མཚོ་བོད་མཐོ་སྒང་གི་དབྱར་རྩྭ་དགུན་འབུ་བརྐོ་མགོ་ཚུགས།


   ཟླ་བཞི་བའི་ཟླ་མཇུག་ཏུ་མཚོ་བོད་མཐོ་སྒང་གི་ས་བབ་མཐོ་ཚད་སྨི3000ཙམ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་དུ་དབྱར་རྩྭ་དགུན་འབུ་བརྐོ་མགོ་ཚུགས་པ་དང་ཟླ་ལྔ་བའི་ཟླ་མཇུག་ཏུ་ས་བབ་མཐོ་ཚད་སྨི5000ལྷག་ཙམ་གྱི་རྩྭ་ཐང་གི་དབྱར་རྩྭ་དགུན་འབུ་གསར་པ་ཁྲོམ་རར་འདོན་རྒྱུ་རེད།

   ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་ཞིག་ལས་ཤེས་རྟོགས་བྱུང་བར་གཞིགས་ན། དེའི་རིང་མཚོ་སྔོན་ནས་ཐོན་པའི་དབྱར་རྩྭ་དགུན་འབུའི་བྲིན་ཁ་རྒྱུག་པ་མ་ཟད། ད་དུང་བོད་ལྗོངས་དང་ཀན་སུའུ་སོགས་ཐོན་ཁུལ་གྱི་དབྱར་རྩྭ་དགུན་འབུ་ཡང་ཡོད་པ་རེད།

   བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ལོའི་ཐོན་ཚད་ཏུན80ནས་ཏུན100བར་ཟིན་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར180ནས་སྒོར་དུང་ཕྱུར200བར་ཟིན་གྱི་ཡོད་པས་རོང་འབྲོག་པ་ཁྲི་བརྒྱ་ལྷག་ཙམ་ལ་ཕན་པ་ཐོབ་བཞིན་ཡོད། 

   ཁྲོམ་རའི་ནང་དུ་ཡོད་པའི་ཤ་བོ་ཐར་གྱི་ཚོང་ཁང་གི་སྒོ་འགྲམ་དུ་ལས་མི་བཞི་བོས་དབྱར་རྩྭ་དགུན་འབུའི་ཐོག་གི་འདམ་རྫབ་ལ་བྱང་ཆུབ་པོས་གཙང་སེལ་བྱེད་བཞིན་ཡོད།


   ཤ་བོ་ཐར་གྱིས་འདི་ནི་ངས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནས་ཟི་ལིང་དུ་འཁྱེར་ཡོང་བའི་དབྱར་རྩྭ་དགུན་འབུ་ཡིན། ང་མགོ་ལོག་ཏུ་རྩྭ་ས་ཡོད་ལ་མི་བཅུ་ཕྲག་ཁ་ཤས་ཀྱིས་མཉམ་དུ་བརྐོ་བཞིན་ཡོད། ད་ལྟ་མགོ་ལོག་གི་དབྱར་རྩྭ་དགུན་འབུ་གཞི་ནས་བརྐོ་མགོ་ཚུགས་ཤིང་། ཉིན་བདུན་བརྒྱད་ཞིག་ལ་བརྐོས་རྗེས་གཞི་ནས་ད་ལོའི་ཐོན་འབབ་ཡག་པོ་ཡོད་མེད་ཤེས་ཐུབ་ཅེས་བཤད།


   ཤ་བོ་ཐར་གྱི་ཚོང་ཁང་ནང་ལྷོ་ཕྱོགས་ཀྱི་སྐད་ཆ་ཤོད་བཞིན་པའི་ཚོང་པ་ཁ་ཤས་བསྡད་འདུག ཤ་བོ་ཐར་གྱིས་ངའི་ཚོང་གྲོགས་གཙོ་བོ་ཀྲེ་ཅང་དང་ཧྥུ་ཅན། ཀོང་ཏུང་སོགས་སུ་ཡོད་ཅིང་། ལོ་འདི་གཉིས་ནང་ཚོང་གི་བྲིན་ཁ་རྒྱུག་པས་ལོ་རེར་ཚོང་ཟོག་རྒྱ་མ་བརྒྱ་ཕྲག་ཁ་ཤས་ཚོང་ཐུབ་ཀྱི་འདུག་ཅེས་བཤད། 


   ཞང་ཀང་ནས་ཡིན་པའི་ཚོང་པ་ཡིའུ་ཀུའེ་ཁྲེང་གིས་ཤ་བོ་ཐར་གྱི་དབྱར་རྩྭ་དགུན་འབུ་རྐང་གཅིག་བླངས་ནས་ལྗིད་ཚད་འཇལ་བས་ཁེ1.3ཡོད། ཁེ་གཅིག་ལས་བརྒལ་བའི་དབྱར་རྩྭ་གསར་བ་དག་སྤྱིར་བཏང་བྱས་ན་ཆེན་པོ་ཡོད་པས་ཚང་མའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

   ཡིའུ་ཀུའེ་ཁྲེང་གིས་ལོ་རེའི་དུས་ཚིགས་འདིར་ཟླ་བ་གཉིས་ཀྱི་དུས་ཚོད་སྤྱད་དེ་མཚོ་སྔོན་དུ་ཚོང་ཟོག་ཡོང་ཁུངས་འཚོལ་བ་དང་ཐ་ན་ས་བབ་དེ་བས་མཐོ་བའི་ཐོན་ཁུལ་དུ་བསྐྱོད་དེ་དབྱར་རྩྭ་བསྡུ་བཞིན་ཡོད་ཅེས་བཤད།
   ཁྲོམ་ར་ནི་སྔར་ལྟར་འགྲན་རྩོད་ཆེ་བ་ཞིག་ཡིན་མོད། འོན་ཀྱང་དེ་སྔོན་གྱི་ལོ་ཁ་ཤས་དང་མི་འདྲ་བར་ཐད་གཏོང་བརྒྱུད་དེ་དབྱར་རྩྭ་འཚོང་བ་དེ་ནི་སྲོལ་རྒྱུན་གྱི་ཚོང་པའི་ཁྲོད་ཀྱི་སྣ་རིགས་གཞན་ཞིག་ཏུ་གྱུར་ཡོད།
   ཟི་ལིང་གྲོང་ཁྱེར་ནས་ཡིན་པའི་ཕོ་གཞོན་ཀྲང་མིང་གིས་སྐྱིལ་ཀྲུང་དུ་བསྡད་ནས་དབྱར་རྩྭ་དགུན་འབུ་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། ད་དུང་དྲ་ཐོག་ཚོང་པ་གཞན་ཞིག་གིས་ལག་ཁྱེར་ཁ་པར་བཟུང་ནས་ཁྲོམ་རའི་ཐོག་གི་དབྱར་རྩྭའི་ཟོག་འབོར་སྟོན་བཞིན་ཡོད།


   ལས་ཀ་འདིའི་ནང་ཞུགས་ནས་ལོ་བཞི་ཕྱིན་པའི་ཀྲང་མིང་གིས་སྲོལ་རྒྱུན་ཚོང་པས་གསོག་འཇོག་གི་ཐབས་ལམ་ལ་བརྟེན་ནས་ཚོང་རྒྱག་བཞིན་པ་དང་ང་ཚོ་ན་གཞོན་ཚོས་དྲ་རྒྱ་དང་བྱང་ཆ་ལྡན་པའི་ཐད་གཏོང་བརྒྱུད་དེ་བྲིན་ཚོང་བྱེད་བཞིན་ཡོད་ཅེས་བཤད། སྐུ་མགྲོན་ཁ་ཤས་ཀྱིས་ཐོན་ཡུལ་དང་ཆེ་ཆུང་། ཚད་གཞི། ཁ་དོག སྤུས་ཚད་སོགས་འདྲི་རྒྱུར་དགའ་བས་དེ་དག་ཚང་མ་ང་རང་ནས་འཕྱུག་མེད་དུ་བཤད་ཀྱི་ཡོད་ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号