ཧྲི་ཐའེ་ཧྥུན་གྱིས་པེ་ཅིན་དུ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་།
ཟླ2པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་པེ་ཅིང་དུ། པཎ་ཆེན་ཨེར་ཏི་ནི·ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་།
ཧྲི་ཐའེ་ཧྥུན་གྱིས་པཎ་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣར་ལུགས་རྙིང་ལོ་གསར་དང་བོད་ཀྱི་ལོ་གསར་གྱི་རྟེན་འབྲེལ་ཞུས་ནས། པཎ་ཆེན་གྱིས་འདས་ཟིན་པའི་ལོ་གཅིག་གི་རིང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས། ཧྲི་ཐའེ་ཧྥུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ནན་ཏན་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་དང་རིག་གནས་ཀྱི་ཆུ་ཚད། ནང་བསྟན་གྱི་ཡོན་ཚད་བཅས་སྔར་ལས་ཇེ་མཐོར་བཏང་སྟེ། ཆབ་སྲིད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། རང་རྟོགས་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པའི་རེ་བ་བཏོན།
པཎ་ཆེན་གྱིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་སྲུང་སྐྱོབ་བརྟན་པོ་དང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་བྱེད་པའི་རྒྱལ་གཅེས་པ་རྣལ་མ་ཞིག་བྱ་རྒྱུ་ཡིན་ཞེས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注