མདོ་ལའི་བོད་ལུག་དང་མདོ་ལའི་ནོར་ནག་གཉིས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་རེ་ཞུ་ལེགས་འགྲུབ་བྱུང་།

ཉེ་ལམ། ཞིང་ལས་ཞིང་སྡེ་པུའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས2024ལོའི་རྒྱལ་ཡོངས་ཀྱི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ཁག་གསུམ་པ་ཡོངས་བསྒྲགས་བྱས། མདོ་ལའི་བོད་ལུག་དང་མདོ་ལའི་ནོར་ནག་གཉིས《རྒྱལ་ཡོངས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་མིང་ཐོ་འཚོལ་བསྡུ་དང་ཐོ་འགོད་ཚད་ལྡན》གྱི་བླང་བྱ་དང་འཚམ་པས“རྒྱལ་ཡོངས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས”ཀྱི་མིང་ཐོར་ཚུད།图片

2024ལོའི་ཚུན་དུ། རང་རྫོང་གི་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ་ཡིས་རེ་ཞུའི་གཙོ་འགན་འཁུར་ཏེ། ཞིང་ལས་ཞིང་སྡེ་ཐིང་གི《མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས“ཆས་གསུམ་རྟགས་མ་གཅིག”གི་བྱ་སྤྱོད་ཆེན་མོ་བཞི་ཡི་ལག་བསྟར་ཇུས་གཞི》གཞིར་བཟུང་། “ལྗང་མདོག་སྤུས་ལེགས་ཞིང་ལས་ཐོན་རྫས་ཆས་རྟགས་མགྱོགས་མྱུར་གྱིས་གསོ་སྐྱོང་དང་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་འཕེལ་རྒྱས་གཏོང་བའི”བརྡ་ཐོའི་བླང་བྱ་ལྟར། བོད་ལུག་ནོར་ནག་ཐོན་ལས་ལ་དམིགས་ཏེ་ཐོབ་ཐང་ལྡན་པའི་མཉམ་ལས་ཁང་དང་ཀུང་སི་ནི་ཐོན་སྐྱེད་བྱེད་པོ། “སྲིད་གཞུང+མཉམ་ལས་ཁང+ཁེ་ལས”ཀྱི་འཕེལ་རྒྱས་གྲུབ་སྟངས་ཀྱིས་ཞིང་ལས་ཞིང་སྡེ་པུའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ལ་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་རེ་ཞུ་བྱས་ཏེ། མདོ་ལ་རྫོང་གི་ཞིང་ཕྱུགས་ཐོན་རྫས་ལྗང་མདོག་ཅན་དང་སྤུས་ལེགས་ཅན། ཁྱད་ཆོས་ཅན། ཆས་རྟགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་རྒྱུན་མཐུད་གཏིང་ཟབ་བཏང་ཞིང་། སྤུས་ལེགས་ལྗང་མདོག་གི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་མང་དུ་བཏང་། ཁྱད་ལྡན་ཐོན་ལས་སྤུས་ལེགས་དང་སྟོབས་ལྡན་དུ་སྤེལ་ནས་མདོ་ལའི་བོད་ལུག་དང་མདོ་ལའི་ནོར་ནག་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཆས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་དང་སྐད་གྲགས་ཆོད་ཚད་རྒྱ་བསྐྱེད་དེ་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号