ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་གུང་གཞོན་ཚོགས་པ་ཀྲུང་དབྱང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། 2022ལོའི་ཟླ12པའི་ཚེས31ཉིན་བར། རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཁྲི11467.1སླེབསཡོད། 

རྒྱལ་ཡོངས་སུ་བསྡོམས་པས་རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི26.1ཡོད་ལ། དེའི་ཁྲོད། སློབ་གྲྭ་ཆུང་འབྲིང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི20.0དང་། མཁར་གྲོང་གཞིས་ཁུལ་དང་གཞོན་ནུ་ལོ་ཆུང་ཕོ་བྲང་སོགས་སློབ་གྲྭ་ཕྱི་རོལ་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི6.1ཡོད་པ་རེད། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ཁྱོན་བསྡོམས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་ཁྲི20.1དང་རུ་འབྲིང་ཁྲི287.4སླེབས་ཡོད། 

རྒྱལ་ཡོངས་སུ་བསྡོམས་པས་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ་ཁྲིད623.3ཡོད་ལ། དེའི་ཁྲོད་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་རོགས་ཁྲིད་པ་ཁྲི0.4དང་སློབ་གྲྭ་འབྲིང་ཆུང་གི་རུ་ཆེན་རོགས་ཁྲིད་པ་ཁྲི20.1། རུ་འབྲིང་རོགས་ཁྲིད་པ་ཁྲི293.1། ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱི་རོགས་ཁྲིད་པ་ཁྲི309.7བཅས་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号