ཀྲང་ཧྲིང་ཡོན་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཇུ་ལག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཟླ1པོའི་ཚེས24ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཇུ་ལག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བླང་བྱ་གཞིར་བཟུང་སྟེ། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ། ཡིད་ཆེས་བརྟན་གཏོང་། དངོས་སྒྲུབ་སྔོན་བརྩོན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་ཀྱི་མདུན་དུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བརྟན་ཐོག་ཡར་འཕེལ་དང་མདུན་སྐྱོད་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བབ་བརླིང་ངང་འགྱུར་ལྡོག་གཏོང་བ་དང་ཕྱོགས་བསྡུས་ཇུས་འདོན་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པ་དང་། དཀའ་གནད་ཁྲོད་གྲུབ་འབྲས་འཚོལ་བ་དང་ལས་སླ་མོའི་ངང་ཐོབ་པ་མིན་པའི་རྒྱུགས་ལན་ཞིག་ཕུལ་ཡོད། ལོ་གསར་བའི་ནང་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་དཔལ་འབྱོར་བསྐྱར་འཕར་བྱུང་བ། མི་དམངས་བདེ་སྡོད་ལས་བརྩོན། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ཡོད་ཟེར།

ཀྲང་ཧྲིང་ཡོན་གྱིས་འཇུ་ལག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་འཇུ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། ཁུལ་གྱི་གནས་ཚུལ་དངོས་དང་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུས་ཏེ"མཚོ་བྱང་ལྔ"འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་བ་ལེན་རྒྱུའི་རེ་བ་ཡོད། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འགན་འཁྲི་བརྟན་པོ་འཁུར་བ་དང་འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་རྩོམ་ཡིག་ཡག་པོ་འབྲི་བ་དང་འཇུ་ལག་གཙང་བོ་དང་མུ་རི་གཙང་བོ་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་མཐོར་འདེགས་དང་རྒྱ་སྐྱེད་ཇེ་མགྱོགས་སུ་གཏོང་དགོས། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་པའི་ཆས་རྟགས་བེད་སྤྱོད་ཡག་པོ་བྱེད་དགོས། འཇུ་ལག་ལོག་དཀར་དང་ནས། གྲོ་མ། ཤ་མོ། འཇུ་ལག་སྦྲང་རྩི་སོགས་ཐོན་རྫས་གྲགས་ཅན་གྱི་ཐོན་ཁུངས་སྦྲེལ་ཐག་དང་ཐོན་རྫས་སྦྲེལ་ཐག ཕྱིར་འཚོང་སྦྲེལ་ཐག་བཅས་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ། ཐག་གཅོད་བྱེད་ཚད་འཕར་སྣོན་དང་སྤུས་ཚད་མཐོ་རུ་གཏོང་བའི་བར་གྱི་འབྲེལ་བ་གཅིག་གྱུར་སྤྱི་འདོམས་ཀྱིས་ཞིང་ལས་ཐོན་རྫས་སྤུས་ལེགས་གོང་བདེ་ཡོང་བར་སྐུལ་འདེད་གཏོང་དགོས། བཟོ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་གང་ལེགས་བྱས་ཏེ་རྒྱལ་ཁོངས་མ་རྩ་དང་རྒྱལ་ཁོངས་ཁེ་ལས་སྟོབས་ཆེར་བཏང་ནས། དམངས་གཉེར་ཁེ་ལས་ཀྱིས་གཉེར་སྐྱོང་ལས་སྒོ་རྒྱ་བསྐྱེད་པར་སྐུལ་ལྕག་དང་རོགས་སྐྱོར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་བཟོ་ལས་དཔལ་འབྱོར་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་དམ་པོར་དམིགས་ནས། ཐོན་ཁུངས་ལེགས་ཆར་མ་ལག་དང་ཁྱོན་ཡོངས། རྩོད་སྒྲུབ་བཅས་ཀྱིས་དབྱེ་ཞིབ་བྱས་ནས་མདོ་ལ་རིང་མོ་དང་མཚོ་སྔོན་པོ། རྡུལ་ཕྲན་མཁར་གྱི“གསེར་གྱི་མིང་བྱང”ལ་དམིགས་ནས། “གསེར་མདོག་འཇུ་ལག” དང“གོ་ལ་ཧྲིལ་པོའི་མཛེས་སྡུག་ལྡན་པའི་མེ་ཏོག་རྒྱ་མཚོ་ཆེན་པོ་བཅུ” “མེ་ལྷ་གངས་དཀར”སོགས་འཇུ་ལག་རིག་གནས་ཡུལ་སྐོར་ཆས་རྟགས་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་དང་སྟོབས་ཤུགས་བསྐྱེད་དགོས། ས་ཁུལ་གྱི་འགྲིམ་འགྲུལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཁར་ཁུལ་རྙིང་བའི་འཕེལ་རྒྱས་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ། མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་གྲོང་གསེབ་བཅོས་སྐྱོང་། མཛེས་སྡུག་ལྡན་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤུས་ལེགས་སྤྱི་པའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བར་ནུས་པ་འདོན་པ་དང་། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས“བདེ་སྐྱིད་ཟ་ཁང”དང་རིམ་པ་གསུམ་པའི་སྨན་ཁང་གསར་སྐྲུན་སོགས་དམངས་འཚོའི་དོན་དག་དངོས་སྒྲུབ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ལ་ཐོབ་པའི་ཚོར་བ་སྔར་ལས་ལེགས་པ་དང་བདེ་སྐྱིད་ཀྱི་ཚོར་བ་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཀྱི་ཚོར་བ་སྔར་ལས་འགན་སྲུང་ལྡན་པ་བཅས་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号