མགོ་ཁྲིད5ལ་བརྟག་དཔྱད་བྱས། 

 
     ཉིན་ཤས་གོང་། ཀྲུང་དབྱང་ཁེ་ལས་ཀྱི་དོ་དམ་མི་སྣ5ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་དང་ད་ལྟ་བརྡ་ཁྱབ་བཏང་བ་གཤམ་གསལ།
     གཅིག ཀྲུང་གོ་རྡོ་སྣུམ་མཉམ་སྤྱོད་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྤྱི་ཁྱབ་ཅིང་ལི་ཀུང་ལི་ཞིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་གོ་རྡོ་སྣུམ་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་ལེའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད།
     གཉིས། ཤར་རླུང་ཀུང་སིའི་དམིགས་བསལ་སྒྲིག་ཆས་བྱ་གཞག་པུའུ་(ཤར་རླུང་བྱེས་བགྲོད་རླངས་འཁོར་ཚད་ཡོད་ཀུང་སི)ཡི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་ཞུང་ཨའེ་གོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཤར་རླུང་ཀུང་སིའི་སྒྲིག་ཨུ་དང་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད།
     གསུམ། མཚོན་ཆ་སྒྲིག་ཆས་ཚོགས་པའི་ཀྲུང་ཀུང་ཞའེ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཅ་ཅིན་ཧྥུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་མཚོན་ཆ་སྒྲིག་ཆས་ཚོགས་པའི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
     བཞི། ཀྲུང་གོ་དབྱི་ཆི་ཧྥུ་ཧྲན་དབྱི་ཆི་རྒྱལ་སྤྱིའི་ཟོག་འགྲེམས་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ཝང་ཞིའུ་དབྱང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་གོ་དབྱི་ཆི་སྒྲིག་ཨུ་དང་ཀོང་ཏུང་ཞིང་ཆེན་ཧྥུ་ཧྲན་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
     ལྔ། ཀུན་སྤྱོད་ལག་རྩལ་ཚོགས་པའི་ཀྲུང་གོའི་ཡང་བའི་བཟོ་ལས་ཀུང་སིའི་ཚོགས་སྐར་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀུའུ་ཝེ་མིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཀུན་སྤྱོད་ལག་རྩལ་ཚོགས་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དང་ཀྲེ་ཅང་ཞིང་ཆེན་ཁའེ་ཧྭ་རྫོང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号