མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་བདུན་བཏང་ནས་རྒན་གསོ་ཞབས་ཞུ་ཇེ་ལེགས་སུ་བཏང་།


ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་བསྒྲགས་པའི་གཞི་གྲངས་ལས་མངོན་པར་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། རང་ཞིང་གིས་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་བདུན་བཏང་ནས། རྒན་གསོ་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་གསར་འཛུགས་དང་སྒྱུར་བཀོད་འཛུགས་སྐྲུན་ལས་གཞི་དགུ་བརྒྱ་དང་སོ་གསུམ་ལག་བསྟར་བྱས་པ་དང་། རིགས་མི་འདྲ་བའི་རྒན་གསོ་ཞབས་ཞུ་ལས་ཁུངས་དང་སྒྲིག་ཆས་སྟོང་གཅིག་དང་བརྒྱད་བརྒྱ་ལྔ་བཅུ་དང་རྒན་གསོ་ཉལ་ཁྲི་ཁྲི་གཉིས་དང་སྟོང་གསུམ་བཞི་བརྒྱ་བདུན་ཅུ་གསར་སྣོན་བྱས་ལ། རྫོང་རིམ་པའི་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣའི་གསོ་སྐྱོང་ཞབས་ཞུའི་སྒྲིག་ཆས་ཡོངས་སུ་ཁེབས་པར་བྱས་ཏེ། ལོ་ལོན་རྒན་པས་སྔར་ལས་ཆེད་ལས་དང་སྔར་ལས་སྤུས་ལེགས་ཀྱི་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས།


རང་ཞིང་གིས་རྒྱུན་མཐུད་ངང་རྒན་གསོ་ཞབས་ཞུ་དེ་ཁ་གསབ་རང་བཞིན་ནས་ཀུན་ཕན་རང་བཞིན་དུ་བསྒྱུར་བ་དང་། ཞབས་ཞུའི་སྤུས་ཚད་རྒྱུན་མ་ཆད་པར་ཇེ་མཐོར་བཏང་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྱིམ་སྡོད་དང་གཞིས་ཁུལ་ལས་ཁུངས་གཉིས་ཀྱི་ཕན་ཚུན་མཐུན་སྦྱོར་བྱས་པ་དང་། སྨན་གསོ་དང་ལུས་གསོ་གཉིས་ཕན་ཚུན་ཟུང་འབྲེལ་བྱས་པའི་རྒན་གསོའི་ཞབས་ཞུའི་མ་ལག་གྲུབ་པར་བྱས། མིག་སྔར་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གསུམ་གྲབས་གསོག་བྱས་ནས་ལོ་དྲུག་ཅུའི་ཡན་གྱི་དཔལ་འབྱོར་ཐད་ནས་དཀའ་ཁག་ཡོད་པའི་ལོ་ལོན་རྒན་པ་དང་ལོ་བརྒྱད་ཅུའི་ཡན་གྱི་དགུང་ལོ་མཐོ་བའི་ལོ་ལོན་རྒན་པར་སྲིད་གཞུང་གིས་རྒན་གསོ་ཞབས་ཞུ་ཉོ་སྒྲུབ་བྱས་པའི་ཐད་ཀྱི་ཁ་གསབ་དངུལ་འདོན་སྤྲོད་བྱས་ཏེ། རྫོང་རིམ་པའི་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ཡོངས་སུ་ཁེབས་པར་བྱས། དགུང་ལོ་མཐོ་བའི་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། བསྡོམས་པས་ལོ་བདུན་ཅུའི་ཡན་གྱི་ལོ་ལོན་རྒན་པར་ཁ་གསབ་དངུལ་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་བྱིན། རྒྱུན་སྡོད་ལོ་ལོན་ལ་ཐོལ་བྱུང་གནོད་འཚེའི་ཉེན་སྲུང་ཁ་གསབ་བྱིན་པ་དང་། བསྡོམས་པས་ཉེན་ཚབ་འགན་སྲུང་ལ་ཞུགས་པའི་མི་གྲངས་ས་ཡ་གཉིས་ལས་བརྒལ་ནས། ལོ་ལོན་རྒན་པའི་བསམ་ཡུལ་འདས་པའི་གནོད་འཚེའི་ཉེན་ཁ་མེད་པར་བཟོས།


དེ་དང་མཉམ་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་ཁུལ་བཞི་རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་གཞིས་ཁུལ་གྱི་རྒན་གསོ་བཅོས་བསྒྱུར་ཚོད་ལྟའི་ཁྲོད་བཞག་ནས། རོགས་དྲུག་གཙོ་གཞི་རུ་བྱས་པའི་ཁྱིམ་སྡོད་གཞིས་ཁུལ་རྒན་གསོའི་ཞབས་ཞུའི་ཚོམས་གྲུབ་པར་བྱས་པ་དང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་ལ་རྒྱལ་ཡོངས་ཕུལ་བྱུང་གི་མཚན་མིང་ཐོབ་ལ། རིམ་པ་ལྔ་བའི་བཟའ་བཏུང་གཡོས་སྦྱོར་བྱེད་རོགས་བྱེད་པ་དང་བཟའ་བཏུང་སྐྱེལ་བ། བཟའ་བཏུང་བཀོད་སྒྲིག་བྱེད་པའི་མ་ལག་འཛུགས་པའི་ཉམས་མྱོང་དང་བྱེད་ཐབས་དེ་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་། ཟི་ལིང་དང་མཚོ་བྱང་གཉིས་རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་གཞིས་ཁུལ་གྱི་གཞི་རྩའི་རྒན་གསོ་ཞབས་ཞུ་མཐོར་འདེགས་གཏོང་བའི་ལས་གཞི་ས་ཁུལ་ཁྲོད་བཞག་པ་དང་། ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་འཛུགས་སྐྲུན་བྱེད་རྒྱུ་ཚོད་ལྟ་རུ་བྱས་ཏེ། རྒན་གསོ་ལས་ཁུངས་ཀྱི་ཆེད་ལས་གཉོར་སྐྱོང་ཞབས་ཞུ་ལོ་ལོན་རྒན་པའི་ཁྱིམ་དུ་བཀོལ་སྤྱོད་བྱས་ནས། གཞི་སྡོད་གཞིས་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་།


རང་ཞིང་གིས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་འགའ་དང་མཚོ་སྔོན་ཞིང་ཆེན་གྱིས་རྒན་གསོ་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་སོགས་ཡིག་ཆ་གཏན་འབེབས་དང་པར་སྐྲུན་འགྲེམ་སྤེལ་བྱས་ནས། བསྟུད་མར་ལོ་ལྔར་རྒན་གསོ་ལས་ཁུངས་ཀྱི་སྤུས་ཚད་འཛུགས་སྐྲུན་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ། རྒན་གསོ་ལས་ཁུངས་ཀྱི་སྒྲིག་ཆས་ཐད་ཀྱི་སྐར་རིམ་དཔྱད་འཇོག་བྱ་བ་བཟང་བོར་བསྒྲུབས་པ་དང་། སྐར་རིམ་ལས་ཁུངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། སྤུས་ཚད་ཀྱི་ཚད་གཞི་དང་ཞབས་ཞུའི་རིམ་པ་བཟང་བོར་བགོས། རྒན་གསོ་ཞབས་ཞུའི་ཁྱབ་ཁོངས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་ཤུགས་ཆེར་བཏང་སྟེ། བསྡོམས་པས་རྒན་གསོ་ཞབས་ཞུའི་ཐད་ཀྱི་ལས་ཞུགས་མི་སྣ་སྟོང་དགུ་ལ་གསོ་སྦྱོང་བཐཡས་པ་དང་། བསྟུད་མར་ལོ་བཞི་ལ་རྒན་གསོ་ནད་གཡོག་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་བསྡུས་ནས། ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་། རྒྱུན་མཐུད་ངང་རྒན་གསོ་ལས་ཁུངས་ཀྱི་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་ལྟ་སྐུལ་བྱ་བ་སྤེལ་ནས། ལས་ཁུངས་ཀྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号