མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཟླ1པོའི་ཚེས25ཉིན་གྱི་སྔ་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། 

ཚོགས་འདུར་ཞུགས་དགོས་པའི་འཐུས་མི217ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི189ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན།  

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཤ་བོ་སྐྱབས་དང་། ཆན་གོ་ཆིན། ཧོ་པིན། སུའུ་བདུན་ཅུ། མ་ཁྲེང་ཀོས། ལི་ཞུ་ཀྲེན། ཀང་ཧྥུའུ། ཀྲུའུ་ཁྲིན་ཆིན། སྟག་ལྷ་བཅས་ཡིན།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཆན་གོ་ཆིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་བྱང་ཡན་ལག་དམག་ཁུལ་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད།

ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་སྡེ་ཁག་གི་འགན་ཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། དེ་བཞིན་མཚོ་བྱང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་སྲིད་གྲོས་ཨུ་ཡོན་བཅས་ཚོགས་འདུར་ཟུར་ཞུགས་གནང་། 

ཚོགས་འདུའི་ཐོག་སྔ་རྗེས་སུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་སུའུ་བདུན་ཅུ་ཡིས་ཕུལ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མ་ཝུན་ཆོན་གྱིས་ཕུལ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།  ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཁྲིན་ཡུང་ཅེ་ཡིས་ཕུལ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

སུའུ་བདུན་ཅུ་ཡིས་སྙན་ཞུའི་ཁྲོད་བསྟན་དོན། 2024ལོར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་ཚགས་མཛུབ་ཁྲིད་དང་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།   ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་དང་རང་རྟོགས་སྒོས་དོན་འཁྱོལ་དང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གཏིང་ཟབ་བྱས་ཏེ། ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ནང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དག་བདེ་བླག་ངང་ལེགས་གྲུབ་བྱས་ཏེ་དམངས་ཆེན་བྱ་བར་འཕེལ་རྒྱས་གསར་པ་བླངས་ཡོད། དམངས་ཆེན་འཐུས་མི་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་ལས་འགན་ནན་བསྒྲུབས་དང་རང་འགུལ་སྒོས་ལག་ལེན་བྱས་ནས་རང་སྐྱོང་ཁུལ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། 2025ལོར། ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་སྟེ། ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག ཏང་གིས་མགོ་ཁྲིད་བྱེད་པའི་ཆེས་མཐོའི་ཆབ་སྲིད་རྩ་དོན་འདི་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ནུས་པ་སླར་ཡང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ལ། ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་འདི་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛུགས་སྤུས་ཚད་སླར་ཡང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།  ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བརྗོད་དོན་གསལ་པོ་འདི་རྒྱུན་འཁྱོངས་བྱས་ནས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་སླར་ཡང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། འཐུས་མིའི་གཙོ་གཟུགས་ཀྱི་གོ་གནས་འདིའི་འགན་འཁྲི་སྒྲུབ་པའི་རྨང་གཞི་རྒྱུན་འཁྱོངས་བྱས་ནས་འཐུས་མིའི་བྱ་བའི་སྤུས་ཚད་སླར་ཡང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། “ལས་ཁུངས་བཞི”ཡི་དམིགས་འབེན་གྱི་ངེས་གནས་གཏན་འཁེལ་འདི་རྒྱུན་འཁྱོངས་བྱས་ཏེ་རང་ངོས་འཛུགས་སྐྲུན་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མཚོ་བྱང་དམངས་ཆེན་གྱི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་ལེའུ་འབྲི་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

མ་ཝུན་ཆོན་གྱིས་སྙན་ཞུའི་ཁྲོད་བཤད་རྒྱུར། 2024ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་ལྟ་སྐུལ། ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཛུབ་སྟོན་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། ཁུལ་ཨུའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པར་ཤུགས་བརྒྱབ་པ་དང་། “དྲང་གཞག་དང་ལས་ཆོད”ཀྱི་བརྗོད་དོན་ལ་དམིགས་པ། “སྤུས་ནུས་ཟུང་ལེགས”ཀྱི་དམིགས་འབེན་དམ་པོར་བཟུང་ནས། འདྲི་གཅོད་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་འབད་པ་བྱས་ཡོད། 2025ལོར། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཐབས་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གོང་རིམ་ཁྲིམས་ཁང་གི་མཛུབ་ཁྲིད་ནུས་ལྡན་འོག “དྲང་གཞག་དང་ལས་ཆོད”ཀྱི་བྱ་བའི་བརྗོད་དོན་ལ་དམིགས་པ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་ལས་འགན་ལག་ལེན་དུ་བསྟར་བ་དང་། ངེས་པ་དོན་གྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། ཁུལ་ཨུས་བཏོན་པའི“གཡུལ་འགྱེད་ཐེངས་ལྔ”ལ་དམིགས་ཏེ་འདྲི་གཅོད་ལག་བསྟར་གྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་དམ་འཛིན་བྱས་ཏེ། མུ་མཐུད་དུ“སྤུས་འབྲས་ཟུང་ལེགས”བརྩོན་ལེན་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཁྲིམས་འཛིན་ཞབས་ཞུ་དང་ཁྲིམས་སྐྱོང་འགན་སྲུང་སྔར་ལས་འདོན་སྤྲོད་ནུས་ལྡན་བྱ་རྒྱུ་ཡིན་ཟེར།

ཁྲིན་ཡུང་ཅེ་ཡིས་སྙན་ཞུའི་ཁྲོད་བཤད་རྒྱུར། 2024ལོར། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས"སྲུང་སྐྱོང་གཉིས"སྒྲུབ་ཐུབ་པ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ལ། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ། གོང་རིམ་ཞིབ་དཔྱོད་ཁང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཁུལ་ཨུའི"243"གྱི་འཕེལ་རྒྱས་བཀོད་པ་གསར་པ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ"གྱི་ལས་འགན་ལ་དམ་པོར་དམིགས་ཏེ་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་མགོ་ཁྲིད་སྟོབས་ལྡན་དང་།  ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན། ཁུལ་མི་དམངས་སྲིད་གཞུང་གི་སྟོབས་ཆེའི་རྒྱབ་སྐྱོར་དང་། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་འོག སྔར་ལས་རང་རྟོགས་ངང་རྒྱལ་ཁབ་བཅོས་སྐྱོང་ནང་ཞུགས་པ་དང་ཞིབ་དཔྱོད་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པས་ཞིབ་དཔྱོད་ཀྱི་བྱ་བ་སོ་སོར་ཡར་རྒྱས་གསར་པ་བྱུང་ཞིང་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་ཡོད། 2025ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་བཅའ་ཁྲིམས་ཀྱི་ལྟ་སྐུལ་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ"སྤུས་ཚད་དང་ཕན་འབྲས་མཐོ་བའི"ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱར་གོ་བ་ཡང་དག་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ"མཁས་པོ་གསུམ"དང"སྣུར་སྲིང་གསུམ""མི་བསྐྱུར་བ་ལྔ"བཅས་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་གྱོད་སྒྲུབ་ཀྱི"ཕན་འབྲས་གསུམ"གཅིག་གྱུར་དམ་ཟབ་ཡོང་རྒྱུར་དོ་སྣང་བྱས་ཏེ་སེམས་ནུས་གཙོ་བོ་དེ་བཅའ་ཁྲིམས་ལྟ་སྐུལ་གྱི་གཙོ་འགན་གཙོ་ལས་དང་ལས་སྒྲུབ་གྱོད་སྒྲུབ་ཀྱི་རང་འཁྲིའི་ལས་དོན་གཙོ་བོའི་ཐོག་ཏན་ཏིག་བཞག་སྟེ། བཅའ་ཁྲིམས་ཀྱི་ལྟ་སྐུལ་གསར་པར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་མཚོ་བྱང་ལེའུ་ཡི་རྒྱུགས་ལན་གསར་པ་དབུལ་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号