ལིས་ཆང་གིས་ཐེ་གོའི་ཙུང་ལི་ཕེ་ཐུང་ཐན་དང་གྲོས་མོལ་གནང་།

ཟླ2ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐེ་གོའི་ཙུང་ལི་ཕེ་ཐུང་ཐན་དང་གྲོས་མོལ་གནང་།

ཟླ2ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐེ་གོའི་ཙུང་ལི་ཕེ་ཐུང་ཐན་དང་གྲོས་མོལ་གནང་།

ལིས་ཆང་གིས་ད་ལོ་ནི་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་དང་ཀྲུང་གོ་དང་ཐེ་གོའི་མཛའ་འབྲེལ་གྱི་ལོ་ངོ་ལྔ་བཅུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་དྲོར་ཙུང་ལི་དང་གྲོས་མོལ་གནང་སྟེ། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་འཆར་འགོད་གསར་པ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐེ་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་གོ་གནས་དང་པོར་འཇོག་པ་དང་། ཐེ་གོ་ཕྱོགས་དང་མཉམ་དུ་མུ་མཐུད་འབད་འབུངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་ལྟར། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཡིད་རྟོན་ས་བརྟན་དང་ཤུགས་དྲག་ཏུ་གཏོང་བ། ཀྲུང་གོ་དང་ཐེ་གོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ལིས་ཆང་གིས་ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་ཡག་པོར་བསྒྲུབ་སྟེ། ཀྲུང་གོ་དང་ཐེ་གོའི་མཛའ་འབྲེལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་བའི་མཉམ་བསྐྲུན་དང་ཐེ་གོའི་འཕེལ་རྒྱས་འཐབ་ཇུས་ལ་ཤུགས་སྣོན་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཐེ་གོའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཐད་ཀྱི་ཐུན་མོང་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་པོ་བྱེད་པ། རྒྱུན་མཐུད་སྒོས་ཉོ་འཚོང་དངུལ་གཏོང་དང་། མཉམ་འབྲེལ་མཉམ་འགུལ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ། རིག་གནས་ཡུལ་སྐོར་དང་ན་གཞོན། འཕྲོད་བསྟེན། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཀྱི་ཐེ་གོ་རུ་དངུལ་གཏོང་བྱེད་པར་སྐུལ་མ་གཏོང་ངེས་ཡིན་ལ། ནུས་ཁུངས་གསར་པའི་རླངས་འཁོར་དང་མི་ཐབས་རིག་ནུས། གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ཏེ་རང་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཐད་སྔར་ལས་མང་བའི་ནུས་པ་སྩོལ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཐད་ཤུགས་བསྣན་ཏེ་རྒྱལ་ཁོངས་བརྒལ་བའི་ཉེས་བསགས་བྱ་བར་རྡུང་རྡེག་གཏོང་དགོས། མིག་སྔར་གྱི་རྒྱལ་སྤྱིའི་གནས་བབ་ཀྱིས་ད་ལྟ་འགྱུར་ལྡོག་གཏིང་ཟབ་མྱངས་བཞིན་ཡོད་ལ། ངེས་གཏན་མིན་པ་དང་བརྟན་འཇགས་མིན་པའི་རྒྱུ་རྐྱེན་གང་མང་ལ་ཁ་གཏད་འཇལ་གྱིན་ཡོད་པས། ཀྲུང་གོ་དང་ཐེ་གོས་མཐུན་སྒྲིལ་མཉམ་ལས་སྔར་ལས་དམ་ཟབ་ཏུ་གཏོང་དགོས་ཤིང་། ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་རྒྱལ་ཁབ་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་དང་ཨེ་ཤ་ཡའི་མཉམ་ལས་ཀྱི་གྲོས་མོལ་ཀྲུའུ་ཞིའི་རྒྱལ་ཁབ་ལེགས་པོ་ཞིག་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། ཐེ་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སྒྲོམ་གཞིའི་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།

ཕེ་ཐུང་ཐན་གྱིས་བསྟན་དོན། ཐེ་གོ་དང་ཀྲུང་གོའི་མཛའ་བརྩེ་ཆུ་བོ་བཞིན་རྒྱུན་རིང་ཞིང་། རྒྱལ་ཁབ་གཉིས་ཕན་ཚུན་བློས་ཐུབ་ཀྱི་གྲོགས་པོར་གྱུར་ཡོད། ཐེ་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ད་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བའི་གོ་སྐབས་ལ་རེ་བས་ཁེངས་ཡོད་ཅིང་། རིམ་པ་སོ་སོའི་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཕན་ཚུན་མཉམ་འབྲེལ་མཉམ་འགུལ་དང་ཉོ་ཚོང་། ཞིང་ལས། དངུལ་རྩ། ལྗང་མདོག་དཔལ་འབྱོར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་དང་མི་ཆོས་བརྗེ་རེས་ལ་ཤུགས་བསྣན་ནས་ཐེ་གོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། དྲ་ལམ་རྒྱན་འཇོག་དང་གློག་རྡུལ་མགོ་སྐོར་སོགས་མངའ་ཁོངས་བརྒལ་བའི་ནག་ཉེས་ལ་མཐའ་གཅིག་ཏུ་རྡུང་རྡེག་ནན་མོ་བཏང་སྟེ། ཀྲུང་གོའི་ཡུལ་སྐོར་བའི་བློ་སེམས་བདེ་རུ་འཇོག་དགོས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་ནི་རང་ས་གནས་ཞི་བདེ་བརྟན་འཇགས་ཀྱི་གཞི་རྩ་ཡིན་པས། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ཏེ། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཕྱོགས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་བསྣན་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོང་བྱས་ཏེ་འཕེལ་རྒྱས་དར་རྒྱས་གཏོང་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་གཞི་གྲངས་དཔལ་འབྱོར་དང་། མིའི་ཐབས་རིག་ནུས། མཚོ་འགག་ཞིབ་བཤེར་རིམས་བཤེར། ལྗང་མདོག་འཕེལ་རྒྱས་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་པར་མཉམ་དུ་བདེན་དཔང་གནང་།

གྲོས་མོལ་སྔོན་དུ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཕེ་ཐུང་ཐན་ལ་དགའ་བསུ་ཞུ་བའི་བྱེད་སྒོ་སྤེལ།

ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号