མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་དགོངས་པའི་གཞི་རྩ་སྲ་བརྟན་དུ་བཏང་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་བཀོད།


ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཉིན་རེའི་ཚགས་པརསྟེང་དཔྱད་བརྗོད་པའི་རྩོམ་ཡིག་སྟེ་ཁ་བྱང་ལ་སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་དགོངས་པའི་གཞི་རྩ་སྲ་བརྟན་དུ་བཏང་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་པ་བཀོད། རྩོམ་ཡིག་ནང་བཀོད་དོན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། སློབ་གསོས་ཏང་ཡོན་ལ་སྣེ་ཁྲིད་བྱེད་དགོས་ལ། ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་རྒྱས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ལ་ཤུགས་བསྐྱེད་ནས་ཕན་འབྲས་ཐོབ་པར་བྱེད་དགོས་ཞེས་བསྟན་ཡོད།

དུས་རབས་གསར་བ་དང་སྐྱོད་ལམ་གསར་བར་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་དཀའ་ཚེགས་ཆེ་བའི་ཁུར་དུ་ལྕི་བའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན། ངེས་གཏན་མིན་ཞིང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཀྱི་མདུན་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་ན། ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་སྐུལ་སློང་བྱས་ཏེ་ཏང་གི་དཀྱིལ་སྙིང་ལས་འགན་ཡོངས་འགྲུབ་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་སྒྲིལ་བློ་བསྐྱེད་བྱས་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྔར་ལས་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས།

སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་སྐབས། ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཕུགས་འདུན་འདུ་ཤེས་ནི་ཏང་འཛུགས་ཏང་དར་གྱི་རྨང་གཞི་ཡིན་པ་དང་། ཏང་ཡོན་ལས་བྱེད་པའི་སྲོག་རྩ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེན་དོན་ལ་ངོས་འཛིན་བྱེད་པ་དང་བདེན་དོན་ཁོང་དུ་ཆུད་པར་བྱེད་པ། བདེན་དོན་ལ་ཡིད་ཆེས་བྱེད་པ། བདེན་དོན་ལ་སྲུང་སྐྱོབ་བྱེད་པ་ནི་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་བསམ་བློའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་ནན་གྱིས་བསྟན་ཡོད།  ཆབ་སྲིད་ཕྱོགས་ཀྱི་རིག་པ་གསལ་བོ་ནི་རིགས་པའི་གཞུང་ལུགས་ཕྱོགས་ཀྱི་རིག་པ་གསལ་བོ་ལས་བྱུང་བ་དང་།  ཆབ་སྲིད་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་ནི་བསམ་བློ་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་ལས་བྱུང་བ་ཡིན་པར་ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པའི་ཐད་ལ་ཤུགས་བསྐྱེད་ནས་ཕན་འབྲས་ཐོབ་པར་བྱེད་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་བསམ་བློའི་ཡུལ་ཁམས་མཐོར་འདེགས་སུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པའི་བླང་བྱ་རབ་དང་རིམ་པ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་བའི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་ལ་དད་མོས་བྱེད་མཁན་དང་དེ་ལག་ལེན་མཁན་ངོ་མ་བྱེད་པར་ཁྲིད་སྟོན་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་རིན་ཐང་རེ་སྙེག་དང་མདུན་སྐྱོད་ཁ་ཕྱོགས་ལ་ཆབ་སྲིད་ཐད་ནས་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད། འཛམ་གླིང་ལྟ་བ་དང་མི་ཚེ་ལྟ་བ། རིན་ཐང་ལྟ་བའི་སྤྱིའི་འགག་སྒོ་ཁོང་དུ་ཆུད་པར་བྱེད་པ་དང་། ཉམས་སད་སྣ་ཚོགས་ཐེག་པར་བྱེད་པ། འགྱུར་ལྡོག་མང་པོའི་གནས་བབ་ཁྲོད་དུ་བརྟན་འཇགས་སྒོས་མདུན་དུ་བསྐྱོད་དགོས།

སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་སྐབས། མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་དགོས། མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རྩའི་ཆབ་སྲིད་ལངས་ཕྱོགས་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་སྲིད་ཏང་གཞན་དག་ལས་ཁྱད་པར་འབྱེད་བྱེད་མངོན་གསལ་ལྡན་པ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་གང་འདྲ་ཞིག་ལ་བརྟེན་དགོས་པའི་གནད་དོན་ནི་སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་ཞིབ་བཤེར་ཚད་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་ནན་གྱིས་བསྟན་ཡོད། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དེས་ང་ཚོའི་ཏང་གི་དམིགས་འབེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་བསལ་ཁྱད་ཆོས་གཅིག་བསྡུས་སྒོས་མཚོན་པར་བྱས་ཡོད། མི་དམངས་ལ་སྣེ་ཁྲིད་དེ་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་པ་ནི་ང་ཚོའི་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་འབད་འཐབ་བྱེད་པའི་དམིགས་འབེན་ཡིན། སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པའི་ཐད་ལ་ཤུགས་བསྐྱེད་དེ་ཕན་འབྲས་ཐོབ་པར་བྱེད་དགོས་ན། ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་དམིགས་འབེན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་ནས། མི་དམངས་མང་ཚོགས་ཡིད་ཚིམས་ཚད་དེ་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་དཔྱད་བསྡུར་བྱེད་པའི་གཞི་རྩའི་ཚད་གཞི་རུ་བརྩི་བ་དང་། མི་དམངས་མང་ཚོགས་ཀྱིས་ཧ་ཅང་སེམས་ཁུར་བྱེད་པ་དང་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ལ། དམངས་ཚིས་ལ་འབྲེལ་བ་ཡོད་པའི་དོན་དག་བཟང་བོར་སྒྲུབ་པ་དང་དམངས་ལ་ཕན་པའི་དོན་དག་ཞིབ་མོར་སྒྲུབ་པ། མི་དམངས་ཀྱི་འདོད་བློ་དང་འཚམ་པའི་དོན་དག་དམ་འཛིན་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཁེ་ཕན་བསྐྲུན་དགོས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འགོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ཕུགས་འདུན་དང་ཡིད་ཆེས་བརྟན་པོ་ཡོད་པའི་ཏང་ཞིག་དང་། ཐོག་མཐའ་བར་གསུམ་དུ་བློ་དཀར་སེམས་དཀར་དང་ལྷག་བསམ་རྣམ་དག་ཡིན་པའི་ཏང་ཞིག ཐོག་མཐའ་བར་གསུམ་དུ་དམིགས་འབེན་ཡིད་ལ་དམ་པོར་བཅངས་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན། དུས་རབས་གསར་བ་དང་སྐྱོད་ལམ་གསར་བར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་སེམས་སྒྲིལ་བློ་སྐྱེད་བྱེད་དགོས། ང་ཚོས་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ལ་བློ་དཀར་བ་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་དགོས་ལ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་ངེས་པར་དུ་གསུམ་ཡིད་ལ་དམ་པོར་བཅངས་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་གསར་བ་འཇོག་པ་དང་གྲུབ་འབྲས་གསར་བ་བསྐྲུན་དགོས།                                                  


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号