐོར་འདེགས་སུ་གཏང་རྒྱུ། ཁུལ་དང་རྫོང་གི་སྲིད་དོན་ཞབས་ཞུའི་ལྟེ་གནས5དང་། མཁར་གྲོང་གི་དམངས་ཕན་ཞབས་ཞུའི་ལྟེ་གནས30དང་། སྡེ་བའི་དམངས་ཕན་ཞབས་ཞུའི་ས་ཚིགས235བཅས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། དམངས་ཕན་ཞབས་ཞུའི་དོན་ཚན་རྒྱ་སྐྱེད་རིམ་སྤོར་བྱ་རྒྱུ། “ལས་ཕྱོད་ཆེ་བའི་སྒོ་ནས་ལས་དོན་གཅིག་སྒྲུབ་ཐུབ་པའི”གཙོ་གནད་ལས་དོན་རྩིས་ཐོའི་དོ་དམ་དང་རྒྱུན་རྣམ་ཅན་གྱི་སྐུལ་འདེད་རྐྱེན་སྲོལ་འཐུས་ཚང་དུ་གཏང་རྒྱུ། དྲ་ཐོག་དང་དྲ་ཕྱི་མཐུན་སྦྱོར་ཐག་གཅོད་དང་། “ཉུང་འཕྲི་དྲུག་དང་འཕར་སྣོན་གཅིག”གི་བླང་བྱ་དོན་འཁྱོལ་བྱ་རྒྱུ། འདྲི་རྩད་དང་པོའི་འགན་འཁྲི་ལམ་ལུགས་དང་། ཐེངས་གཅིག་བརྡ་གཏོང་ལམ་ལུགས། དུས་བཀག་ཐག་གཅོད་ལམ་ལུགས། “ཆད་རུང+ཁས་ལེན”དང“གེགས་མེད་རྒྱུ་ལམ།” “བཟང་ངན་གདེང་འཇོག”སོགས་ལམ་ལུགས་ཧུར་ཐག་ཁྱབ་གདལ་གཏང་རྒྱུ། སྲིད་འཛིན་ཆོག་འཐུས་དོན་ཚན306དང་། སྲིད་འཛིན་ཐོ་འགོད་དོན་ཚན198དང་། “ཞིང་ཆེན་བརྒལ་ནས་སྒྲུབ་པའི”དོན་ཚན90བཅས་ཀྱི་ཞིབ་མཆན་དང་ཐག་གཅོད་བྱེད་པའི་ལས་ཕྱོད་མཐོ་རུ་གཏང་རྒྱུ། སྲིད་དོན་ཞབས་ཞུ་དང་ལས་སྟེགས་ཀྱི་གྲངས་གཞི“ཡར་མར་འགྲོ་བ”ལ་བརྟེན་ནས། ཁེ་ལས་དང་མང་ཚོགས“འགྲོ་བ་ཇེ་ཉུང”དང་། “འགྲོ་མི་དགོས་པ”བརྩོན་ལེན་བྱ་རྒྱུ།

གཉིས་ནས་རྣམ་གྲངས་ལ་མ་འཇོག་བྱེད་ཤུགས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བརྩོན་ལེན་བྱ་རྒྱུ། རྣམ་གྲངས་ཁག་ཅིག་གྲབས་གསོག་འཆར་འགོད་བྱ་རྒྱུ་དང་། ཁག་ཅིག་ལས་མགོ་རྩོམ་པ། ཁག་ཅིག་མཇུག་བསྒྲིལ་ནས་ཐོན་སྐྱེད་བྱེད་པའི“ABC”ཡི་རྣམ་གྲངས་དོ་དམ་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ཏེ། རྣམ་གྲངས་ལ་མ་དངུལ་འཇོག་པར་རྒྱུད་མཐུད་སྐུལ་འདེད་དང་། འཁོར་སྐྱོད་ལག་བསྟར། རྒྱུན་མཐུད་ནུས་ཤུགས་འདོན་པ་བཅས་ལ་སྐུལ་འདེད་གཏང་རྒྱུ། རྒྱལ་ཁབ་ཀྱིས“གསར་སྒྱུར་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “གཙོ་གལ་གཉིས”རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བའི་སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། རྨང་གཞི་འདིང་བ་དང་། ཞན་ཆ་གསབ་པ། སྐབས་ཐོག་དོ་དམ། ཡུན་རིང་ལ་ཕན་པ་བཅས་ཀྱི་རྣམ་གྲངས་གལ་ཆེན་ཁག་ཅིག་འཆར་འགོད་དང་རིགས་སྒྲུབ་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་བྱ་གཞག་སོགས་ཁྱབ་ཁོངས་སུ་མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར248.73བཏང་བའི་གྲབས་གསོག་རེ་ཞུའི་རྣམ་གྲངས143གང་མགྱོགས་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱ་རྒྱུ། དམངས་ཁྲོད་མ་འཇོག་རྒྱ་ཆེར་གཏོང་བའི“འཆར་གཞི་གསུམ”དོན་འཁྱོལ་དང་།    དམངས་གཉེར་ཁེ་ལས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཞུགས་པའི་ཕུགས་ཕན་རྐྱེན་སྲོལ་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏང་རྒྱུ། མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར28.1བཏང་བའི་དམངས་ཁྲོད་མ་འཇོག་རྣམ་གྲངས25ལག་བསྟར་དོན་འཁྱོལ་ཡོང་བར་གཙོ་གནད་ཐོག་དམ་འཛིན་བྱ་རྒྱུ། དམངས་ཁྲོད་མ་འཇོག་རྣམ་གྲངས་ཀྱི་ཞིབ་ཐོ་ཁག་ཅིག་གདམ་གསེས་བྱས་ནས་མགྱོགས་མྱུར་ངང་འགྲུབ་པ། དམངས་ཁྲོད་མ་རྩ་དེ་བས་མང་བ་ནུས་ཁུངས་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཞུགས་རྒྱུར་མུ་མཐུད་སྐུལ་འདེད་གཏང་རྒྱུ། “རིས་འགེལ་གཡུལ་འཐབ”དང“རྟོག་འདོམས་སྐུལ་འདེད” “སྐུལ་འདེད་ཉིས་བརྩེགས” “གཏོང་སྤྲོད་ལྡོག་སྒྲིག”སོགས་རྣམ་གྲངས་ཀྱི་ལས་ཀའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་རྒྱུ། རྣམ་གྲངས་སྣ་ཚོགས་ཀྱི་མ་འཇོག་ལས་འགན་གྱི་གྲངས་ཚད་གཏན་འཁེལ་དང་།    འགན་འཁྲི་འཁུར་མཁན་གཏན་འཁེལ། ལས་རིམ་དུས་བཀག་བྱེད་པ་བཅས་ཀྱི་རྩིས་ཐོ་རྣམ་པའི་དོ་དམ་ལག་བསྟར་བྱས་ཏེ། ལོ་གཅིག་གི་ནང་རྣམ་གྲངས་མ་འཇོག་གི་སྒོར་གྲངས་དུང་ཕྱུར63ཟིན་པར་བརྩོན་ལེན་བྱ་རྒྱུ་དང་། མ་འཇོག་བྱེད་ཚད་དང་། ལས་གཞིའི་ཚད། དངོས་པོའི་གྲངས་ཚད་བཅས“ཚད་གསུམ”མཉམ་དུ་འཕར་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ།

གསུམ་ནས་ནོར་ཁྲལ་དངུལ་རྩའི་རྟིང་ཤུགས་སྔོག་འདོན་བྱེད་པ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་བརྩོན་ལེན་བྱ་རྒྱུ།  ནོར་ཁྲལ་སྒྱུར་བཅོས་ཀྱི་ཕན་ཁེ་བེད་སྤྱོད་ཡག་པོ་དང་བེད་ཆོད་པར་བྱས་ཏེ། གཏོང་ཡོང་སྔོན་རྩིས་བཟོ་འགོད་དང་ལག་བསྟར་གྱི་གནད་འཁེལ་རང་བཞིན་ཆེ་རུ་གཏང་རྒྱུ། འཇུ་ལག་དང་མདོ་ལས་མངོན་མེད་བུ་ལོན་གཙང་སེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་མངོན་མེད་བུ་ལོན་སེལ་བའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱ་རྒྱུ། དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་རྒྱབ་སྐྱོར་ཁ་གསབ་མ་དངུལ་སྣ་ཚོགས་རེ་ཞུ་ཧུར་ཐག་བྱ་རྒྱུ་དང་། གཅིག་གྱུར་འཆར་འགོད་མ་དངུལ་སྒོར་ཁྲི8000ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ། དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་གྱི་སྐྱེད་ཀའི་ཁ་གསབ་དང་། ཁེ་ལས་ཆུང་གྲས་དང་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་གྱི་ཉེན་ཁའི་ཁ་གསབ་དང་། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ལས་ཁུངས་ཀྱི་གྲོན་དངུལ་དམའ་རུ་གཏོང་བའི་བྱ་དགའི་ཁ་གསབ་སྤྲོད་པ་སོགས་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྒོར་དུང་ཕྱུར2ཐག་གཅོད་བྱེད་པ་བརྩོན་ལེན་བྱས་ནས། ཞིང་གསུམ་ཁྱབ་ཁོངས་དང་དམངས་གཉེར་དཔལ་འབྱོར་གྱི་གནད་ཁེལ་རོགས་སྐྱོར་གཙོ་གནད་ཀྱིས་ཤུགས་སྣོན་བྱ་རྒྱུ། ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་གྱི་སྒོར་དུང་ཕྱུར2ཐག་གཅོད་བྱེད་པར་བརྩོན་ལེན་བྱས་ཏེ།  ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒོར་དུང་ཕྱུར1མཁོ་འདོན་བྱ་རྒྱུ།

བཞི་ནས་ཚོང་འགུག་དངུལ་འདྲེན་ནུས་སྐྱེད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བརྩོན་ལེན་བྱ་རྒྱུ། ཚོང་འགུག་དངུལ་འདྲེན་གྱི“མགོ་ཁྲིད་ཨང་དང་པོའི”ལས་གཞི་ལག་བསྟར་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་གྱི་ཚོགས་འདུ་འཚོགས་ནས་ས་ཁོངས་ཡོངས་ཀྱི་ཚོང་འགུག་དང་། ལོ་ཧྲིལ་པོའི་ཚོང་འགུག ཕྱོགས་ཡོངས་ཀྱི་ཚོང་འགུག་བཅས་ལ་སྐུལ་འདེད་གཏང་རྒྱུ། རྐང་ཚའི་ཚེ་ཐར་དང་། མདོ་ལའི་སྟོང་སོ་ཆུང་བ། མདའ་བཞིའི་ཆུ་དམར་གཞོངས་སོགས་ཐོན་ལས་གླིང་ཁུལ10ཡི་རིགས་སྒྱུར་རིམ་སྤོར་བྱ་སྤྱོད་སྤེལ་ནས། རྒྱལ་ཁབ་ཕྱི་ནང་གི་ཐུན་མིན་ཁེ་ལས་དང་། ཁྲོམ་འགྲེམ་སྤྱི་གཉེར། ལས་རིགས་སྣེ་ཁྲིད་བཅས་ལ་དམིགས་ཏེ་གནད་ཁེལ་ནང་འདྲེན་ལག་བསྟར་བྱེད་པ་དང་། གཏེར་ཁ་ལྔ་དང་རྒྱལ་ཁབ་ནུས་ཁུངས། ཀྲུང་གོའི་འབྲུ་རིགས། ཀྲུང་གོའི་ཧ་ཡང་སོགས་ཀྲུང་དབྱང་ཁེ་ལས་དང་ཀོ་ལི་སོགས་སྣེ་ཁྲིད་ཁེ་ལས་དང་མཉམ་ལས་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། ལྗང་མདོག་གློག་ཤུགས། ལྗང་མདོག་ལས་སྣོན་སོགས་གཙོ་ཁྲིད་ཀྱི་ཐོན་ལས་སྦྲེལ་ཐག་ལ་དམིགས་ཏེ་ཁེ་ལས་ཆེ་བ་དང་སྟོབས་ལྡན། གསར་པ་དང་ཕུལ་བྱུང་བཅས་ཀྱི་ཐོན་ལས་ནང་འདྲེན་བྱ་རྒྱུ། “ཐོན་ལས་དཔེ་རིས+ཐོན་ལས་ས་ཁྲའི”རྣམ་གྲངས་གྲུབ་པའི་ནང་འདྲེན་རྐྱེན་སྲོལ་བཙུགས་ཏེ། སྒོར་དུང་ཕྱུར10ཡན་གྱི་གལ་ཆེའི་རྣམ་གྲངས་དང་ཐོན་ལས་སྦྲེལ་ཐག་མུ་སྲིང་དང་བཟང་སྤེལ་ཞན་གསབ་ཀྱི་རྣམ་གྲངས་ཁག་གཅིག་འཆར་འགོད་བྱ་རྒྱུ་དང་། རྫོང་རེར་ཉུང་མཐར་ཡང་ཐོན་ལས་རིགས་ཀྱི་དངོས་གཞིའི་ཁེ་ལས1གསར་དུ་བསྣན་ནས། ཁུལ་ཡོངས་ཀྱི་རྣམ་གྲངས་གནས་སར་འབྱོར་ཚད་དང་། མ་དངུལ་གནས་སར་འབྱོར་ཚད། མ་འཇོག་ལེགས་གྲུབ་ཚད་བཅས“ཚད་གསུམ”མཉམ་སྤེལ་མངོན་འགྱུར་བྱ་རྒྱུ་ཡིན། 

ལྔ་ནས་རོགས་སྐྲུན་མཉམ་ལས་རིམ་སྤོར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བརྩོན་ལེན་བྱ་རྒྱུ། ཧྲན་ཏུང་གིས་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ15འཁོར་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཧྲན་ཏུང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི“ཚོགས་པའི་རྣམ་པའི”རོགས་སྐྱོར་དང་ཧྲན་ཏུང་དང་མཚོ་སྔོན་གནས་གཉིས་ཀྱི་ཐོན་ལས་མཉམ་ལས། དཔལ་འབྱོར་ཚོང་དོན་སྤེལ་རེས། འཛད་སྤྱོད་རོགས་སྐྱོར་བཅས་གཏིང་ཟབ་ཏུ་བཏང་སྟེ། ཁྱབ་ཁོངས་དེ་བས་མང་པོའི་ནང་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་མངོན་འགྱུར་བྱ་རྒྱུ། ཆུས་ཧྥུ་དགེ་འོས་སློབ་ཆེན་དང་ལུའུ་ཏུང་སློབ་ཆེན་སོགས་མཐོ་སློབ་དང་མཉམ་དུ་སྤུས་ལེགས་སློབ་གསོ་ཚན་ཞིབ་མི་ཤུགས་ཐོན་ཁུངས་ཀྱིས་མཚོ་བྱང་གི་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་འཚོལ་ཞིབ་བྱ་རྒྱུ། ལིན་དབྱི་དང་མཉམ་འབྲེལ་བྱས་ནས“ཚོང་མཛོད་རྒྱུན་གླིང”གཞི་གཅིག་ཅན་གྱི་རྣམ་གྲངས་ལག་བསྟར་བྱས་ཏེ། མཚོ་བྱང་སྤུས་ལེགས་ཐོན་རྫས་ཀྱི་ཧྲན་ཏུང་མདུན་འཇོག་མཛོད་ཁང་དང་ཧྲན་ཏུང་སྤུས་ལེགས་ཐོན་རྫས་ཀྱི་མཚོ་བྱང་མཛོད་ཁང་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་དང་ཧྲན་ཏུང་གི་ཚོང་དོན་ཟོག་འགྲེམ་བགྲོད་ལམ་ཆེན་པོ་བསྐྲུན་པར་བརྟེན་ནས་རིག་གནས་གནས་སྐོར་རྒྱ་ཁྱབ་མཉམ་འདྲེས་དང་ཞིང་ཕྱུགས་ཕྱིར་འཚོང་གི་གྲུབ་འབྲས་གསར་པ་ཐོབ་པ་བཅས་ལ་སྐུལ་འདེད་གཏང་རྒྱུ།

ལོ་གསར་པའི་ནང་། ང་ཚོས་མཁར་གྲོང་དང་གྲོང་གསེབ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མཁར་གྲོང་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏང་རྒྱུ།

གཅིག་ནས་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་པ་གཏོད་པར་བརྩོན་ལེན་བྱ་རྒྱུ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་ནུས་ལྡན་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ལ་དམིགས་ནས། དབུལ་ལོག་དབུལ་འགྱུར་སྔོན་འགོག་རྟོག་འཇལ་དང་། ཐོན་ལས་དང་ལས་ཞུགས་སོགས་གྱི་རོགས་སྐྱོར་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། དབུལ་ཐར་མང་ཚོགས་ཀྱི་ནང་སྐྱེད་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་བྱུང་བའི་མཐའ་ཚད་བརྟན་སྲུང་བྱ་རྒྱུ། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་ཁག་བཅུ་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་དབྱང་ནོར་སྲིད་སྦྲེལ་མཐུད་མ་དངུལ་གྱི65%ཡན་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་སྤྱོད་པ་རྒྱུན་འཁྱོངས་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྡེ་བ་སྟོབས་ཆེར་གཏོང་བའི”ལས་གཞི་སྐུལ་འདེད་གཏོང་བ། གྲོང་གསེབ་ཐོན་ལས་དཔེ་སྟོན་སྡེ་བ15བསྐྲུན་པ། རོང་འབྲོག་ཁྱིམ་ཚང་གི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། སྡེ་བའི་སྡེ་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7%འཕར་སྣོན་ཡོང་བར་བརྩོན་ལེན་བྱ་རྒྱུ། “ལས་གཞི་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་གྱི“གཙང་སེལ་གསུམ་དང་གསར་བརྗེ་གསུམ”ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ལྗང་འགྱུར་མཛེས་བཟོ་བྱ་སྤྱོད་སྤེལ་ཏེ། ཞི་མཛེས་གྲོང་གསེབ8དང་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་སྟོན་མ་དཔེ་ཁག་གཅིག་བསྐྲུན་རྒྱུ་ཡིན། 

གཉིས་ནས་མཁར་གྲོང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་བརྩོན་ལེན་བྱ་རྒྱུ། མི་གཞི་རྩར་འཛིན་པའི་མཁར་གྲོང་དཔེ་གསར་ཅན་གྱི་འཐབ་ཇུས་ཀྱི“བྱ་སྤྱོད་ཆེན་པོ་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ། རྫོང་མཁར་གཞི་རྟེན་གཙོ་བོར་བྱས་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྫོང་བཞིའི་རྫོང་མཁར་གྱི་ཞན་ཆ་སྔར་བས་ཁ་གསབ་བྱས་ནས་སྟོབས་ཆེར་གཏང་རྒྱུ། ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མདའ་བཞི་རྒྱལ་ཁབ་ལོ་རྒྱུས་རིག་གནས་རྫོང་མཁར་གྲགས་ཅན་དང་རྡུལ་ཕྲན་མཁར་གྱི་གསར་བརྗེ་རིག་གནས་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། བྱེ་སྔོན་སྣ་ཁ་གྲོང་རྡལ་དང་། མཁར་དམར་གྲོང་རྡལ། དཔལ་དགེ་གྲོང་རྡལ་སོགས་གྲོང་རྡལ་གཙོ་གནད་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏང་རྒྱུ། མཁར་གྲོང་ཇུས་འགོད་དང་བཀོད་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་བདེ་འཇགས་མཉེན་ཆ་ཆེ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་ཧུར་ཐག་གིས་རེ་ཞུ་དང་ལག་བསྟར་བཅས་བྱས་ཏེ། “འཕྲལ་རྒྱུན་གཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱག་རྒྱུ། “སྤྱི་པའི་ཐོན་ཁུངས་སྒྲིག་བཀོད་དང་རྒྱུན་སྡོད་མི་འབོར་གྱི་གཞི་ཁྱོན་གཞི་རྩའི་ཆ་ནས་སྙོམ་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་གྱི་རྒན་གསོ་དང་། གསོ་སྐྱོང་། སྨན་བཅོས་སོགས་གཞི་རྩའི་ཞབས་ཞུའི་ནུས་པར་ཤུགས་སྣོན་བརྒྱབ་སྟེ་མཁར་གྲོང་གི་འཚོ་བའི་ཞབས་ཞུའི་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དུ་རིམ་སྤོར་བྱེད་པར་སྐུལ་འདེད་གཏང་རྒྱུ།

གསུམ་ནས་མཁར་གྲོང་དང་གྲོང་གསེབ་འཕེལ་རྒྱས་གྱི་རྣམ་པ་གསར་པ་གཏོད་པར་བརྩོན་ལེན་བྱ་རྒྱུ། ཁུལ་དང་རྫོང་གི་ཇུས་འགོད་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ་ཇུས་འགོད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། མགྱོགས་མྱུར་ངང“རིམ་པ་གསུམ་དང་རིགས་སྣ་གསུམ”གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་འཛུགས་སྐྱོང་བྱས་ཏེ། ཡུལ་གྲོང་གི་རྒྱལ་ཁོངས་བར་སྟོང་སྤྱིའི་ཇུས་འགོད་ཡོངས་སུ་ཁྱབ་པར་སྐུལ་འདེད་དང་། འཛུགས་སྐྲུན་གྱི་བྱ་སྤྱོད་སྣ་ཚོགས་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ་དང་ཚད་ལྡན་དུ་གཏང་རྒྱུ། འཇུ་ལག་གི་ཡུལ་གྲོང་བཞི་ཡི་ཆུ་འདོན་དང་། མདའ་བཞིའི་རང་བྱུང་སོལ་རླངས་སྦུག་དྲ་ཡུལ་གྲོང་ལ་སྣུར་སྲིང་། རྐང་ཚའི་གཡི་དཀར་འོམ་ལུང་ཡུལ་ཚོའི་མཁར་གྲོང་འབྲུབ་འགོག མདོ་ལའི་མཁར་དམར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦེད་ས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་འཇུ་འགོད་ལག་བསྟར་བྱས་ཏེ། མཁར་གྲོང་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། རང་འབབ་ཆུའི་ཁྱབ་གདལ་ཚད་92%ཡན་ཡོང་བར་བརྩོན་ལེན་བྱ་རྒྱུ། མཁར་གྲོང་དང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཉམ་འགུལ་རང་བཞིན་སྔར་ལས་ཆེ་བའི“རྫོང་གཅིག་ལ་ལས་རིགས་གཅིག་དང་། ཡུལ་ཚོ་གཅིག་ལ་ཁྱད་ཆོས་གཅིག སྡེ་བ་གཅིག་ལ་ཐོན་རྫས་གཅིག”ཅན་འཛུགས་སྐྲུན་བྱ་རྒྱུ། གཞུང་ལམ་ལམ་རྒྱུད་དང་། རྩྭ་ཐང་གཙང་འགྲམ། གྲོང་རྡལ་སྡེ་ཁུལ། ཁྲོམ་གཞུང་སྲང་ལམ། མཛེས་ལྗོངས་ཁུལ་སོགས་ཀྱི་མཐའ་འཁོར་དུ་གང་འདོད་དུ་འཛུགས་སྐྲུན་བྱེད་པའི་རིགས་ལ་བཅོས་སྐྱོང་དང་ཁོར་ཡུག་གི་རྣམ་པ་ཇེ་ལེགས་སུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་ས་གནས་རེ་རེ་དེ་བརྗེད་དཀའ་བའི་ཡུལ་ལྗོངས་སུ་འགྱུར་ཐུབ་པ་བྱ་རྒྱུ།

ལོ་གསར་པའི་ནང་། ང་ཚོས་དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ལེགས་བཅོས་བཏང་སྟེ་མང་ཚོགས་ཀྱི་སྐྱིད་སྣང་མཐོ་རུ་གཏང་རྒྱུ།

གཅིག་ནས་བྱིས་པ་གཉེར་སྐྱོང་ཡོད་པ་དང་སློབ་ལ་ཁྲིད་མཁན་ཡོད་པར་འཕེལ་རྒྱས་གསར་པ་ཡོང་བར་བརྩོན་ལེན་བྱ་རྒྱུ། སློབ་གསོའི་འགན་སྲུང་ལ་མ་དངུལ་འཇོག་པའི“འཕར་སྣོན་ལས་ཉུང་འཕྲི་མི་བྱེད་པ་གཉིས”དོན་འཁྱོལ་བྱེད་པ་དང་། ལོ་ངོ15རིང་གི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་བེད་སྤྱོད་ཡག་པོ་བྱས་ཏེ། སློབ་མ210ས་གནས་གཞན་གྱི་འཛིན་གྲྭར་སློབ་སྦྱོང་བྱེད་པར་བསྐྱལ་རྒྱུ། སློབ་སྔོན་སློབ་གསོའི“ཁྱབ་པ་གཉིས”དང་། བྱོལ་འགོག་སློབ་སྲུང་། འབྲིང་མཐོ་རྒྱུགས་སྒྱུར་བཅོས་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ་འབྲིང་རིམ་ལས་རིགས་སློབ་གསོའི་སྒྲིག་བཀོད་ཇེ་ལེགས་སུ་གཏང་རྒྱུ། མདོ་ལ་དང་རྐང་ཚ་གཉིས་སློབ་སྔོན་སློབ་གསོའི་ཁྱབ་སྤེལ་ཀུན་ཕན་གྱི་རྒྱལ་ཁབ་དཔྱད་དཔོག་རྩིས་ལེན་ཁས་ལེན་ཐོབ་པར་སྐུལ་འདེད་དང་། མདའ་བཞི་འོས་འགན་སློབ་གསོའི་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་དཔེ་སྟོན་རྫོང་འཛུགས་པར་སྐུལ་འདེད་གཏང་རྒྱུ། “སློབ་གསོ་ལྔ་མཉམ་འཕེལ”གྱི་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གསར་བརྗེའི་ཐོན་ཁུངས་ཀྱིས་མི་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིབ་སློབ་ལག་ལེན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྫོང་རེར་ཉུང་མཐར་ཡང་བསམ་བློ་ཆབ་སྲིད་ཀྱིས་མི་གསོ་སྐྱོང་བྱེད་པའི་སྤུས་རྟགས་ཆེན་པོ1གསར་དུ་གཏོད་པ། སློབ་མའི་སེམས་ཁམས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་བཏང་སྟེ། སློབ་གྲྭའི་བརྙས་བཅོས་ནུས་ལྡན་སྔོན་འགོག་དང་ཆེད་དོན་བཅོས་སྐྱོང་བྱས་ནས། རྒྱ་ཆེའི་སློབ་མ་མང་པོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ། བུ་བཙའི་སྲིད་ཇུས་དང་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་ཁུལ་དང་རྫོང་རིམ་པའི་གསོ་སྐྱོང་ཞབས་ཞུའི་ལྟེ་གནས་མགྱོགས་མྱུར་ངང་བསྐྲུན་པ་དང་། རིགས་དབྱེ་ནས་ལོ་གསུམ་མན་གྱི་ཕྲུ་གུའི་གསོ་སྐྱོང་བདག་སྐྱོང་གི་ལས་དོན་བསྒྲུབ་རྒྱུ། “བྱིས་པའི་ཁྱིམ་གཞིས”འཁོར་སྐྱོད་ཆུ་ཚད་མཐོ་རུ་བཏང་ནས་དཀའ་ངལ་ཡོད་པའི་བྱིས་པ་རིགས10ལ་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ།

གཉིས་ནས་རྩོལ་ལ་ཐོབ་ཆ་ཡོད་པ་དང་རྒས་ལ་འཚོ་རྟེན་ཡོད་པར་འཕེལ་རྒྱས་གསར་པ་ཡོང་བར་བརྩོན་ལེན་བྱ་རྒྱུ། ལས་ཞུགས་སྔོན་ཐོབ་ཐབས་ཇུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་བྱེད་སྒོ་ཐེངས30ཡན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་མི་ཐེངས4000སྤེལ་རྒྱུ། མཁར་གྲོང་དུ་ལས་ཞུགས་མི་སྣ1800ཡན་གསར་དུ་བསྣན་རྒྱུ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བྱེད་ཚད85%ཡན་རྒྱུན་འཁྱོངས་བྱ་རྒྱུ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི4.5ཡན་ཡོང་བར་བྱ་རྒྱུ། རྒན་གསོའི་གུན་སྐྱོབ་ལམ་ལུགས་སྒྱུར་བཅོས་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། རྒན་གསོའི་གུན་སྐྱོབ་ཀྱི་ཐོབ་ཐང་ཆུ་ཚད་རིམ་བཞིན་མཐོ་རུ་གཏང་རྒྱུ། རྫོང་དང་གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་སྟེ་ཟས་རོགས་དང་། གཙང་རོགས། ཁྲུས་རོགས། འགྲོ་རོགས། སྨན་རོགས། སྒྲུབ་རོགས་སོགས་སྐར་མ15ཡི་རྒན་གསོའི་ཞབས་ཞུའི་འཚོ་བའི་ཁུལ་བསྐྲུན་པ་དང་། སྡེ་ཁུལ་དང་སྡེ་བའི“བདེ་སྐྱིད་ཟ་ཁང”ས་ཁོངས་ཡོངས་ལ་ཁེབས་རྒྱུར་བརྩོན་ལེན་བྱ་རྒྱུ།

གསུམ་ནས་ན་དུས་སྨན་བཅོས་ཐུབ་པ་དང་ཉམ་ཞན་ལ་རོགས་སྐྱོར་ཐུབ་པར་འཕེལ་རྒྱས་གསར་པ་ཡོང་བར་བརྩོན་ལེན་བྱ་རྒྱུ། དམ་ཟབ་ཅན་གྱི་སྨན་བཅོས་ཐུན་མོང་སྒྲིག་གཞིའི“གཅིག་གྱུར་བདུན”མགྱོགས་མྱུར་མངོན་འགྱུར་བྱུང་དུ་བཅུག་ནས། ཁུལ་མི་དམངས་སྨན་ཁང་གཉིས་པ་དང་འཇུ་ལག་རྫོང་ཀྲུང་ལུགས་སྨན་ཁང་གཉིས་རིམ་གསུམ་སྨན་ཁང་འཛུགས་པའི་ཚད་གཞིར་སླེབས་པར་བརྩོན་ལེན་བྱ་རྒྱུ་དང་། མི་ཚོགས་ཡོངས་དང་གཙོ་གནད་མི་ཚོགས་ཀྱི་ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུའི་ཁྱབ་ཚད་སོ་སོར65%དང་75%ཡན་ཟིན་རྒྱུ། ཁུལ་ཡོངས་ནས་ཉུང་མཐར་ཡང་སྨན་ཁང་གཅིག་གིས་སེམས་ཁམས་དང་གཉིད་ཁུག་སྒོ་བརྟག་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། རྫོང་རེར་ཉུང་མཐར་ཡང་ཡུལ་གྲོང་འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་ཞབས་ཞུའི་ནུས་པ་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་ཐུབ་རྒྱུ། ལུའུ་ཆིང་མཐོ་སྒང་གཟུགས་བཤེར་ལྟེ་གནས་དང་། རྐང་ཚའི་བོད་སྨན་སྨན་ལུམས་གྱི་གྲོང་རྡལ་ཚོང་རྟགས་བསྐྲུན་རྒྱུ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཡུན་རིང་བདག་སྐྱོང་གུན་སྐྱོབ་མཚོ་བྱང་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། “གཞི་རྩའི་སྨན་བཅོས་གུན་སྐྱོབ+”སྨན་བཅོས་འགན་སྲུང་བྱེད་སྟངས་རྒྱ་སྐྱེད་བཏང་སྟེ། སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་སྡོམ་རྩིས་བྱེད་ཚད70%ཡན་ལ་སླེབས་རྒྱུར་འགན་ལེན་བྱ་རྒྱུ། “1+5+N”ཡི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པ་དང་། སྐྱོབ་དགོས་པ་ཚང་མ་སྐྱོབ་པ། སྐྱོར་དགོས་པ་ཚང་མ་སྐྱོར་པ། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་འཚམ་སྒྲིག་བྱེད་ཚད་དང་དབང་པོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་ཞབས་ཞུ་བྱེད་ཚད95%ཡན་དུ་བརྟན་པོར་གནས་པར་བྱ་རྒྱུ་ཡིན། 

བཞི་ནས་སྡོད་ལ་ཁང་པ་ཡོད་པ་དང་རོལ་རྩེད་ལ་སྤྲོ་སྣང་ཡོད་པར་འཕེལ་རྒྱས་གསར་པ་ཡོང་བར་བརྩོན་ལེན་བྱ་རྒྱུ། མ་དངུལ་སྒོར་ཁྲི2037བཏང་བའི་ནུབ་མཚོ་གྲོང་རྡལ་བདེ་སྐྱིད་གཞིས་ཁུལ་གྱི་སྡོད་ཁང་རྙིང་པའི་ཆ་སྒྲིག་ཟུར་གཏོགས་ལས་གཞི་མཐོར་འདེགས་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱ་རྒྱུ་དང་། ལོ་འཁོར་དབྱེ་ནས་རོང་འབྲོག་ཁྱིམ་ཚང7000ལྷག་ཙམ་གྱི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞི་ལག་བསྟར་བྱ་རྒྱུ། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་བྱས་ཏེ། “ཁང་གཉིས་ས་ཚིགས་གཅིག”རིན་མེད་སྒོ་འབྱེད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གློག་རྡུལ་དཔེ་དེབ་དང་སྤྲིན་སྣེ་གཟུགས་མེད་ཤུལ་བཞག་རིག་གནས་སོགས་སྤྱི་པའི་གྲངས་འཛིན་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་བ། “གཟུགས་མེད་ཤུལ་བཞག་རིག་གནས་སྐྱོད་པ་ལྔ”ལ་སྐུལ་འདེད་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་དམ་འཛིན་ནན་པོ་བྱེད་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ། སྐྱེ་ཁམས་དང་། ལོ་རྒྱུས། གསར་བརྗེ། མི་རིགས། མཐོ་སྒང་བཅས་ཀྱི“རིག་གནས་ལྔ”གསོ་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་དེ་མཚོ་བྱང་མི་རེ་རེའི་བྱ་སྤྱོད་རང་རྟོགས་སུ་འགྱུར་དུ་འཇུག་རྒྱུ།

ལོ་གསར་པའི་ནང་། ང་ཚོས་སྤྱི་ཚོགས་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ། དམངས་ཡོངས་ཀྱི་བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏང་རྒྱུ།

གཅིག་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་དུས་རིམ་གསར་པར་སླེབས་པར་བརྩོན་ལེན་བྱ་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་བྱས་ཏེ། མི་རིགས་ཁག་གི་འགྲོ་སྤེལ་འདྲིས་གསུམ་ལ་སྐུལ་འདེད་གཏོང་བའི“འཆར་གཞི་གསུམ”དང“བྱ་སྤྱོད་བཅུ”དོན་འཁྱོལ་གཏིང་ཟབ་གཏོང་བ་དང་། ཁུལ་དང་རྫོང་རིམ་པའི་ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སློབ་གསོའི་ལག་ལེན་བྱ་ཡུལ་ནུས་ལྡན་ངང་བེད་སྤྱོད་བཅས་བྱས་ཏེ“ལོ་རྒྱུས་ལྔ་དང་ལྟ་བ་ལྔ། ཁས་ལེན་ལྔ”ཡི་སློབ་གསོ་ལག་ལེན་ལ་ཤུགས་སྣོན་བརྒྱག་རྒྱུ། “སེ་འབྲུའི་ཁྱིམ་གཞིས”འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། སྒར་རེས་རྣམ་པའི་སྤྱི་ཚོགས་སྒྲིག་གཞི་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ་མཉམ་སྡོད་མཉམ་སློབ་མཉམ་ལས་ཀྱི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་གིས་འཛུགས་སྐྲུན་བྱ་རྒྱུ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི“བྱང་ཆ་ཡོད་པ་གཉིས” ཅན་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་བསྣན་ཏེ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུ། 

གཉིས་ནས་དུས་བདེ་འཛུགས་སྐྲུན་དང་སྤྱི་ཚོགས་བརྟན་ལྷིང་དུས་རིམ་གསར་པར་སླེབས་པར་བརྩོན་ལེན་བྱ་རྒྱུ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་དང་། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། “པདྨའི་ཉམས་མྱོང”་དང“ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”ཁྱབ་སྤེལ་བེད་སྤྱོད་བཅས་བྱས་ཏེ། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་འཛུགས་རྒྱུ། སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། རྒྱུན་རྣམ་ངང་ནག་འཇོམས་ངན་སེལ་གྱི་ལས་དོན་སྤེལ་ནས་ནུས་ལྡན་ངང“དམངས་དོན་ནས་ཉེས་དོན་དུ་སྒྱུར་བ”དང“ཉེས་དོན་ནས་མི་གསོད་ཉེད་དོན་དུ་སྒྱུར་བའི”གྱོད་གཞི་སྔོན་འགོག་དང་། མང་ཚོགས་རང་བཞིན་གྱི་དོན་རྐྱེན་འབྱུང་བ་ཇེ་ཉུང་དུ་གཏང་རྒྱུ། དུས་ཐོག་ཏུ་མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་དང་། འགལ་བ་དང་རྩོད་གླེང་གི་འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འགལ་བ་དང་རྩོད་གླེང་སྔ་མོ་ནས་ཞིབ་བཤེར་དང་ཆུང་དུས་སུ་ཐག་གཅོད་བྱེད་པ་དང་། “གཅིག་ཅན་བཅུ”ལ་ནུས་ཤུགས་གཅིག་བསྡུས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་སྲ་བརྟན་དུ་གཏང་རྒྱུ། 

གསུམ་ནས་མཁོ་སྒྲུབ་ཐག་གཅོད་དང་ཐོན་སྐྱེད་བདེ་འཇགས་དུས་རིམ་གསར་པར་སླེབས་པར་བརྩོན་ལེན་བྱ་རྒྱུ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཁོ་སྒྲུབ་བཀོད་འདོམས་པུ་བཙུགས་ཏེ། “རྩིས་ཐོ་གསུམ་དང་ཟིན་དེབ་གཅིག”དང་སྐར་མ10ཡི་མཁོ་སྒྲུབ་དང་ལེན་ཁུལ་འཐུས་ཚང་དུ་གཏོང་བ་དང་། “ཨ་ལན་འདེབས་པ་གཉིས”དང“མཁོ་སྒྲུབ་ཤེས་རྟོགས་མི་སྣའི”རྐྱེན་སྲོལ་བེད་སྤྱོད་ཡག་པོ་བྱ་རྒྱུ། མི་མེད་གནམ་གྲུ་དང་། མཁོ་སྒྲུབ་བཀོད་འདོམས་རླངས་འཁོར། ཐེན་ཐུང་འཁོར་སྐར་ཁ་པར་སོགས་སྒྲིག་ཆས་བེད་སྤྱོད་དེ། ཁུལ་དང་རྫོང་། ཡུལ་ཚོ་གསུམ་ཀྱི་མཁོ་སྒྲུབ་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ལམ་བཀོད་གཏོང་རིམ་གསུམ་སྦྲེལ་མཐུད་མངོན་འགྱུར་བྱུང་བར་བྱས་ནས། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་གྲངས་འཛིན་ཅན་གྱི་མཁོ་སྒྲུབ་བཀོད་འདོམས་མ་ལག་རིམ་བཞིན་བསྐྲུན་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་ཞིང་། “གནས་ཡུལ་ཆུང་གྲས་དགུ”སོགས་གཙོ་གནད་ཁག་ལ་དོ་སྣང་དམ་ཟབ་བྱས་ཏེ། བཟའ་བཅའ་དང་སྨན་རྫས་སོགས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མེ་གསོད་དང་། གཏེར་རི། བཟོ་ཚོང་། འབར་རླངས། ཉེན་ཆེའི་རྫས་འགྱུར་དངོས་རྫས། འགྲོ་ལམ་འགྲིམ་འགྲུལ། བཟོ་སྐྲུན་ཨར་ལས། ཤོག་སྦག དམིགས་བསལ་སྒྲིག་ཆས། རིག་གནས་གནས་སྐོར་སོགས“འགོག་སྲུང་བཅུའི”ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ཐོན་སྐྱེད་དང་མཁོ་སྒྲུབ་ཐག་གཅོད་ཀྱི་གཞི་རྩ་ཆེན་པོ་སྲ་བརྟན་དུ་གཏང་རྒྱུ། ནོར་འཁྲུལ་གཅིག་བྱུང་ཚེ་ཡོད་ཚད་བརླག་པའི་བསམ་བློའི་མཐའ་ཚད་དང་ནོར་འཁྲུལ་གང་ཡང་མི་འབྱུང་བའི་བདེ་འཇགས་འགོག་སྲུང་བརྟན་སྲུང་བྱས་ཏེ། ཆོད་སེམས་བརྟན་པོ་དང་སྙིང་སྟོབས་ཆེན་པོས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་སྲུང་སྐྱོབ་ཡག་པོ་བྱ་རྒྱུ།

ལོ་གསར་པའི་ནང་། ང་ཚོས་མུ་མཐུད་དུ་རང་ངོས་ཡར་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་པ་དང་། སྤྱོད་ལམ་སྒྱུར་བ་དང་དོན་འཁྱོལ་དམ་འཛིན་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ཆབ་སྲིད་ཀྱིས་སྣེ་ཁྲིད་དང་ལས་དོན་སྒྲུབ་པ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། “བློ་དཀར་དང་དྭངས་གཙང་། འགན་འཁྲི་ཡོད་པ”བཅས་ཀྱི་ཆབ་སྲིད་ཀྱི་ངོ་བོ་སྲུང་ནས། “དམངས་ཀྱི་ཆེད་དང་དོན་དངོས་སྒྲུབ་པ། སྤྱོད་པ་གཙང་བ”བཅས་ཀྱི་སྲིད་སྐྱོང་འདུ་ཤེས”དང“ཡིད་ཆེས་བརྟན་པོ་དང་དོན་གཉེར་སྔོན་སྐྱོད་བཅས་ཀྱི་ལས་དོན་བླང་བྱ་དེ། མཚོ་བྱང་ལ་རྒྱུས་ལོན་པ་དང་མཚོ་བྱང་ལ་དགའ་བ། མཚོ་བྱང་དར་རྒྱས་ཡོང་བ་བཅས་ཀྱི་ལག་ལེན་དུ་བསྒྱུར་རྒྱུ་ཡིན། ང་ཚོས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོའི་སྦྱོང་བརྡར་ལ་ཤུགས་བརྒྱབ་སྟེ་ལངས་ཕྱོགས་བརྟན་པོའི་ཆབ་སྲིད་ལས་ཁུངས་བསྐྲུན་རྒྱུ། བརྗོད་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་མཐོར་འདེགས་བཏང་སྟེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་དང་། རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་དང་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། བློ་སེམས་གཅིག་མཐུན་དང་ཁ་ཕྱོགས་གཅིག་མཐུན་ཡོང་བར་བྱ་རྒྱུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱས་པའི་གནད་དོན་ལེགས་བཅོས་ཀྱི“བླང་བྱའི་དོན་ཚན་རྗེས་མ”མཚོ་བྱང་འཕེལ་རྒྱས་གཏོང་བའི་ཐད་ཀྱི་དམིགས་འབེན་དང་གོ་སྐབས་ཆེན་པོ་ཞིག་ཏུ་བརྩིས་ཏེ། གཅིག་ཤེས་ཀུན་གྲོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པ། རྩ་ལག་མཉམ་བཅོས་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྲིད་གཞུང་རང་ངོས་འཛུགས་སྐྲུན་ཐད་ཀྱི་རང་རྟོགས་ལག་ལེན་དང་དོན་འཁྱོལ་དངོས་དེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལག་ལེན་དང་ཕན་འབྲས་དངོས་ལ་བསྒྱུར་རྒྱུ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། རྒྱལ་སྲུང་སྐུལ་སློང་དང་རྒྱལ་སྲུང་སློབ་གསོ། མི་དམངས་མཁའ་ཟོན། དམག་དོན་སྒྲིག་བཀོད་སྲུང་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཤུགས་བརྒྱག་རྒྱུ། གཉིས་བཀུར་མཉམ་འཛུགས་དང་དམག་འཁྱུར་དམག་མིའི་ལས་དོན་འགན་སྲུང་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་དམག་གི་མདོ་ལ་རྟགས་ཅན་གྱི་དམག་གྲུའི་གཉིས་བཀུར་མཉམ་འཛུགས་དང་འབྲེལ་བའི་ཕུགས་ཕན་རྐྱེན་སྲོལ་བཙུགས་ཏེ། དམངས་དམག་གི་འབྲེལ་བ་སྔར་ལས་ལྷག་པར་ཇེ་བཟང་དུ་གཏང་རྒྱུ། ང་ཚོས་མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གི་མི་དམངས་སྲིད་གཞུང་འཛུགས་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་འགན་འཁྲི་དང“ལས་གནས་གཅིག་འགན་འཁྲི་གཉིས”དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དེ་རྩ་དོན་དུ་བརྩིས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་ལས་དོན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏང་རྒྱུ། རྩིས་བཤེར་དང་སྡོམ་རྩིས། ནོར་རྩིས་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ནུས་ཁུངས་ཐོན་ཁུངས། བཟོ་སྐྲུན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་སྔོན་འགོག་ཚོད་འཛིན་ལ་ཤུགས་བརྒྱབ་སྟེ། དངུལ་རྩ་དང་རྒྱལ་དབང་རྒྱུ་ནོར། རྒྱལ་གཉེར་ཁེ་ལས། དམིགས་འགུག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་ལ་སྔོན་འགོག་དང་ཆད་གཅོད་ནན་མོ་བྱ་རྒྱུ་དང་། གྲོང་གསེབ་དར་སྤེལ་གྱི་མ་དངུལ་བེད་སྤྱོད་ལྟ་སྐུལ་དོ་དམ་དང་། སྨན་བཅོས་གུན་སྐྱོབ་ཀྱི་ཐེབས་རྩའི་དོ་དམ། རྒན་གསོའི་ཞབས་ཞུའི་གནད་དོན་མངོན་གསལ་བཅོས་སྐྱོང་། པུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་སོགས་ལ་བཅོས་སྐྱོང་བྱ་རྒྱུ། སྒྲིག་ལམ་མཐའ་དག་ནན་གྱིས་སྲུང་ནས་གོམ་སྟབས་མི་ལྷོད་པ་དང་ཕྱི་བཤོལ་མི་བྱེད་ལ། གོང་རིམ་ལ་ངོ་དགའ་དང་མངའ་འོག་ལ་འགན་མི་འཁུར་བ། དོན་དངོས་ལ་བསམ་གཞིག་མི་བྱེད་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ། བདེན་གཏམ་དང་དྲང་གཏམ་བརྗོད་དེ་མགོ་གཡོག་མགོ་སྐོར་ཉུང་དུ་བཏང་ནས་སྤྱོད་ཚུལ་དྭངས་གཙང་དང་། འཆམ་མཐུན་སྲིད་སྐྱོང་གི་ཆབ་སྲིད་ཁོར་ཡུག་རྒྱུན་འཁྱོངས་བྱ་རྒྱུ། ང་ཚོས་ཁྲིམས་ལྟར་སྲིད་སྐྱོང་སྲིད་འཛིན་དང་སྲིད་དོན་ཡོངས་བསྒྲགས་བྱ་རྒྱུ་གཏིང་ཟབ་ཏུ་བཏང་སྟེ། ཕྱི་གསལ་ནང་གསལ་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུ། རང་རྟོགས་སྒོས་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་དང་ལེན་བྱ་རྒྱུ་དང་། རང་རྟོགས་སྒོས་རྟོག་དཔྱོད་ལྟ་སྐུལ་དང་ཁྲིམས་འཛིན་ལྟ་སྐུལ་དང་ལེན་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། སྲིད་གཞུང་གི་གལ་ཆེའི་ཐབས་ཇུས་ལ་བློ་འདོན་པ་དང་དམངས་འདོད་བསྡུ་ལེན། དམངས་ཀྱི་བློ་གྲོས་ཚུར་ལེན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་དོན་སྨྱན་བྱད་གསར་པའི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཆེ་རུ་གཏང་རྒྱུ། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་དོན་ཚན་གྱི་དཀར་ཆག་བཟོ་བ། ཕྱོགས་བསྡུས་ཁྲིམས་འཛིན་ཚད་ལྡན་ཅན་གྱི་ཆུ་ཚད་བཅས་མཐོ་རུ་གཏང་རྒྱུ། ཕན་ནུས་ལྡན་པའི་ཁྲོམ་ར་དང་འགན་འཁུར་ཕོད་པའི་སྲིད་གཞུང་གི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། མཛའ་གཙང་གཅིག་གྱུར་གྱི་སྲིད་ཚོང་དབར་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཞིབ་ཐོ་བཟོ་རྒྱུ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁེ་ལས་ལ་ཁེ་ཕན་བསྐྲུན་པ་དང་རོགས་སྐྱོར་བྱེད་པ། ཁེ་ལས་ལ་དྲོད་ཁོལ་སྦྱིན་པ་བཅས་ཀྱི་ཕུགས་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏང་རྒྱུ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་གྱི“གཏན་འགོག་ལྔ”དང“མི་ཆོག་པ་བརྒྱད”དོན་འཁྱོལ་བྱས་ཏེ། ཁེ་ལས་ལ་ཕན་འབྲས་ཡོད་པའི་སྲིད་ཇུས་ཀྱི“དྲོད་རླུང”མང་དུ་གཏོང་བ་དང་། ཁེ་ལས་ལ་རོགས་རམ་ཐུབ་པ་དང་དཀའ་ངལ་སེལ་བའི་ལས་དོན་མང་དུ་བསྒྲུབས་ཏེ། ཁེ་ལས་ལ་རང་དབང་སྟེར་དགོས་ལ་ཚོད་འཛིན་ཡང་བྱེད་ཐུབ་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ། ང་ཚོས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བ་དང་ལྟ་སྐུལ་སྐུལ་ལྕག་བྱེད་ཐབས་དོན་འཁྱོལ་བྱས་ཏེ། འགན་འཁྲི་དངོས་སྒྲུབ་ཀྱི་འདུ་ཤེས་ལྡན་པའི་སྲིད་གཞུང་འཛུགས་རྒྱུ། ཚད་ཡོད་ཀྱི་ནོར་སྲིད་མ་དངུལ་གནད་ལ་ཁེལ་བར་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། ནོར་ཁྲལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ནོར་སྲིད་སྒྲིག་ཁྲིམས་ནན་མོ་བྱེད་པ། འགྲོ་སོང་གཏོང་སྒོ་ཇེ་ལེགས་སུ་གཏོང་བ། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྱོང་བྱེད་པར་ཡུན་རིང་སྐུལ་འདེད་བཏང་སྟེ། གྲོན་སྲིའི་འཚོ་བ་རོལ་བ་གོམས་གཤིས་སུ་གྱུར་བར་བྱ་དགོས་ལ། གཞུང་དོན་གསུམ་གྱི་གྲོན་དངུལ་སོགས་སྤྱིར་བཏང་གི་འགྲོ་སོང་ལ་ཚོད་འཛིན་ནན་མོ་བྱས་ཏེ་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏང་རྒྱུ། ནོར་སྲིད་མ་དངུལ80%ཡན་དམངས་ཚིས་འགྲོ་སོང་ལ་བཀོལ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། དམངས་ཚིས་བཟོ་སྐྲུན་ཁག22ལག་བསྟར་ཡག་པོ་བྱས་ཏེ་གཞི་རིམ་གྱི“འགན་ལེན་གསུམ”གྱི་མ་མཐའི་འགན་སྲུང་བརྟན་པོ་ཡོང་བ་བྱ་རྒྱུ། རྒྱུན་མཐུད་ངང“གཞི་རིམ་དུ་བསྐྱོད་པ་བཞིའི”་ལམ་ལུགས་དོན་འཁྱོལ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ཞིབ་ཕྲ་བཟོ་རྒྱུ། ལྟ་སྐུལ་གྱི་དྲང་ཕྱོགས་སྐུལ་ལྕག་དང་ལྡོག་ཕྱོགས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་ཇུས་དང་ལས་འགན། རྣམ་གྲངས། གནད་དོན་བཅས་ཀྱི“ཞིབ་ཐོ་བཞི”བཟོ་བ་དང་བེད་སྤྱོད་ཡག་པོ་བྱས་ནས་ཁུར་པོ་ཆུང་དུ་གཏོང་བ་དང་ནུས་སྤྲོད་གཅིག་གྱུར་འཆར་འགོད་བྱ་རྒྱུ། ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱ་རྒྱུ་དང་། ལས་དོན་རེ་རེ་སྔ་མོ་ནས་སྒྲུབ་ཐུབ་པར་སྐུལ་འདེད་བཏང་སྟེ། ལས་དོན་སྒྲུབ་འདོད་པ་དང་ལས་དོན་སྒྲུབ་ཤེས་པའི་ལས་བྱེད་པར་དངོས་སུ་ལས་དོན་སྒྲུབ་ཏུ་འཇུག་པ་དང་ལས་དོན་སྒྲུབ་ཐུབ་པར་ཁག་ཐེག་བྱ་རྒྱུ།

འཐུས་མི་རྣམ་པ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། “མཚོ་བྱང་ལྔ”ཡི་ཡིད་འོང་གི་དམིགས་འདུན་ཉིན་རེ་བཞིན་ཇེ་གསལ་ཡིན་ལ། “243”འཕེལ་རྒྱས་ཀྱི་བཀོད་པ་འཆར་འགོད་བྱེད་བཞིན་པའི་སྒང་ཡིན། “དག་སྣང་མཚོ་བྱང”གི་ལྟ་ན་སྡུག་པའི་རི་མོར་སྔར་ལས་བཀྲགས་མདང་ལྡན་སྲིད། ལོ་གསར་པའི་ནང་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་བརྟན་པོའི་འོག ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་། ཡིད་ཆེས་བརྟན་པོ་དང་དོན་གཉེར་སྔོན་སྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་ལས་དོན་རྣམ་པ་གསར་པ་གཏོད་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ནོ།།

 

 

 

 

མིང་ཚིག་འགྲེལ་བཤད།

【1】མཚོ་བྱང་ལྔ་ནི། འབྱོར་ཕྱུག་མཚོ་བྱང་། དཔལ་ཡོན་མཚོ་བྱང་། འཆམ་མཐུན་མཚོ་བྱང་། མཛེས་སྡུག་མཚོ་བྱང་། བདེ་སྐྱིད་མཚོ་བྱང་བཅས་ཡིན།

【2】“243”འཕེལ་རྒྱས་བཀོད་པ། “2”ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་མཐོ་ས་བསྐྲུན་པ་གཉིས་ཡིན། “4”ནི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ། ནུས་ཁུངས་གཙང་མ་ཐོན་སྐྱེད་བེད་སྤྱོད་སྐུལ་འདེད་ཁུལ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་བཅས་བཞི་ཡིན། “3”ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་ལས་དོན་བཅས་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་བསྐྱོད་པ་གསུམ་ཡིན།

【3】ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ་ནི། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་གཞག་བཅས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་བ་དེ་ཡིན།

【4】ཁུལ་གསུམ་དང་ཐིག་གསུམ། ཁུལ་གསུམ་ནི་མཁར་གྲོང་དང་ཞིང་ལས། སྐྱེ་ཁམས་བཅས་ཀྱི་བར་སྟོང་རིགས་གསུམ་ལ་གཞིགས་ནས། མཁར་གྲོང་གསར་སྤེལ་གྱི་མཐའ་ཐིག་དང་། ཡུན་རིང་གཞི་རྩའི་ཞིང་ས་སྲུང་སྐྱོང་དམར་ཐིག སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་བཅས་ཚོད་འཛིན་གྱི་ཐིག་གསུམ་ལ་ཟེར།  

【5】སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གཞི་ནི། ལོ་དང་པོའི་ནང་རྨང་གཞི་བཙུགས་ནས་ཐོག་མར་འཁོར་སྐྱོད་བྱེད་པ་དང་། ལོ་གཉིས་པའི་ནང་བསྒྱུར་བཀོད་བྱས་ནས་ཡོངས་སུ་མཐོར་འདེགས་གཏོང་བ། ལོ་གསུམ་པའི་ནང་ཚད་གཞི་རུ་སླེབས་ནས་ཡོངས་སུ་ཐོན་སྐྱེད་བྱེད་མགོ་འཛུགས་པའི་འཛུགས་སྐྲུན་གྱི་རིག་ལམ་ལྟར། རྫོང་རེ་རེས་ཉུང་མཐར་ཡང་ནོར་ལུག་མགོ་གྲངས་ཁྲི་སྟོང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་གཅིག་དང་། གཟན་ཆས་བཟོ་གྲྭ་གཅིག ཕྱུགས་རིགས་ཉོ་ཚོང་ཚོང་ར་གཅིག བཤས་ར་གཅིག སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭ་གཅིག ནས་དང་ལོག་དཀར་ལས་སྣོན་བཟོ་གྲྭ་གཅིག ཀོ་པགས་དང་བལ་རྩིད་བེད་སྤྱོད་ལས་སྣོན་བཟོ་གྲྭ་གཅིག ཞིང་ཕྱུགས་སོན་བཟང་རྒྱུད་སྤེལ་དང་མཁོ་སྤྲོད་རྟེན་གཞི་གཅིག འཁྱག་སྦྲེལ་དངོས་རྒྱུག་མཛོད་ཉར་རྟེན་གཞི་གཅིག་བཅས་འཛུགས་རྒྱུ་དེ་ཡིན།

【6】“ནོར་སྟོང་དང་ལུག་ཁྲིའི”གསོ་སྤེལ་རྟེན་གཞི་ནི། ནོར་གནག་མགོ་གྲངས་སྟོང་ཅན་གྱི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་དང་བོད་ལུག་མགོ་གྲངས་ཁྲི་ཡི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་ཡིན།

【7】ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་ནི། གནོད་མེད་ཞིང་ལས་ཐོན་རྫས། ལྗང་མདོག་བཟའ་བཅའ། སྐྱེ་ལྡན་ཞིང་ལས་ཐོན་རྫས་བཅས་གསུམ་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཡིན།

【8】མཚོ་བྱང་གི་ཐོན་རྫས་གྲགས་ཅན“སྐྱོད་པ་ལྔའི”འཐབ་ཇུས་ནི། མཚོ་བྱང་གི་ཐོན་རྫས་གྲགས་ཅན་ཟ་ཁང་དང་ཚོང་ཁྲོམ། ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི། ཀྲུང་དབྱང་ཁེ་ལས། རོགས་སྐྱོར་འཛུགས་སྐྲུན་ས་ཁུལ་བཅས་སུ་སྐྱོད་པར་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་ཐོན་རྫས་གྲགས་ཅན་གྱི་ཕྱིར་འཚོང་སྟེགས་བུ་རྒྱ་ཆེར་གཏོང་བ་དེ་ཡིན།

【9】ས་གནས་གསུམ་དང་ཚོང་སྒྲོམ་བརྒྱ་ནི། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་མཛོད་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་ལ“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་སྤྱོད་པའི་དབང་ཆ་ཐོབ་རྗེས། པེ་ཅིང་དང་ཧོ་པེ། ཐེན་ཅིན། ཧྲན་ཏུང་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་སོགས་ས་ཁུལ་གྱི་གྲོང་ཁྱེར་ཆེ་འབྲིང་དུ་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་ཁང་དང་། ཉམས་ལེན་ཁང་། ཆེད་གཉེར་ཚོང་ཁང་། རྒྱུད་འབྲེལ་ཚོང་ཁང་། ཆེད་གཉེར་སྒྲོམ་སྟེགས་སོགས་ཚོང་གཉེར་ས་ཚིགས100གསར་དུ་བསྐྲུན་པ་དེ་ཡིན།

【10】“123”Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་ལས་གཞི་ནི། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་ཏུ་སླེབས་སྐབས། རྐང་ཚ་དང་འཇུ་ལག་གིས་གནས་སྐོར་ལྗོངས་ཁུལ1ཞིང་ཆེན་ཡོངས་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་ཀྱི་མིང་ཐོའི་ནང་འཇུག་པར་བརྩོན་ལེན་བྱ་རྒྱུ་དང་། རྫོང་ཁག་གིས་སོ་སོར4Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ2དང3Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ3གསར་འཛུགས་བྱེད་དགོས་པ་དེ་ཡིན།

【11】གསེར་དངུལ་ཐང—རྡུལ་ཕྲན་མཁར་མཛེས་ལྗོངས་ཁུལ་གྱི་ཡོན་བཅག་བཅུ+གཟིགས་སྐྱོང་ལྔ་ནི། རིག་གནས་འགྲེམས་སྟོན་ཁང་སྒོ་འབྱེད་པ་དང་། གནས་སྐོར་མཛེས་ལྗོངས་ཁུལ་དུ་གནས་སྐོར་བྱེད་པ། རླངས་འཁོར་འཇོག་ས་མཁོ་འདོན་གྱི་ཞབས་ཞུ། རིག་རྩལ་འཁྲབ་སྟོན་ལ་ལྟ་བ། རྟ་རྒྱུག་འགྲན་བསྡུར་ལ་ལྟ་བ། རོལ་དབྱངས་རུ་ཁག་གི་འཁྲབ་སྟོན་ལ་ལྟ་བ། ཕྱི་རོལ་སྒར་འདེབས་ཀྱི་རས་གུར་མཁོ་འདོན་བྱེད་པ། ཁྱད་ཆོས་ལྡན་པའི་དཔལ་འབྱོར་སྲོག་ཆགས་ལ་ལྟ་སྐོར་བྱེད་པ། མཚོ་བྱང་མངའ་ཁོངས་ཀྱི་རིམ་པAཅན་གྱི་གནས་སྐོར་མཛེས་ལྗོངས་ཁུལ(མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་གྱི་གནས་སྐོར་པ)ལ་ལྟ་སྐོར་བྱེད་པ། བསྲེགས་ཟས་ཀྱི་གནས་ཡུལ་མཁོ་འདོན་བཅས་ལ་ཡོན་གཅོག་པ་དང་། མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་། མདའ་བཞི་དམངས་སྲོལ་སྡེ་བ། བྱེ་མ་ལ་བདུན། བོན་གྱཱ་ཕྱུགས་ར། ནུབ་མཚོ་མཚན་ལྗོངས་མགྲོན་ཤག་བཅས་མཛེས་ལྗོངས་ཁུལ་ལྔའི་ནང་གི་གྲོན་བསྡུའི་རྣམ་གྲངས་ལ་ཚད་མི་འདྲ་བའི་གཟིགས་སྐྱོང་བྱེད་ཐབས་ལག་བསྟར་བྱེད་པ་དེ་ཡིན།

【12】མཛོད་གཅིག་སྡེབ་སྐྱེལ་ནི། མྱུར་སྐྱེལ་ལས་ཁུངས་མང་པོ་ཞིག་གིས་མྱུར་སྐྱེལ་དངོས་པོ་རྣམས་མཛོད་ཁང་གཅིག་ཏུ་བསྡུས་ནས་གཅིག་གྱུར་དོ་དམ་དང་སྡེབ་སྐྱེལ་བྱེད་པ་དང་། གཉེར་སྐྱོང་ས་གནས་དང་སྐྱེལ་འདྲེན་ནུས་པ་སོགས་ཐོན་ཁུངས་མཉམ་སྤྱོད་བྱས་པ་བརྒྱུད་སྡེབ་སྐྱེལ་ནུས་པ་རིམ་སྤོར་མངོན་འགྱུར་བྱེད་པ་དེ་ཡིན།

【13】“གཙོ་གལ་གཉིས”དང“གསར་སྒྱུར་གཉིས”། གཙོ་གལ་གཉིས་ནི། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་པ་ལ་ཟེར། གསར་སྒྱུར་གཉིས་ནི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་སྒྱུར་ལ་ཟེར།

【14】4+1+N “4”ནི་ཁུལ་གྱི་ཚན་ཁག་ཆེན་པོ་བཞིས་སོ་སོར་རྫོང་བཞིར་ཁ་གཏད་འགན་གཙང་ལེན་བྱེད་པ་དང་། “1”ནི་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་རེ་རེས་ཡུལ་ཚོ་དང་གྲོང་རྡལ1ལ་འགན་གཙང་ལེན་བྱེད་པ། “N”ནི་ཁུལ་རིམ་པའི་སྡེ་ཁག་རེ་རེས་སོ་སོར་སྡེ་བ1རེར་འགན་གཙང་ལེན་བྱེད་པ་དེ་ཡིན།

【15】མཐོ་བ་གསུམ་ནི། མཁར་གྲོང་སྡོད་དམངས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་གྱི་འཕར་ཚད་ལས་མཐོ་བ་དང་། གྲོང་གསེབ་སྡོད་དམངས་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་མཁར་གྲོང་སྡོད་དམངས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ། དབུལ་སྒྲོལ་མི་འབོར་གྱི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་གྲོང་གསེབ་སྡོད་དམངས་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ་བཅས་ཡིན།

【16】སྐྱོར་གསུམ་རོགས་གཅིག་ནི། སློབ་ཆེན་མཐར་ཕྱིན་སློབ་མ་བདམས་ཏེ་གཞི་རིམ་དུ་སློབ་སྐྱོར། ཞིང་སྐྱོར། སྨན་སྐྱོར་དང་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་པར་མངགས་པ།

【17】ཉུང་འཕྲི་གཉིས། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ལས་བྱའི་འགན་ཁུར་ཉུང་འཕྲི་དང་སློབ་གྲྭ་ཕྱིའི་གསོ་སྦྱོང་གི་ཁུར་པོ་ཉུང་འཕྲི་བྱེད་པ་དེ་ཡིན།

【18】ལྟེ་གནས་ཆེན་པོ་ལྔ་ནི། བྲང་གཟེར་ལྟེ་གནས་དང་གཟའ་གྲིབ་ལྟེ་གནས། རྨས་སྐྱོན་ལྟེ་གནས། ཉེན་ཁ་ཆེ་བའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། ཉེན་ཁ་ཆེ་བའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་བཅས་ཡིན།

【19】ཁ་གསབ་གཉིས་ནི། དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚད་རིམ་མཐོ་བའི་དབང་བོ་སྐྱོན་ཅན་གྱི་བདག་སྐྱོང་ཁ་གསབ་གཉིས་ཡིན།

【20】མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱེད་ཐབས“བཅུ་བརྒྱ་སྟོང”ནི། དབུས་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་དབར་ཕྱོགས་གཉིས་མཉམ་འགུལ་སྤེལ་རེས་ལས་དོན་རྐྱེན་སྲོལ10ཡན་འཛུགས་པ། ཞིང་ཆེན་ཕྱིའི་ལས་ཁུངས་དང་ཁེ་ལས། བྱ་གཞག་ལས་ཁུངས(སློབ་གྲྭ་དང་སྨན་ཁང་ཚུད་པ)དབར་ཕན་ཚུན་ཆ་སྒྲིག་རོགས་སྐྱོར་གྱི་རྐྱེན་སྲོལ100ཡན་འཛུགས་པ། ཞིང་ཆེན་ཕྱིའི་རྩ་འཛུགས་ལ་ཕྱོགས་གཉིས་སྤེལ་རེས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཞུགས་མཁན་མི་གྲངས་མི་ཐེངས5000ཡན་དུ་སླེབས་པར་བྱེད་པ་ཡིན།

【21】དགོན་པར་སྐྱོད་པ་བདུན་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། རྒྱལ་དར། གཙོ་འཛིན་གྱི་སྐུ་པར། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཅས་དགོན་པར་སྐྱོད་པ་བཅས་ཡིན།

【22】དགོན་པར་སྐྱེལ་བ་གསུམ་ནི། ཁྲིམས་ལུགས་དགོན་པར་སྐྱེལ་བ་དང་སྨན་བཅོས་དགོན་པར་སྐྱེལ་བ། སློབ་གསོ་དགོན་པར་སྐྱེལ་བ་བཅས་ཡིན། 

【23】ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས་ནི། “བྱུར་རྐྱེན་ཕྲན་ཚེགས་ཞིབ་བཤེར་དང་། རྩོད་གཞི་ཕྲན་ཚེགས་འདུམ་འགྲིག ཁོར་ཡུག་ཕྲན་ཚེགས་ལེགས་བཅོས། གནད་དོན་ཕྲན་ཚེགས་ཐག་གཅོད། གྱོད་གཞི་ཕྲན་ཚེགས་ཐག་གཅོད། དགོས་མཁོ་ཕྲན་ཚེགས་སྐོང་པའི”ལས་ཀའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། “དོན་དག་ཕྲན་ཚེགས”ལ་བརྟེན་ནས་དམངས་འཚོའི“གནད་དོན་ཆེན་པོ”ཐག་གཅོད་པ་ཡིན།

【24】ལས་གནས་སྟོང་དང་སོ་ཁ་ཁྲི་ནི། ཕྱོགས་ཡོངས་ནས“དང་ལེན”དང་། གནད་ལ་འཁེལ་བའི་ངང“དབྱེ་འབྱེད”བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས“སྒྲུབ་པ” ནན་པོ་དང་མགྱོགས་མྱུར། ཏན་ཏིག་གིས“ལྟ་སྐུལ”བྱེད་པ། སྤུས་ཚད་དང་ཕན་ནུས་འགན་ལེན་བྱས་ནས“གདེང་འཇོག”བཅས་བྱེད་པའི་ཐབས་ལམ་གྱིས་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་པ་དང་།  མང་ཚོགས་ཀྱི་ཞུ་གཏུག་དེ་ལས་བྱེད་པ་གཞི་རིམ་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་པར་བསྒྱུར་བ། གཞན་དབང་གིས་ཞུ་གཏུག་དང་ལེན་བྱེད་པ་དེ་རང་འགུལ་ངང་ཞུ་གཏུག་ཐག་གཅོད་བྱེད་པར་བསྒྱུར་བ། གཏན་འཇགས་ཀྱི་ཞུ་གཏུག་དང་ལེན་དེ་སྐོར་སྐྱོད་ངང་ཞུ་གཏུག་དང་ལེན་བྱེད་པར་བསྒྱུར་ཏེ། འགལ་བ་དང་རྩོད་གཞི་མཉམ་འབྲེལ་འདུམ་སྒྲིག་དང་། སྤྱི་ཚོགས་བདེ་འཇགས་མཉམ་འབྲེལ་འགོག་བཅོས། མངོན་གསལ་དོད་པའི་གནད་དོན་མཉམ་འབྲེལ་བཅོས་སྐྱོང་། བདེ་འཇགས་འཛུགས་སྐྲུན་མཉམ་སྐྲུན། དམངས་ཀྱི་གནས་ཚུལ་མཉམ་འབྲེལ་ཐག་གཅོད། སྐྱེ་ཁམས་སྲུང་སྐྱོང་མཉམ་འབྲེལ་དོ་དམ་བཅས་ལ་སྐུལ་འདེད་གཏོང་བ་ཡིན།

【25】ལྟེ་བ་གཅིག་དང་རུ་ཁག་ལྔ་ཡིས་དར་སྤེལ་ལ་སྐུལ་འདེད་གཏོང་བ། “ལྟེ་བ་གཅིག་”ནི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱ་རྒྱུ་དེ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་ཡིན། “རུ་ཁག་ལྔ”ནི་སྲིད་འཛིན་སྡེ་བ་ཚང་མར་ཏང་རྩ་འཛུགས་རྨང་གཞིར་བྱས་ནས་སྐྱེ་ཁམས་དཔལ་ཡོན་དང་ཐོན་ལས་སྐུལ་འདེད། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་། རིག་གནས་དྲིལ་སྒྲོག་བཅས་ལས་དོན་རུ་ཁག5འཛུགས་པ་དང་། ཁོངས་མི་ནི་ཏང་འཛུགས་ཆ་འཕྲིན་མི་སྣ་དང་ཕྱུག་འགྱུར་སྣེ་ཁྲིད་པ། རྗེས་གྲབས་ལས་བྱེད་པ། དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་ཕུལ་བྱུང་ཤེས་ལྡན་མི་སྣ་བཅས་ཡིན། 

【26】 དྲ་བ་གཅིག་མཉམ་འབྲེལ་བདུན་གྱིས་སྡེ་བ་བརྒྱ་སྟོབས་ཆེར་གཏོང་བ་ནི། རྫོང་དང་ཡུལ་ཚོའི་མགོ་ཁྲིད་ལས་བྱེད་པ་དང་། ལས་ཁུངས་དང་ཁེ་ལས། བྱ་གཞག་སྡེ་ཚན་གྱིས་སྡེ་བ་དང་ཁྱིམ་དུད་འགན་ལེན་བྱེད་པ་དང་སྲིད་འཛིན་སྡེ་བའི་དོ་དམ་དྲ་བའི་ནང་ཁུལ་གྱི་ཏང་ཡོན་གྱིས་ཁྱིམ་དུད་ལ་འབྲེལ་གཏུག་བྱེད་པའི་“དྲ་བ་གཅིག”གི་འབྲེལ་མཐུད་ཀྱི་རྣམ་པར་བརྟེན་ནས། གཞི་རིམ་རྩ་འཛུགས་ཀྱིས་མཉམ་འབྲེལ་དམ་འཛིན་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་གིས་མཉམ་འབྲེལ་སྐུལ་འདེད་བྱེད་པ། ཤེས་ལྡན་མི་སྣའི་དཔུང་ཁག་མཉམ་འབྲེལ་གསོ་སྐྱོང་བྱེད་པ། ཏང་འཛུགས་སྐྱོང་གི་བྱེད་སྒོ་མཉམ་འབྲེལ་ངང་སྤེལ་བ། མཉམ་འབྲེལ་ངང་གཞི་རིམ་བཅོས་སྐྱོང་བྱེད་པ། ཐུན་མོང་དཔལ་འབྱོར་ལ་མཉམ་འབྲེལ་རོགས་སྐྱོར་བྱེད་པ། དཔེ་སྟོན་དཔེ་མཚོན་མཉམ་འབྲེལ་ངང་འཛུགས་སྐྱོང་བྱེད་པའི“མཉམ་འབྲེལ་བདུན”གྱི་ཕན་ཚུན་རོགས་རེས་བྱེད་པའི་རྒྱུན་རྣམ་ཅན་གྱི་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྱོང་བྱས་ཏེ། སྡེ་བ་བརྒྱ་ཐུན་མོང་ཐོག་མཐོར་འདེགས་དང་ཐུན་མོང་གིས་འཕེལ་རྒྱས་གཏོང་བའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་སུ་འཇུག་པ་དེ་ཡིན།

【27】“5685”ལས་ཀའི་རྐྱེན་སྲོལ། གཞུང་ལམ་འགྲིམ་འགྲུལ་དང་“འདུ་ས་ཆུང་ཆུང་དགུའི”མེ་གསོད་བདེ་འཇགས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། མཁར་གྲོང་གི་འབར་རླངས། ནགས་ཚལ་རྩྭ་ཐང་བཅས་ཀྱི་མེ་འགོག་མེ་གསོད་ཀྱི “ཉིན་བརྒྱའི་འགག་སྒྲོལ་ལྔ”ལེགས་པོ་སྤེལ་བ་ཡིན། སློབ་གྲྭ་དང་གསོ་སྦྱོང་སྒྲིག་གཞི། སྨན་ཁང་དང་དེ་བཞིན་རྒན་གསོ་ཁང་སོགས་མི་སྣ་འདུས་སྡོད་ཆེ་བའི་གནས་ཡུལ་དང་། ཤོག་སྦག་གཉེར་སྐྱོང་དང་ཕྱིར་འཚོང་། སྐྱེལ་འདྲེན་བཅས་ཀྱི་མཚམས་ཚིགས། གཏེར་རི་དང་དེ་བཞིན་གཏེར་སྙིགས་མཛོད་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་བྱུར་རྐྱེན་ཞིབ་བཤེར་བཅོས་སྐྱོང་དང་བྱེད་སྒོ་ཆེ་གྲས་ཀྱི་ཞིབ་མཆན་དང་དེའི་བདེ་འཇགས་སྔོན་འགོག་བྱ་ཐབས། འཕྲལ་བསྟུན་སྔོན་ཇུས་སྙན་ཞུ་སོགས“ཡོངས་ཁྱབ་དྲུག”ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་ཡིན། མཁར་གྲོང་གི་འབར་རླངས་དང་། གནས་སྐོར། དམིགས་བསལ་སྒྲིག་ཆས། ཨར་ལས་བཟོ་སྐྲུན། གཞུང་ལམ་འགྲིམ་འགྲུལ། བཟོ་གཏེར་ཚོང་དོན། སློབ་གྲྭའི་བདེ་འཇགས། ས་གཤིས་གནོད་འཚེ་སོགས“གཙོ་གནད་ལས་རིགས་བརྒྱད་ཀྱི”བྱུར་རྐྱེན་ཆེད་དོན་ཞིབ་བཤེར་བཅོས་སྐྱོང་བྱ་སྤྱོད་མུ་མཐུད་དུ་སྤེལ་བ་ཡིན། རྒྱུན་ལྡན་གྱི་བཀོད་གཏོང་དང་། “འཕྲལ་བསྟུན་ཤེས་རྟོགས་པ”གཅིག་བསྡུས་སྦྱོང་བརྡར། བདེ་འཇགས་ཐོན་སྐྱེད་ཟླ་བའི་སྙན་ཞུ། “གསལ་ཐོ་གཉིས་དང་རེའུ་མིག་བཞི”འགུལ་རྣམ་གསར་བསྒྱུར། བདེ་འཇགས་ཐོན་སྐྱེད་ཀྱི་དུས་ཚིགས་དཔྱད་ཞིབ་བཅས་ཀྱི“རྐྱེན་སྲོལ་ལྔ”འཐུས་ཚང་དང་དོན་འཁྱོལ་བྱེད་པ་དེ་ཡིན།

【28】བཤེར་བཞི་མཉམ་འགུལ་ནི། ཆེད་མཁས་པས་བཤེར་རོགས་དང་། ཁེ་ལས་ཀྱིས་རང་བཤེར། སྡེ་ཁག་གི་ཞིབ་བཤེར། སྲིད་གཞུང་གི་སྐུལ་ལྟ་བཅས་མཉམ་འགུལ་བྱེད་པ་ཡིན།

【29】གཞི་རིམ་དུ་སྐྱོད་པ་བཞི་ནི། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་དྲིལ་སྒྲོག་གཞི་རིམ་དུ་སྐྱོད་པ། བརྟག་དཔྱད་ཞིབ་འཇུག་གི་ལས་དོན་གཞི་རིམ་དུ་སྐྱོད་པ། འཕྲིན་བཅར་སྣེ་ལེན་གཞི་རིམ་དུ་སྐྱོད་པ། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་གཞི་རིམ་དུ་སྐྱོད་པ་བཅས་ཡིན།

【30】“1+10”ཡི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་ཞུའི་རྐྱེན་སྲོལ། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པ1གིས་ཡུལ་ཚོ་དང་གྲོང་རྡལ1ལ་འགན་གཙང་ལེན་བྱེད་པ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། གཞི་རིམ་བཅོས་སྐྱོང་། བསམ་པའི་དཔལ་ཡོན། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་བཅས་ཕྱོགས10ལ་དམིགས་ནས། ཡུལ་ཚོ་དང་གྲོང་རྡལ་ས་ཁོངས་ནང་གི་གཞི་རིམ་ཏང་རྩ་འཛུགས་ཡོད་ཚད་དང་། འབྲེལ་གཏུག་ཞབས་ཞུ་བྱ་ཡུལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་བཅས་ལ་གནད་འཁེལ་ངང་འགན་ལེན་ཁྲིད་སྟོན། དུས་བཀག་མཛུབ་ཁྲིད་སྐུལ་འདེད། རྒྱུན་རྣམ་ཅན་གྱི་རོགས་རམ་དང་འབྲེལ་གཏུག་བཅས་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་མང་ཚོགས་ལ་རོགས་རམ་འབྲེལ་གཏུག་བྱེད་པའི་ལག་ལེན་བརྒྱུད་རིམ་ཁྲོད་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལས་ཁུངས་ལས་བྱེད་པས་གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བར་ཆད་ལྷག་མེད་པ་དང་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་པ་དེ་ཡིན།

【31】“5+8+N”ཡི་ཞིང་ཕྱུགས་ཐོན་ལས་མ་ལག  བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་བཅས་གཙོ་ཁྲིད་ཐོན་ལས་ལྔ་དང་། སྐམས་ཤ་དང་ལུག་ཤ། སྦྲང་རྩི། ཤ་མོ་སེར་པོ། ཆུ་གྲང་ཉ། དྲི་ཞིམ་ཤ་མོ། གྲོ་མ། སྔོ་ཚལ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་བརྒྱད། ཀྲུང་བོད་སྨན་རྫས་དང་རྩྭ་ཕག རྩྭ་ཐང་སྐྱེ་ཁམས་བྱ་ཕོ་སོགས་ཐོན་ལས་མང་པོ་ཞིག་ཡིན།

【32】ལྗོངས་ཞིང་བཞི་དང་གྲོང་ཁྱེར་བཅུ་གཉིས་ནི། ཀན་སུའུ་དང་ཞིན་ཅང་། ནང་སོག མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་དང་། ཅིའུ་ཆོན་གྲོང་ཁྱེར་དང་། ཅ་ཡུས་ཀོན་གྲོང་ཁྱེར། འབྲོང་ཡུལ་གྲོང་ཁྱེར། ཅིན་ཁྲང་གྲོང་ཁྱེར། ཝུའུ་ཝེ་གྲོང་ཁྱེར། ཧ་སྨི་གྲོང་ཁྱེར། ཐུའུ་ལུའུ་ཧྥན་གྲོང་ཁྱེར། པ་དབྱིན་གོ་ལིང་སོག་རིགས་རང་སྐྱོང་ཁུལ། ཨ་ལ་ཧྲན་མནའ་འབྲེལ། ཟི་ལིང་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་བྱང་ཁུལ་བཅས་གྲོང་ཁྱེར12ཡིན།

【33】ཞིང་ལས་གྱི“མགོ་གསུམ་དང་མཇུག་གསུམ”ནི། འབྲུ་རིགས་ཐོན་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་ཡོང་བའི“འབྲུ་རིགས་ནས་ཟ་མའི་བར་གྱི་མགོ་དང་མཇུག”ལ་དམིགས་པ་དང་། ཕྱུགས་ལས་གསོ་སྤེལ་དང་ཤ་རིགས་ལས་སྣོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པའི“ཕྱུགས་ཟོག་ནས་ཤ་རིགས་བར་གྱི་མགོ་དང་མཇུག”ལ་དམིགས་པ། ཞིང་ལས་དེང་རབས་ཅན་དང་བཟོ་ལས་མཉམ་འདྲེས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“ཞིང་ལས་ནས་བཟོ་ལས་བར་གྱི་མགོ་དང་མཇུག”ལ་དམིགས་པ་བཅས་ཡིན།

【34】སྲིད་དོན་ཞབས་ཞུའི“ཅན་གསུམ”ནི། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་ཚད་གཞི་ཅན། སྟབས་བདེ་ཅན་བཅས་ཡིན།

【35】ཉུང་འཕྲི་དྲུག་དང་འཕར་སྣོན་གཅིག་ནི། ལྷུ་ཚིགས་ཉུང་འཕྲི་དང་རྒྱུ་ཆ་ཉུང་འཕྲི། དཔང་རྟགས་ཉུང་འཕྲི། རྒྱུག་སྐྱོད་ཉུང་འཕྲི། དུས་ཚད་ཉུངའཕྲི། འགྲོ་གྲོན་ཉུང་འཕྲི་བཅས་དྲུག་དང་། སྲིད་དོན་ཞབས་ཞུའི་གསལ་ཚད་འཕར་སྣོན་གཏོང་བ་བཅས་ཡིན།

【36】དམངས་ཁྲོད་མ་འཇོག་རྒྱ་ཆེར་གཏོང་བའི“འཆར་གཞི་གསུམ”ནི། ལམ་ལུགས་ཁོར་ཡུག་འཐུས་ཚང་དུ་བཏང་ནས་དམངས་གཉེར་ཁེ་ལས་ཀྱིས“སེམས་བདེ་ངང་མ་འཇོག”བྱེད་པ། མ་དངུལ་འཇོག་པའི་བར་སྟོང་རྒྱ་སྐྱེད་བཏང་སྟེ། དམངས་གཉེར་ཁེ་ལས་ལ“མ་འཇོག་བྱེད་ས”ཡོད་དུ་འཇུག་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་གཉེར་ཁེ་ལས་ལ“མ་དངུལ་ཡག་པོ་གཏོང་ཐུབ་པར”བྱེད་པ་བཅས་ཡིན།

【37】ལས་གཞི་ཁྲི་སྟོང་ནི། 2003ལོའི་ཟླ6པར། སྐབས་དེའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གི་དར་སྤེལ་དང་གཙོ་སྐྱོང་འོག་ཀྲེ་ཅང་ཞིང་ཆེན་ཡོངས་སུ་སྤེལ་པའི “དཔེ་སྟོན་སྡེ་བ་སྟོང་དང་། བཅོས་སྒྲིག་སྡེ་བ་ཁྲིའི”ལས་གཞིའི་བསྡུས་མིང་ཡིན། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་ཁོར་ཡུག་ལེགས་བཅོས་གཏོང་བ་གཙོ་གནད་དུ་བཟུང་སྟེ། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཞིང་པའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་པའི་སྡེ་བ་བཅོས་སྐྱོང་འཛུགས་སྐྲུན་གྱི་བྱ་སྤྱོད་ཆེན་པོ་ཞིག་ཡིན།

【38】གཙང་སེལ་གསུམ་དང་གསར་བརྗེ་གསུམ་ནི། གད་སྙིགས་དང་བཙོག་ཆུ། ལྷད་སྙིགས་གཙང་སེལ་བྱེད་པ། ཆུ་དང་གསང་སྤྱོད། ཉེན་ཡོད་ཁང་བ་གསར་བརྗེ་བྱེད་པ་བཅས་ཡིན།

【39】རྣམ་པ་གསར་པའི་མཁར་གྲོང་ཅན་འཐབ་ཇུས་ཀྱི“བྱ་སྤྱོད་ཆེན་པོ་དྲུག”ནི། ཞིང་ལས་ནས་མི་འབོར་སྡོད་དམངས་ཅན་དུ་སྤོ་སྒྱུར་བྱེད་པའི་བྱ་སྤྱོད་དང་། གཏིང་ཤུགས་འཛོམས་པའི་ས་ཁུལ་གྱི་མཁར་གྲོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད། གྲོང་ཁྱེར་དེང་རབས་ཅན་གྱི་མུ་ཁྱུད་གསོ་སྐྱོང་བྱེད་པའི་བྱ་སྤྱོད། གྲོང་ཁྱེར་གསར་སྒྱུར་དང་བདེ་འཇགས་མཉེན་གཤིས་མཐོར་འདེགས་བྱ་སྤྱོད། ཐོན་ལས་ཀྱི་ལེ་ལག་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བའི་བྱ་སྤྱོད་བཅས་ཡིན།

【40】“རིམ་པ་གསུམ་དང་རིགས་སྣ་གསུམ་”གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་ནི། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར(རྫོང)བཅས་རིམ་པ་གསུམ་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་སྤྱི་ཁོག དམིགས་ཚན། ས་ཁོངས་བཅས་རིགས་སྣ་གསུམ་ཅན་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱིས་གྲུབ་པའི་འཆར་འགོད་མ་ལག་ཡིན།

【41】འཕར་སྣོན་ལས་ཉུང་འཕྲི་མི་བྱེད་པ་གཉིས་ནི། ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སློབ་གསོའི་གཏོང་སྒོ་ལོ་རེ་བཞིན་འཕར་སྣོན་ལས་ཉུང་འཕྲི་མི་བྱེད་པ་དང་། སློབ་གྲྭར་ཡོད་པའི་སློབ་མའི་མི་གྲངས་ཀྱི་ཆ་སྙོམས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སློབ་གསོའི་གཏོང་སྒོ་ལོ་རེ་བཞིན་འཕར་སྣོན་ལས་ཉུང་འཕྲི་མི་བྱེད་པ་ཡིན།

【42】སློབ་སྔོན་སློབ་གསོའི“ཁྱབ་པ་གཉིས”ནི། སློབ་སྔོན་སློབ་གསོ་ཀུན་ལ་ཁྱབ་པར་བྱེད་པ་དང་ཕན་འབྲས་ཀུན་ལ་ཁྱབ་པར་བྱེད་པ་ཡིན།

【43】སློབ་གསོ་ལྔ་མཉམ་འཕེལ་ནི། སློབ་མའི་ཀུན་སྤྱོད་སློབ་གསོ་དང་ཤེས་རིག་སློབ་གསོ། ལུས་རྩལ་སློབ་གསོ། མཛེས་རིག་སློབ་གསོ། ངལ་རྩོལ་སློབ་གསོ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བ་དེ་ཡིན།

【44】གཅིག་གྱུར་བདུན་ནི། སྲིད་འཛིན་དང་མི་སྣ། ནོར་དོན། བྱས་འབྲས། ལས་སྒོ  སྨན་ཆས། ཆ་འཕྲིན་བཅས་གཅིག་གྱུར་གྱིས་དོ་དམ་བྱེད་པ་དེ་ཡིན།

【48】“1+5+N”ཡི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་ནི། སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་གྱི་ལས་སྟེགས་གཞི་རྟེན་བྱས་ཏེ། གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ། ཛ་དྲག་སྤྱི་ཚོགས་རོགས་སྐྱོབ། ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ། གཞན་པའི་རོགས་སྐྱོབ་སོགས་སྲིད་གཞུང་གི་རོགས་སྐྱོབ་རིགས་ལྔ་གཙོ་གཟུགས་སུ་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཞུགས་ནས་ཁ་གསབ་བྱེད་པའི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་ཡིན།

【46】ཁང་གཉིས་ས་ཚིགས་གཅིག་ནི། དཔེ་མཛོད་ཁང་དང་རིག་གནས་ཁང་། གཞི་རིམ་རིག་གནས་ས་ཚིགས་བཅས་ཡིན།

【47】གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་སྐྱོད་པ་ལྔ་ནི། གཟུགས་མེད་ཤུལ་བཞག་རིག་གནས་མཛེས་ལྗོངས་ཁུལ་དང་། ཁྲོམ་གཞུང་། གྲོང་གསེབ། སློབ་གྲྭ  དྲ་རྒྱ་བཅས་སུ་སྐྱོད་པ་དེ་ཡིན།

【48】མི་རིགས་ཁག་གི་འགྲོ་སྤེལ་འདྲིས་གསུམ་ལ་སྐུལ་འདེད་གཏོང་བའི“འཆར་གཞི་གསུམ”དང“བྱ་སྤྱོད་བཅུ”ནི། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་མཉམ་འདྲེས་འཕེལ་རྒྱས། གནས་སྐོར་གྱིས་མི་རིགས་ཁག་གི་འགྲོ་སྤེལ་འདྲིས་གསུམ་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བཅས་དང་། གཞི་རིམ་རྩ་འཛུགས་ཀྱི“རྨང་གཞི་བརྟན་པོར་གཏོང་བའི”བྱ་སྤྱོད། གཞོན་ནུ་ལོ་ཆུང་གི་བསམ་བློ་བརྗེ་རེས་དང་གསོ་སྐྱོང་བྱ་སྤྱོད། ཕན་ཚུན་མཛེས་རྒྱན་རྣམ་པའི“མཉམ་ཕྱུག”འཕེལ་རྒྱས་བྱ་སྤྱོད། དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་པ་དང་རོང་འབྲོག་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པའི“བློ་སྐྱེད”བྱ་སྤྱོད། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་ལག་རྩལ་འཇོན་མིའི“ཟབ་སྦྱོང”བྱ་སྤྱོད། སྔོན་ཐོན་དཔེ་བཟང་མི་སྣའི་རྟོག་ཞིབ་དང་ཁམས་གསོའི“ངོ་བསྟོད”བྱ་སྤྱོད། རིག་གནས་སྒྱུ་རྩལ་སྤེལ་རེས་ཀྱི“སེམས་གསོ”བྱ་སྤྱོད། ཆོས་ལུགས་ལས་རིགས་མི་སྣའི་སློབ་གསོའི“གློ་ཉེའི”བྱ་སྤྱོད། གནས་སྐོར་གྱི“སྣེ་ཤན”བྱ་སྤྱོད། གྲོང་ཁྱེར་གྲངས་ཉུང་མི་རིགས་ཀྱི་སྐོར་སྐྱོད་མི་འབོར་གྱི་ས་ཁོངས་ལས་བརྒལ་བའི་ཞབས་ཞུ་དོ་དམ་ཀྱི“འཆམ་མཐུན” བྱ་སྤྱོདབཅས་ཡིན།

【49】ལོ་རྒྱུས་ལྔ་དང་ལྟ་བ་ལྔ། ཁས་ལེན་ལྔ་ནི། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལྔ་དང་། རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ལྔ་དང་། རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཁས་ལེན་བྱེད་པ་ཡིན། 

【50】བྱང་ཆ་ཡོད་པ་གཉིས། ཆོས་ལུགས་ཀྱི་གསུབ་རབ་དང་ཆོ་ག་ཕྱག་ལེན་ལ་བྱང་ཆ་ཡོད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བྱང་ཆ་ཡོད་པ་གཉིས་ཡིན།

【51】གཅིག་ཅན་བཅུ་ནི། བཀོད་འདོམས་དབྱུག་པ་གཅིག་ཁ་གསལ་གཏོང་བ་དང་། སྤྱི་ཁྱབ་སྐུལ་སློང་ཐེངས་གཅིག་སྤེལ་བ། འགག་རྩའི་དམག་འཐབ་ཐེངས་གཅིག་ལ་རྒྱལ་ཁ་ལེན་པ། སྟེགས་བུ་ཆེན་པོ་གཅིག་འཛུགས་པ། མང་ཚོགས་ཀྱི་འགོག་སྲུང་དྲ་བ་གཅིག་དམ་ཟབ་བཟོ་བ། ཆེད་དོན་བྱ་སྤྱོད་ཁག་གཅིག་བཀོད་སྒྲིག་བྱེད་པ། ཞིབ་བཤེར་ཆེན་པོ་དང་ཐག་གཅོད་ཆེན་པོ་རེས་སྐོར་གཅིག་སྤེལ་བ། ཕྱིར་དྲན་ཐེངས་གཅིག་སྒྲིག་འཛུགས་བྱེད་པ། ལྟ་སྐུལ་ཞིབ་བཤེར་རེས་སྐོར་གཅིག་ལག་བསྟར་བྱེད་པ། གཙོ་ཤུགས་དམག་དཔུང་གཅིག་འཛུགས་པ་བཅས་ཡིན།

【52】ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་གྱི“གཏན་འགོག་ལྔ”དང“མི་ཆོག་པ་བརྒྱད”ནི། ཁེ་སྤོགས་དོན་དུ་གཉེར་བའི་ཞིབ་བཤེར་གཏན་འགོག་དང་། ཞིབ་བཤེར་བྱ་ཡུལ་ཁེ་ལས་ཀྱི་ལེགས་སྐྱེས་དང་། གླ་ཆ། ཕན་ཁེ་གང་རུང་དང་ལེན་བྱེད་པ་གཏན་འགོག ཞིབ་བཤེར་བྱ་ཡུལ་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་གསོལ་སྟོན་དང་། རོལ་རྩེད། གནས་སྐོར་སོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག ཞིབ་བཤེར་བྱ་ཡུལ་ཁེ་ལས་ལ་འཛད་སྤྱོད་འགྲོ་སོང་སྤྲོད་དུ་འཇུག་པའམ་ཡང་ན་ཞིབ་བཤེར་གྲོན་དངུལ་ཁེ་ལས་ལ་བརྒྱུད་སྤྲོད་བྱས་མི་ཆོག མཚམས་སྦྱོར་ལས་ཁུངས་གཏན་འཁེལ་བྱས་ནས་ཁེ་ལས་ལ་བཙན་ཤེས་ཀྱིས་དེའི་ཞབས་ཞུ་དང་ལེན་བྱེད་དུ་འཇུག་མི་ཆོག ཁེ་ལས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་འགོག་རྐྱེན་བཟོ་རྒྱུ་གཏན་འགོག་བྱེད་པ་དང་། བསམ་བཞིན་དུ་ཁྲིམས་བཀོད་འཐུས་མི་དེ་གར་ཡོང་དགོས་པའི་རེ་བ་བཏོན་མི་ཆོག ཁེ་ལས་ལ་རང་སྣང་གང་ཤར་གྱིས་ཆད་པ་གཅོད་རྒྱུ་གཏན་འགོག་བྱེད་པ་དང་། གང་བྱུང་དུ་བཀག་སྡོམ་དང་། གང་བྱུང་དུ་བཀག་ཉར་བྱེད་པ། གང་བྱུང་དུ་བཀག་སྐྱིལ་བྱེད་པ། ཐོན་སྐྱེད་མཚམས་འཇོག་པའི་བཀའ་གཏོང་བ་བཅས་བྱས་མི་ཆོག ཞིབ་བཤེར་དམིགས་ཚད་གཤམ་སྤྲོད་བྱེད་པ་གཏན་འགོག་བྱེད་པ་དང་། དཔྱད་ཞིབ་དང་དཔྱད་བསྡུར། སྔོན་རྩིས་རྣམ་གྲངས་ཀྱི་ཕན་འབྲས་དེ་ཞིབ་བཤེར་ཐེངས་གྲངས་དང་དངུལ་ཆད་གྲངས་འབོར་དང་ཐད་ཀར་འབྲེལ་བ་ཡོད་མི་ཆོག རྣམ་པ་བསྒྱུར་བའི་ཞིབ་བཤེར་གཏན་འགོག་བྱེད་པ་དང་། ལྟ་ཞིབ་དང་ལྟ་སྐུལ། རྟོག་ཞིབ་སོགས་ཀྱི་མིང་ཐོག་ནས་ཞིབ་བཤེར་བྱེད་མི་ཆོག་པ་བཅས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号