མཚོ་བྱང་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ།

ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཆན་གོ་ཆིན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའ་རིན་ལ་བདམས། ཀྲང་ཧྲིང་ཡོན་ཚོགས་འདུར་སླེབས།

སེམས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་དང་མུ་མཐུད་མདུན་སྐྱོད་བྱས་ནས་ལེའུ་གསར་པ་རྩོམ། ཟླ1པོའི་ཚེས26ཉིན་གྱི་སྔ་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་འདུའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་ནས་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི217ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི192ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཤ་བོ་སྐྱབས་དང་། ཆན་གོ་ཆིན། སུའུ་བདུན་ཅུ། མ་ཁྲེང་ཀོས། ལི་ཞུ་ཀྲེན། ཝན་བཀྲ་ཤིས་དོན་འགྲུབ། ཝང་ཞིང་ཧོས། མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཀྲུའུ་ཞི་སྟེགས་བུའི་སྟེང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད།

ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་སྡེ་ཁག་གི་འགན་ཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། དེ་བཞིན་རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་གནང་། 

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་སུའུ་བདུན་ཅུ་ཡིས་མཇུག་སྒྲིལ་ཚོགས་ཆེན་ལ་གཙོ་སྐྱོང་གནང་།   

ཚོགས་ཆེན་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་འདེམས་བསྐོ་བྱ་ཐབས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ། འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2024ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2025ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོག་གློག་གནོད་འཚེ་འགོག་སྲུང་སྲོལ་ཡིག》 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་བཟོ་སྐྲུན་དོ་དམ་སྲུང་སྐྱོབ་སྲོལ་ཡིག》མེད་པར་བཟོ་རྒྱུའི་གཏན་འབེབས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཆེན་ཐོག་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་བློ་མཐུན་ཆན་གོ་ཆིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། བློ་མཐུན་ཀང་ཧྥུའུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བདམས་ཐོན་བྱུང་ལ། ཧྲི་ཧྲིན་ལེན་དང་ཨན་ཆིན་ཧྥེང་། ལི་ཁྲིན་ཞང་། ཀྲང་ཁི་ཧྥིན། ཀྲའོ་ཅིན། པའོ་ཧྲན་ཁོ། ཡོན་ཡིའུ་ཁྲིན། ཁྲིན་ཆི་ཞུང་། ཝེ་ཀྲན་མིང་བཅས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་། ཚོགས་ཆེན་ཐོག་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་བྱ་ཐབས་ལ་བརྟེན་ནས་བློ་མཐུན་སུང་ཞིན་མིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་མི་རིགས་ཆོས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་། བློ་མཐུན་པའོ་ཧྲན་ཁོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཞིང་ཕྱུགས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལ་གྲོས་འཆམ་བྱུང་།        

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་ཐོན་བྱུང་བའི་མི་སྣས་ཚོགས་ཞུགས་དམངས་ཆེན་འཐུས་མི་ཡོངས་ལ་མཇལ་འཛོམས་གནང་། བློ་མཐུན་ཆན་གོ་ཆིན་གྱིས་སྣེ་ཁྲིད་འོག་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ཚོས་རྩ་ཁྲིམས་ལ་དམ་བཅའ་བཞག     

ཤ་བོ་སྐྱབས་ཀྱི་གསུང་བཤད་ཁྲོད་བསྟན་དོན། ལོ་གསར་བའི་ནང་མཚོ་བྱང་འཕེལ་རྒྱས་ཀྱི་འཆར་འགོད་དང་ཐབས་ལམ་གསལ་པོ་ཡོད་པས་ཚོགས་འདུ་མཇུག་སྒྲིལ་བ་ནི་དོན་འཁྱོལ་བྱེད་མགོ་བརྩམས་པ་རེད། བསམ་བློ་དང་བྱ་སྤྱོད་ཐེངས་འདིའི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་མགྱོགས་མྱུར་གཅིག་གྱུར་ཡོང་བར་བྱས་ཏེ་གོམ་པ་རེ་རེ་བྱས་ནས་བྱ་གཞག་སོ་སོ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཟེར།    

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཐོག་མཐའ་བར་གསུམ་དུ་བསམ་བློའི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རང་རྟོགས་ངང་གསུང་བཤད་གལ་ཆེན་ནང་ནས་ཁ་ཕྱོགས་འཚོལ་བ་དང་མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་བྱེད་པའི་ཁྲོད་ནས་གཅོད་མཚམས་འཚོལ་དགོས། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ་ཁུལ་ཡོངས་ཀྱི་བྱ་གཞག་སོ་སོ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་གནད་སྨིན་ཡོང་བར་བྱེད་དགོས། གཉིས་ནས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་དགོས། "ལྔ་བཅུ་བཞིའི"འཆར་འགོད་ཀྱི་མཇུག་བསྡུ་བ་དང"ལྔ་བཅོ་ལྔའི"འཆར་འགོད་ཀྱི་ཇུས་འགོད་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་དང་། "གླིང་གཉིས་བཙན་ས་གཅིག"གཏོད་པ། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད། གངས་འཁྱགས་དཔལ་འབྱོར། ལྗང་མདོག་གློག་རྩིས་མཉམ་སྡེབ་འཕེལ་རྒྱས། གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་སྐྱེད་སྲིང་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ཁུལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་འོག་རང་ས་ཁུལ་དང་སྡེ་ཁག ལས་ཁུངས་ཀྱི་བྱ་བར་ཚན་རིག་དང་མཐུན་པའི་ཇུས་འགོད་ལ་ཤུགས་སྣོན་དགོས་པ་དང་། ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་སྟེ་མུ་མཐུད་དུ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསོག་འཇོག་དང་རྨང་གཞི་བརྟན་པོ་འདིང་དགོས། གསུམ་ནས་དངོས་སྒྲུབ་སྔོན་བརྩོན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གོམ་སྟབས་བརྟན་པོ་བགྲོད་པ་དང་དམ་པ་དོན་གཉེར་བྱེད་པ། དངོས་ཕན་དོན་གཉེར་བྱེད་པའི"མཚོ་བྱང་གི་དངོས་སྒྲུབ"བྱེད་ཐབས་དར་སྤེལ་ཤུགས་ཆེན་བཏང་སྟེ་བྱ་བ་རེ་རེ་དང་ལས་དོན་རེ་རེ་ཚང་མ་ལེགས་འགྲུབ་དང་ལེགས་སྒྲུབ་བྱེད་དགོས། "གཞི་རིམ་དུ་བསྐྱོད་པ་བཞིའི"མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་སྐྱོད་པར་རྒྱུན་འཁྱོངས་བྱས་ནས། མགོ་ཁྲིད་ལས་བྱེད་པས"1+10"གཞི་རིམ་དང་འབྲེལ་བ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་བཙུགས་ཏེ་གནད་དོན་འཐབ་ས་དང་པོར་ཐག་གཅོད་དང་བྱ་བ་འཐབ་ས་དང་པོར་དོན་འཁྱོལ་ཏན་ཏིག་བྱས་ནས་དངོས་སྒྲུབ་བྱ་རྒྱུ་དེ་མཚོ་བྱང་ལས་བྱེད་པའི་ཆེས་མཛེས་སྡུག་ལྡན་པའི་གདིང་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་ཟེར། 

ཆན་གོ་ཆིན་གྱིས་མཇུག་སྒྲིལ་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། གཅིག་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁུར་བྱེད་ཤུགས་ཆེ་རུ་གཏོང་དགོས། “གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་བླང་བྱ་གཙོ་བོར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་བྱང་ལ་རྟོག་ཞིབ་སྐབས་གནང་བའི་མངགས་བཅོལ་ནན་ཏན་གྱིས་སློབ་སྦྱོང་གཏིང་ཟབ་བྱས་ནས་དམངས་ཆེན་བྱ་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་འབེན་ལ་དམིགས་ནས“གླིང་གཉིས་བཙན་ས་གཅིག”འཛུགས་སྐྲུན་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། གསར་བརྗེའི་ཉམས་ཞིབ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་སོགས་ཁུལ་ཨུའི་ལྟེ་བའི་བྱ་བར་དམིགས་ནས་ཁུལ་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་དམ་འཛིན་བྱས་ཏེ་ཁྲིམས་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་ཆེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས། གསུམ་ནས་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་དགོས། དམངས་འདོད་མཚོན་པ་དང་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། དམངས་འཚོ་ཇེ་ལེགས་སུ་གཏོང་བ་བཅས་ཐོག་མཐའ་བར་གསུམ་དུ་སེམས་ལ་བཟུང་ནས་དམངས་ཆེན་གྱི་དམངས་གཙོ་དམངས་འདུན་བཤད་སའི་སྟེགས་བུ་དང་གཞི་རྟེན་འཐུས་ཚང་དུ་བཏང་ནས་དམངས་འཚོའི་དོན་དག་ཡག་པོ་སྒྲུབ་པའི་ཐད་འབད་བརྩོན་ཞིབ་ཕྲ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་ནུས་ཤུགས་འདོན་རྒྱུ་དང་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བའི་ཐད་ཡུན་རིང་བྱས་རྗེས་འཇོག་དགོས། བཞི་ནས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་མདུན་སྐྱོད་ཀྱི་སྟོབས་ཤུགས་འཕེལ་བར་བྱེད་དགོས། “ལས་ཁུངས་བཞིའི”གནས་གཏན་འཁེལ་གྱི་བླང་བྱ་དང་དཔེ་བསྡུར་ཚད་འཛིན་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་འཐུས་མི། མི་དམངས་འཐུས་མིའི་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱི“དཔུང་ཁག་གསུམ”འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སེམས་ཤུགས་ཆེ་བ་དང་ལག་བསྟར་ནུས་པ་ཆེ་བ། འཐབ་འཛིང་ནུས་པ་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་དཔུང་ཁག་བསྐྲུན་དགོས་ཟེར།

ཚོགས་ཆེན་ཐོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་བློ་དཀར་སེམས་དཀར་གྱི་གྲུ་གཟིངས་བརྟན་པོ་གཏོང་བ་དང་འབད་འཐབ་ཀྱི་གྲུ་ཁེམ་དམ་པོར་འཛིན་པ། དངོས་སྒྲུབ་ཀྱི་གཡོར་མོ་བསྒྲེངས་ནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ་གཏོང་བ། འཁོར་སྐྱོད་ཡག་པོ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་དམངས་ཆེན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པའི་འབོད་སྐུལ་གནང་།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་གྲོལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号