ལི་ཆང་གིས་ཨོའུ་ལི་ཐི་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་ལ་ཐུག་འཕྲད་གནང་།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ5བའི་ཚེས15ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨོའུ་ལི་ཐི་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་ལ་ཐུག་འཕྲད་གནང་།

1.jpg

   ཟླ5བའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨོའུ་ལི་ཐི་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་ལ་ཐུག་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཀྲུང་ཨོའུ་ཕྱི་འབྲེལ་བཙུགས་པའི་ལོ་ངོ30རིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་བརྟན་པོ་ཡོད་པ་དང་མཉམ་ལས་ཉིན་བཞིན་གཏིང་ཟབ་དུ་ཕྱིན་ཡོད། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཀྲུང་ཨོའུ་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་དུ་གཏོང་བར་སྟོབས་དང་ལྡན་པའི་སྒུལ་ཤུགས་གསར་བ་བསྣན་ཡོད། ཀྲུང་གོས་ཨོའུ་ལི་ཐི་ལི་ཡ་དང་མཉམ་དུ་མུ་མཐུད་དུ་ཀྲུང་ཨོའུ་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་ཇེ་མཐོར་བཏང་སྟེ་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་རང་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་འབྲེལ་མཐུད་གཏིང་ཟབ་བྱས་ཏེ། ཐོན་ལས་འཕེལ་རྒྱས་འཆར་འགོད་དང་བཟོ་ལས་གླིང་ཁུལ་འཛུགས་སྐྲུན། གཙོ་གནད་ལས་རིགས་འཕེལ་རྒྱས་ལ་རོགས་སྐྱོར་སོགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་དགོས། རྨང་གཞི་སྒྲིག་ཆས་དང་རྒྱ་མཚོའི་ཉ་ལས། ཆུའི་ཐོན་ཁུངས། ནུས་ཁུངས་གཏེར་ལས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། རྒྱ་མཚོའི་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གནས་གསར་བ་གསོ་སྐྱོང་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་ཨོའུ་ལི་ཐི་ལི་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་སྔར་ལས་ལྷག་པར་མཐུན་སྦྱོར་མཉམ་ལས་བྱས་ཏེ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་བཟོ་སྐྲུན་དགུ་དང་ཧྥེ་གླིང་གི་ཟུར་སྣེ་ཞི་བདེ་འཕེལ་རྒྱས་ཀྱི་བསམ་ཚུལ་དངོས་འབེབས་བྱས་ནས། དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་བཙན་དབང་སྒེར་གཅོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཀྲུང་ཨོའུ་དང་རྒྱ་ཆེའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ནས། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོང་བྱེད་དགོས།

དབྱི་ས་ཡ་སིས་བསྟན་དོན། ཨོའུ་ལི་ཐི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོས་ཨོའུ་ལི་ཐི་ལི་ཡ་ལ་སྒེར་ཚུགས་དང་འཕེལ་རྒྱས་ཐད་རོགས་སྐྱོར་མཐའ་གཅིག་ཏུ་གནང་བར་བཀའ་དྲིན་ཞུ་བ་དང་། ཀྲུང་གོས་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་མིའི་རིགས་ཀྱི་དེང་རབས་ཅན་གྱི་ཐབས་ལམ་གསར་བ་འབྱེད་པར་བྱས་རྗེས་གལ་ཆེན་བཞག་པ་ལ་བསྟོད་བསྔགས་བྱ་རྒྱུ་ཡིན། ཨོའུ་ལི་ཐི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཛའ་བརྩེའི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཨོའུ་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཧྥེ་ཀྲུང་མཛའ་བརྩེའི་ལེའུ་གསར་བ་བརྩམས་ནས་བཙན་དབང་སྒེར་གཅོད་ལ་ཐུན་མོང་ངང་ངོ་རྒོལ་དང་ལག་གདང་མཉམ་འབྲེལ་སྒོས་འདྲ་མཉམ་དང་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་འཛུགས་བྱ་འདོད་ཡོད་ཅེས་བསྟན།

ཆིན་ཀང་སོགས་ཐུག་འཕྲད་ལ་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号