ཞིང་ཆེན་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ལས་དོན་དང་རིགས་པའི་གཞུང་ལུགས་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས།

ཟླ2པའི་ཚེས13ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ལས་དོན་དང་རིགས་པའི་གཞུང་ལུགས་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་སྣེ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་རིགས་པའི་གཞུང་ལུགས་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་པ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་ལག་ལེན་ཞིབ་འཇུག་ལ་ཕན་འབྲས་ངེས་ཅན་བླངས་པར་མ་ཟད། རིག་གཞུང་གསར་གཏོད་ནུས་པ་མངོན་གསལ་སྒོས་ཆེ་རུ་བཏང་བ་ལས་གཞན། རིགས་པའི་གཞུང་ལུགས་ལས་དོན་གྱི་སྟེགས་བུ་རྒྱ་སྐྱེད་བཏང་ཡོད། དེ་མིན་ད་དུང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་རིགས་པའི་གཞུང་ལུགས་ལས་དོན་ལ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་སྤྱི་ཡོངས་རང་བཞིན་གྱི་སྒོ་ནས་མཐོར་འདེགས་ཕྱིན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གནས་བབ་དང་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། དུས་རབས་གསར་པའི་རིགས་པའི་གཞུང་ལུགས་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་མངོན་སུམ་གྱིས་ཆེ་རུ་གཏོང་བ། ཀྲུང་དབྱང་གི་དགོངས་དོན་གཞི་གཅིག་ཅན་གྱི་སྒོ་ནས་ལག་བསྟར་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་དང་རང་འགུལ་ངང་རྒྱལ་ཡོངས་ཀྱི་རིགས་པའི་གཞུང་ལུགས་ལས་དོན་གྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བ། བསམ་ཕྱོགས་གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་ཐབས་ལམ་ཁོ་ནར་བརྟེན་པའི་རྣམ་པ་གཏོར་རྒྱུ་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྔར་ལས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བཅས་ཟབ་སྤེལ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་འཇུག་དང་འགྲེལ་བཤད་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། སློབ་སྦྱོང་དང་སློབ་གསོའི་ཐད་ཕན་འབྲས་ཅན་དུ་བསྒྱུར་ཚད་མངོན་གསལ་དུ་གཏོང་བ། དྲིལ་སྒྲོག་ཁྱབ་སྤེལ་གྱི་འགུག་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཟབ་སྤེལ་གཏོང་བ། རིགས་པའི་གཞུང་ལུགས་ཀྱི་ལས་དོན་སྟེགས་བུ་དང་ཆེད་ལས་ཅན་གྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཉམ་འཛིན་དང་ཐུན་མོང་དོ་དམ་གྱི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་པའི་ཁྲོད་མཚོ་སྔོན་གྱི་བྱས་རྗེས་མངོན་གང་ཐུབ་བྱེད་དགོས།

ཐེངས་འདིའི་ཚོགས་འདུ་བརྙན་ལམ་ནས་འཚོགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་སློབ་གསོ་ཐིན། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号