ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་གནང་།
ཟླ1པོའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཨའེ་ཧུང་བཅས་ཀྱིས་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་མཚོ་བྱང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་དམངས་ཆེན་འཐུས་མི་དང་སྲིད་གྲོས་མཚོ་བྱང་ཁུལ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་གནང་།
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཁོར་དང་བཅས་པས་འཐུས་མི་དང་ཨུ་ཡོན་ཚོ་དང་རེ་རེ་བཞིན་ལག་འཇུ་གནང་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་འདས་ཟིན་པའི་ལོ་གཅིག་རིང་ཚང་མས་རང་སོ་སོའི་ལས་གནས་ཐོག་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོ་ཚོར་འཚོགས་མ་ཐག་པའི་ཞིང་ཆེན་གྱི"ཚོགས་ཆེན་གཉིས"ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་མཚོ་བྱང་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་ཞིང་། འདས་ཟིན་པའི་ལོ་གཅིག་རིང་གི་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་བཀྲག་མདངས་འཚེར་བའི་བྱ་བར་ཕྱིར་དྲན་མདོར་བསྡུས་གནང་། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། 2024ལོར་ཁུལ་ཨུའི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལྟེ་བར་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། མཚོ་བྱང་ཡན་ལག་དམག་ཁུལ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། སྒྲིག་བཤེར། རྩ་འཛུགས། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས། མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་ཀྱིས་རང་སོ་སོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་འབད་འབུངས་ཡར་བརྩོན་དང་འགན་འཁྲི་འཁུར་ཕོད་པ་བྱས་པས་བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས་ཡོད། ལྷག་པར་ཁུལ་ཨུས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ལེགས་པ་དང་དམིགས་ཚད་ཁག་ཅིག་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། གསར་བརྗེའི་ཉམས་ཞིབ་ཀྱི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ། ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་གོང་དུ་འཕེལ་བ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སྔོག་འདོན་གཏིང་ཟབ་བྱས་ཏེ། མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་སྐད་སྒྲ་ཡག་པོར་སྒྲོག་པས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་སོགས་སྨྱན་སྦྱོར་གཙོ་བོའི་ཚད་མཐོའི་ཁས་ལེན་ཐོབ་ཡོད། མཚོ་སྔོན་པོ་དང་མདོ་ལ་རིང་མོ"རྒྱལ་ཁབ་སྤྱི་གླིང་གཉིས"འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ། ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་སྡེ་ཁུལ)གྱི"བཅུ་ལྡན"བཟོ་སྐྲུན་གྱི་དམིགས་ཚད་རྒྱ་བསྐྱེད་པས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན "ཚོགས་ཆེན་གཉིས"ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི་ཆབ་སྲིད་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཀྱང་ཡིན། འཐུས་མི་དང་ཨུ་ཡོན་རྣམ་པས་འགན་འཁྲི་ལག་བསྟར་ནན་ཏན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་བཏོན་པའི་དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས། སྙན་ཞུ་སོ་སོར་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སེལ་བ་དང"ལྔ་བཅོ་ལྔའི"འཆར་འགོད་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། གྲོས་ཚོགས་ཀྱི་སྒྲིག་ཁྲིམས་བཅས་ནན་མོར་སྲུང་བ་དང་། འདེམས་བསྐོ་དང་འདེམས་ཤོག་ཐག་གཅོད་ཀྱི་བྱ་བ་ནན་མོར་སྒྲུབ་པ། དམངས་གཙོའི་ཁེ་དབང་ཡང་དག་པར་སྤྱོད་པ་བཅས་བྱས་ཏེ་འདེམས་བསྐོའི་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཐུན་མོང་ཐོག་ཐེངས་འདིའི"ཚོགས་ཆེན་གཉིས"དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ། ཇུས་ཤུགས་མཉམ་འདོན་བཅས་ཀྱི་ཚོགས་ཆེན་ཞིག་དང་། བསམ་བློ་བཅིངས་འགྲོལ་དང་མཐུན་སྒྲིལ་ཡར་བརྩོན། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་ཚོགས་ཆེན་ཞིག་ཏུ་འཚོག་ནས་མཚོ་བྱང་གི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་གསར་བ་དང་ཉམས་འགྱུར་གསར་བ། བྱས་རྗེས་གསར་བ་གང་ལེགས་སྒོས་མངོན་པར་བྱེད་དགོས་ཟེར།
བྱམས་བརྩེའི་འཚམས་འདྲི་དང་མངགས་བཅོལ་ཟབ་མོ་གནང་བས་འཐུས་མི་དང་ཨུ་ཡོན་ཚོར་སྐུལ་ལྕག་ཆེན་པོ་ཐེབས། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ངེས་པར་དུ་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བར་འགན་འཁྲི་ནན་ཏན་སྒྲུབ་པ་དང་ཐབས་ཇུས་ཧུར་ཐག་བཏོན་ནས་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་དབུལ་རྒྱུ་ཡིན་པར་བཤད།
ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་སངས་འབུམ། ལའེ་མིན། ཚོ་ཅི་ཆང་། སུའུ་བདུན་ཅུ། མཱ་ཁྲེང་ཀོས། ལི་ཞུ་ཀྲེན། ཝན་བཀྲ་ཤིས་དོན་འགྲུབ། ཝང་ཞིང་ཧོས། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧྭ་ཝུན་ཞུག ཧན་ཧྲི། ལིས་ཞན་རུང་། ཁྲང་ལིན། པོ་ཀྲེང་ཆིང་། ལུང་དབྱང་ཧྲེང་། དབྱང་ཏེ། ཞོ་རོས་ཞིན། མཱ་ཝུན་ཆོན། ཁྲིན་ཡུང་ཅེ་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注